ལིའུ་ཅི་པིའོ།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-07-27 17:08ལ་འགྲུབ།

ལིའུ་ཅི་པིའོ།

ལིའུ་ཅི་པིའོ།
ཁོང་ནི་སྤྱི་ལོ1963ལོའི་ཟླ4པར་ཧོ་ནན་དབྱི་ཁྲོན་ནས་སྐྱེས་ཤིང་། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། རྩོམ་རིག་ཤེས་རམས་པ་དང་རབ་འབྱམས་པའི་བསླབ་གནས་ལྡན། སྤྱིལོ1984ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1985ལོའི་ཟླ7པར་བྱ་བར་ཞུགས། ད་ལྟ་ཧོ་ནན་ཞིང་ཆེན་ཀྲོའུ་ཁོའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刘继标
སྐྱེས་ཡུལ།
ཧོ་ནན་དབྱི་ཁྲོན།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ4པ།
མི་རིགས།
རྒྱ་རིགས།
དད་མོས།
གུང་ཁྲན་རིང་ལུགས།
1 ​ངོ་སྤྲོད།

ཁོང་ནི་སྤྱི་ལོ1963ལོའི་ཟླ4པར་ཧོ་ནན་དབྱི་ཁྲོན་ནས་སྐྱེས་ཤིང་། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། རྩོམ་རིག་ཤེས་རམས་པ་དང་རབ་འབྱམས་པའི་བསླབ་གནས་ལྡན། སྤྱིལོ1984ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1985ལོའི་ཟླ7པར་བྱ་བར་ཞུགས། 

ད་ལྟ་ཧོ་ནན་ཞིང་ཆེན་ཀྲོའུ་ཁོའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1981ལོའི་ཟླ9པ་ནས་སྤྱི་ལོ1985ལོའི་ཟླ7པའི་བར་ཀྲེང་ཀྲོའུ་སློབ་ཆེན་རྒྱ་ཡིག་ཚན་ཁག་ཏུ་སློབ་སྦྱོང་བྱས།

སྤྱི་ལོ1985ལོའི་ཟླ7པ་ནས་སྤྱི་ལོ1995ལོའི་ཟླ8པའི་བར་སྔ་རྗེས་སུ་ཀྲེང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཁང་དང་། ཀྲེང་ཀྲོའུ་གྲོང་ཁྱེར་ཀྲུང་ཡོན་ཆུས་ལིན་ཀྲའེ་དོན་གཅོད་ཁང་། ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིང་བཅས་སུ་བྱ་གཞག་མཛད།

སྤྱི་ལོ1995ལོའི་ཟླ8པ་ནས་སྤྱི་ལོ1998ལོའི་ཟླ9པའི་བར་ཀྲུང་གུང་ཕུའུ་དབྱང་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1998ལོའི་ཟླ9པ་ནས་སྤྱི་ལོ2000ལོའི་ཟླ5པའི་བར་ཧུ་པི་གྲོང་ཁྱེར་འགྲིམ་འགྲུལ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2000ལོའི་ཟླ5པ་ནས་སྤྱི་ལོ2001ལོའི་ཟླ3པའི་བར་ཧུ་པི་གྲོང་ཁྱེར་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ3པ་ནས་སྤྱི་ལོ2004ལོའི་ཟླ8པའི་བར་སན་མོན་ཞ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2004ལོའི་ཟླ8པ་ནས་སྤྱི་ལོ2008ལོའི་ཟླ9པའི་བར་ཀྲུང་གུང་མ་ཏེན་གྲོང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2008ལོའི་ཟླ9པ་ནས་སྤྱི་ལོ2011ལོའི་ཟླ9པའི་བར་ཀྲུང་གུང་ཀྲོའུ་ཁོའུ་གྲོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2011ལོའི་ཟླ9པ་ནས་སྤྱི་ལོ2013ལོའི་ཟླ5པའི་བར་ཀྲུང་གུང་ཀྲོའུ་ཁོའུ་གྲོང་ཨུའི་རྒྱུན་ཨུ་དང་། གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཧྲི་ཀྲང་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2013ལོའི་ཟླ5པ་ནས་སྤྱི་ལོ2013ལོའི་ཟླ8པའི་བར་ཀྲུང་གུང་ཀྲོའུ་ཁོའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྲིད་གཞུང་གི་ལས་ཚབ་ཧྲི་ཀྲང་། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2013ལོའི་ཟླ8པ་ནས་སྤྱི་ལོ2017ལོའི་ཟླ1པོའི་བར་ཀྲུང་གུང་ཀྲོའུ་ཁོའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ1པོ་ནས་སྤྱི་ལོ2017ལོའི་ཟླ6པའི་བར་ཀྲུང་གུང་ཀྲོའུ་ཁོའུ་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ6པ་ནས་ཀྲུང་གུང་ཀྲོའུ་ཁོའུ་གྲོང་ཨུའི་ཧྲུའུ་ཅི་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

3 གོ་གནས་བསྐོ་འཐེན།

སྤྱི་ལོ2017ལོའི་ཟླ6པའིཚེས24ཉིན། ཀྲོའུ་ཁོའུ་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་སྐབས་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཚོགས་ཆེན་ཐེངས་གསུམ་པའི་སྟེང་བློ་མཐུན་ལིའུ་ཅི་པིའོ་ནི་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་སྐབས་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་ཐོན་བྱུང་།

དཔྱད་གཞིའི་ཡིག་ཆ།