ལོ་རྒྱུས་ཐོག་ཐ་ཁྲེང་ས་ཁུལ་ནི་ཀྲུང་གོ་ནས་ཨེ་ཤེ་ཡ་དབུས་མར་སྐྱོད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ཞིང་། ཐ་ཁྲེང་ས་ཁུལ་གྱི་ནུབ་ཀྱི་འགག་སྒོ་བཞི་དང་། བྱང་ཕྱོགས་ཀྱི་འགག་སྒོ་གསུམ་གྱི་གཞུང་ལམ་དང་། ལྕགས་ལམ། ཀྲུང་ཧ་ཡི་རླངས་འདྲེན་སྣུམ་འདྲེན་མདོང་ལམ། ཧྥེང་ཧོང—ཝུའུ་སུའུ—དབྱི་ལིའི་བར་གྱི་སྐྱེལ་འདྲེན་ལམ་ཐིག750ས་མཚམས་ཡོངས་སུ་འཕྲེད་དུ་བརྒལ་ཡོད། ཁྲུང་ཆིང་དང་། ཞིན་ཅང་། ཡོ་རོབ་སོགས་རྒྱལ་མཚམས་སྒྲོལ་བའི་ལྕགས་ལམ་དང་རྒྱལ་སྤྱིའི་མཉམ་འབྲེལ་སྐྱེལ་འདྲེན་ངེས་པར་དུ་ཝུའུ་སུའུ་གྲོང་ཁྱེར་དང་ཧྲ་ཝན་རྫོང་བརྒྱུད་དགོས། ཁུའེ་པེ་ལྕགས་ལམ་དང་པུའུ་ཁེ་སེར་རྫོང་། ཝུའུ་ལུའུ་མུའུ་ཆི་ནས་ཐ་ཁྲེང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་ཤར་གཏོང་ཐུབ་ཡོད། དམངས་སྤྱོད་མཁའ་འགྲུལ་ཐ་ཁྲེང་གནམ་གྲུ་ཐང་དུ་ཉིན་ལྟར་ཝུའུ་ལུའུ་མུའུ་ཆི་རུ་འཕུར་བའི་གནམ་གྲུ་ཐེངས་གསུམ་ཡོད་པ་དང་ཞིན་ཅང་ནང་ཁུལ་ནས་ཨ་ལེ་ཐའེ་དང་དབྱི་ལི་བར་སྐོར་ལམ་གྱི་གནམ་གྲུ་ཤར་གཏོང་ཐུབ་ཡོད།
སྤྱི་ལོ2017ལོར། ཐ་ཁྲེང་ས་ཁུལ་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར620.25ཟིན་པ་དེ་ལོ་གོང་མ་ལས7.4%འཕར་ཡོད། ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར483.72ཟིན་ནས་ལོ་སྔོན་མ་ལས7.7%འཕར་ཡོད། ས་གནས་ཀྱི་ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར155.29ཟིན་ནས་ལོ་སྔོན་མ་ལས5.7%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར149.77ཟིན་ནས་ལོ་སྔོན་མ་ལས7.8%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར178.66ཟིན་ནས་ལོ་སྔོན་མ་ལས9.4%འཕར་ཡོད།
མིན་གོའི་དུས་འགོར(སྤྱི་ལོ1912ལོ)ཐ་ཁྲེང་གྲོང་ཁྱེར་གྱི་ས་ཁོངས་དབྱེ་འབྱེད་ཐད་ཆིང་རྒྱལ་རབས་ཀྱི་ལམ་ལུགས་རྒྱུན་འཛིན་བྱས།
མིན་གོ་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ)ཐ་ཨར་པ་ཧ་ཐའེ་ཧྥུ་མིན་ཐད་གཏོགས་ཐིང་དེ་ཐ་ཁྲེང་རྫོང་དུ་བསྒྱུར། ཐིང་གི་ཐད་གཏོགས་ས་ཁོངས་ཡིན། ཁུའུ་ཨར་ཁ་ལ་ཝུའུ་སུའུ་ཧྥི་མིན་ཐད་གཏོགས་ཐིང་དེ་ཝུའུ་སུའུ་རྫོང་དུ་བསྒྱུར། ཐིང་གི་ཐད་གཏོགས་ས་ཁོངས་ཡིན།
མིན་གོ་སྲིད་ལོ་ལྔ་པར(སྤྱི་ལོ1916ལོ)ཐ་ཨར་པ་ཧ་ཐའེ་ཙན་ཏ་ཁྲེང་ཕྱིར་འཐེན་བྱས་ནས་ཐ་ཁྲེང་ཏའོ་བཙུགས་ཤིང་། དེའི་ཁོངས་སུ་ཐ་ཁྲེང་དང་། ཝུའུ་སུའུ། ཧྲ་ཝན་བཅས་རྫོང་གསུམ་ཡོད། སྤྱི་ལོ1929ལོར་ཐ་ཁྲེང་ཏའོ་དེ་ཐ་ཁྲེང་སྲིད་འཛིན་ཁུལ་དུ་བསྒྱུར།
མིན་གོ་སྲིད་ལོ་བཅོ་བརྒྱད་པར(སྤྱི་ལོ1929ལོ)ཐ་ཁྲེང་ཏའོ་དེ་ཐ་ཁྲེང་སྲིད་འཛིན་ཁུལ་དུ་བསྒྱུར་བ་དང་དེའི་མངའ་འོག་ཏུ་ཐ་ཁྲེང་དང་། ཨོ་མེ། ཝུའུ་སུའུ། ཧྲ་ཝན་བཅས་རྫོང4དང་ཧོ་ཧྲི་ལུའོ་ཀེ་རྫོང་བཅས་ཡོད།
མིན་གོ་སྲིད་ལོ་ཉེར་གསུམ་པར(སྤྱི་ལོ1939ལོ)རྒྱལ་དམངས་སྲིད་གཞུང་གིས་རྒྱལ་ཡོངས་སུ་རྫོང་དང་ཆུས། པའོ་ཅ(རྫོང་འོག་ཏུ་ཆུས་བཙུགས་ཡོད་པ་དང་། ཆུས་ཀྱི་འོག་ཏུ་པའོ་དང་ཅ་བཙུགས་ཡོད)གཙོ་བོར་བྱས་པའི“རྫོང་གི་ལམ་ལུགས་གསར་པ”ཁྱབ་སྤེལ་བྱས།
མིན་གོ་སྲིད་ལོ་སུམ་ཅུ་པ་ནས་སོ་གསུམ་པའི་བར(སྤྱི་ལོ1941ལོ་ནས་སྤྱི་ལོ1944ལོའི་བར)ཡུས་མིན་རྫོང་དང་ཧོ་ཧྥེང་རྫོང་སྔ་རྗེས་སུ་བཙུགས།
མིན་གོ་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོ)“ཆུས་གསུམ”གྱི་གསར་བརྗེའི་གནས་སྐབས་སྲིད་གཞུང་གིས་ཐ་ཁྲེང་སྲིད་འཛིན་ཁུལ་གྱི་མངའ་ཁོངས་སུ་ཐ་ཁྲེང་ཀྲོན་ཆུས་བཙུགས། དེའི་ཁོངས་སུ་ཐ་ཁྲེང་དང་། ཨོ་མེ། ཡུས་མིན། ཧོ་ཧྥེང་། ཝུའུ་སུའུ། ཧྲ་ཝན་བཅས་རྫོང6ཡོད། རྫོང་རིམ་པའི་འོག་ཏུ་སྔར་བཞིན་དུད་ཁྱིམ་སྟོང་དཔོན་དང་བརྒྱ་དཔོན་གྱི་ལམ་ལུགས་རྙིང་པ་སྤྱོད་བཞིན་ཡོད། ཟླ8པར། “ཆུས་གསུམ་གསར་བརྗེའི”གནས་སྐབས་སྲིད་གཞུང་གི་ཐ་ཁྲེང་ཀྲོན་ཡོན་ཀུང་ཧྲུའུ་བཙུགས།
སྤྱི་ལོ1950ལོའི་ཟླ8པར། ཀྲུང་གུང་ཐ་ཁྲེང་ས་ཁུལ་ཏང་ཨུ་བཙུགས། དེ་རྗེས་རྫོང་ཁག་གི་ཀྲུང་གུང་རྫོང་ཏང་ཨུ་སྔ་རྗེས་སུ་བཙུགས། དེ་ནས་བཟུང་ཐ་ཁྲེང་ཀྲོན་ཆུས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ཐ་ཁྲེང་གསར་པ་སྐྲུན་འགོ་ཚུགས།
སྤྱི་ལོ1950ལོའི་ཟླ1པོར། ཐ་ཁྲེང་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་ཤིང་། དེའི་ཁོངས་སུ་ཐ་ཁྲེང་དང་། ཨོ་མེ། ཡུས་མིན། ཝུའུ་སུའུ། ཧྲ་ཝན། ཧོ་ཧྥེང་བཅས་རྫོང6ཡོད། ལོ་དེའི་ཟླ6པར། རྫོང6ཚང་མར་རྫོང་མི་དམངས་སྲིད་གཞུང་བཙུགས།
སྤྱི་ལོ1976ལོར་ཧྲི་ཧོ་ཙི་གྲོང་ཁྱེར་བཙུགས་པ་དང་ཧྲ་ཝན་རྫོང་ནས་སྤྱི་ལེ་གྲུ་བཞི་མ460དེའི་མངའ་ཁོངས་སུ་བགོས། རྒྱལ་ཁབ་ཀྱི་གཞི་ཁྱོན་ཆེ་བའི་འཛུགས་སྐྲུན་གསར་སྤེལ་ཁྲོད་ཐ་ཁྲེང་ས་ཁུལ་ཁོངས་གཏོགས་ཀྱི་ཁེ་ལ་མ་དབྱི་དང་། ཏུའུ་ཧྲན་ཙི། ཧྲི་ཧོ་ཙི། ཁུའེ་ཐུན་སོགས་གྲོང་ཁུལ་སྲིད་འཛིན་མངའ་ཁོངས་ནས་སྔ་རྗེས་སུ་དབྱེ་ཡོད།
སྤྱི་ལོ1984ལོའི་ཟླ9པར།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཀྱིས་དབྱི་ལི་ས་ཁུལ་སླར་གསོ་བྱས་ནས་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་གནང་བའི་མཆན་བཀོད་བཀའ་ལན》ལྟར། དབྱི་ལི་ཧ་སག་རང་སྐྱོང་ཁུལ་གྱིས་ཐ་ཁྲེང་ས་ཁུལ་ལ་བདག་སྐྱོང་བྱས།
ཐ་ཁྲེང་ས་ཁུལ་དུ་རྫོང་རིམ་པའི་སྲིད་འཛིན་ཁུལ7ཡོད། དེའི་ནང་དུ་རྫོང་རིམ་པའི་གྲོང་ཁྱེར2དང་། རྫོང4རང་སྐྱོང་རྫོང1བཅས་ཚུད་ཡོད་པ་དེ་དག་ནི་ཐ་ཁྲེང་གྲོང་ཁྱེར་དང་། ཝུའུ་སུའུ་གྲོང་ཁྱེར། ཨེ་མེ་རྫོང་། ཡུས་མིན་རྫོང་། ཐུའོ་ལི་རྫོང་། ཧྲ་ཝན་རྫོང་། ཧོ་པུ་ཁེ་སེར་སོག་རིགས་རང་སྐྱོང་རྫོང་བཅས་ཡིན། ཐ་ཁྲེང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཐ་ཁྲེང་གྲོང་ཁྱེར་ཤིན་ཧྭ་ལམ་གྱི་ཨང267པར་བཅའ་སྡོད་བྱས་ཡོད།
ཐ་ཁྲེང་ས་ཁུལ་ནི་ཨེ་ཤ་ཡ་དང་ཡོ་རོབ་སྐམ་ས་ཆེན་པོའི་དབུས་ཁུལ་དུ་གནས་པ་དང་། དྲོད་ཁུལ་འབྲིང་བའི་ཐན་སྐམ་དང་ཐན་སྐམ་ཕྱེད་ཙམ་གྱི་ནམ་ཟླའི་ཁོངས་སུ་གཏོགས། རླུང་ཁམས་ཆེན་པོའི་འཁོར་རྒྱུན་དང་། ས་རྒྱུས་འཕྲེད་ཚད། ས་དབྱིབས་སོགས་ཕྱོགས་བསྡུས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་འོག དེའི་ནམ་ཟླའི་སྤྱིའི་ཁྱད་ཆོས་ནི་བདེ་ཐང་ས་ཁུལ་དུ་དབྱར་དུས་ཚ་བ་ཆེ་བ་དང་། དགུན་དུས་གྲང་ངར་ཆེ་བ། དཔྱིད་དུས་དྲོད་ཚད་གཏན་འཇགས་མིན་པ། སྟོན་དུས་དྲོད་ཚད་མར་ཆག་པ་མགྱོགས་ཤིང་། ཆར་ཆུ་འབབ་ཚད་ཀྱི་ཧེ་བག་ཅུང་ཆེ་བ་དང་། ལོ་རེའི་འགྱུར་ལྡོག་ཅུང་ཆེ། ཐ་ཁྲེང་གཤོང་ས་རུ་ལོ་རེར་ཆར་ཆུ་འབབ་ཚད་ཅུང་མང་བ་དང་། ཇུན་གར་གཤོང་ས་དང་པུའུ་ཁེ་རོང་ས་རུ་ཅུང་ཉུང་། རི་ཁུལ་དང་བདེ་ཐང་བསྡུར་ན། དགུན་དྲོ་ཞིང་དབྱར་བསིལ་ལ། ཚ་ཚད་ཀྱིས་མི་འདང་བའོ།།
སྤྱི་ལོ2017ལོར། ཐ་ཁྲེང་ས་ཁུལ་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར620.25ཟིན་པ་དེ་ལོ་གོང་མ་ལས7.4%འཕར་ཡོད། དེའི་ནང་དུ་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར483.72ལེགས་འགྲུབ་བྱུང་བ་དེ7.7%འཕར་ཡོད། ས་གནས་ཀྱིས་ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར155.29ཟིན་ནས་ལོ་སྔོན་མ་ལས5.7%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར149.77ཟིན་ནས་ལོ་སྔོན་མ་ལས7.8%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར178.66ཟིན་ནས་ལོ་སྔོན་མ་ལས9.4%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་ནི32.1:31:36.9ཡིན། ཐོན་ལས་དང་པོས་དཔལ་འབྱོར་འཕར་རྒྱུར་བྱས་རྗེས་འབུལ་ཚད22.9%ཟིན་ནས་དཔལ་འབྱོར་འཕར་ཚད་བརྒྱ་ཆའི1.8སྐུལ་ཁྲིད་བྱས་ཡོད། ཐོན་ལས་གཉིས་པའི་བྱས་རྗེས་འབུལ་ཚད35.4%ཟིན་ནས་བརྒྱ་ཆའི2.7སྐུལ་ཁྲིད་བྱས་ཡོད། ཐོན་ལས་གསུམ་པའི་བྱས་རྗེས་འབུལ་ཚད41.7%ཟིན་ནས་བརྒྱ་ཆའི3.2ལ་སྐུལ་ཁྲིད་བྱས་ཡོད། ལོ་ཧྲིལ་པོར་གྲོང་མིའི་འཛད་སྤྱོད་རིན་གོང་ལོ་སྔོན་མ་ལས་བརྒྱ་ཆའི3.2འཕར་ཡོད། དེའི་ནང་དུ་ཟས་རིགས་དང་ཐ་མག ཨ་རག་གི་རིན་གོང་བརྒྱ་ཆའི1.1འཕར་ཡོད།
སྤྱི་ལོ2016ལོར། ཐ་ཁྲེང་ས་ཁུལ་གྱིས་ཉམས་ཞན་སློབ་གྲྭ་སྒྱུར་བཀོད་དང་སློབ་ཞུགས་གོང་གི་སྐད་གཉིས་བུ་བཅོལ་ཁང་འཛུགས་སྐྲུན་སོགས་རྣམ་གྲངས238ལག་བསྟར་བྱས་ནས་སློབ་སྔོན་བྱིས་པ7106རིན་མེད་སྐད་གཉིས་སློབ་གསོའི་ལས་འགན་ཀྲོད་བསྡུས། ཡུས་མིན་རྫོང་གི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་རྒྱལ་ཁབ་ཀྱིས་ངོས་འཛིན་བྱས་པ་བརྒྱུད་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་ཐེངས་གཅིག་ལ་ལས་ཞུགས་ཐུབ་ཚད95%ཡན་ཟིན་ཡོད།
སྤྱི་ལོ2016ལོར། ཀྲུང་གོ་གསོ་རིག་སློབ་ཆེན་གྱི་ཐད་གཏོགས་མིན་པའི་སྨན་ཁང་ཐ་ཁྲེང་ས་ཁུལ་མི་དམངས་སྨན་ཁང་དུ་སྒོ་བྱང་བཀལ་བ་དང་། ཝུའུ་སུའུ་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གི་ཁུལ་གསར་དང་ཐུའོ་ལི་རྫོང་ཧ་དབྱི་སྨན་ཁང་དངོས་སུ་སྤྱོད་འགོ་ཚུགས། སྐོར་དང་པོའི་དམངས་ཡོངས་ཀྱི་རིན་མེད་གཟུགས་པོར་བརྟག་དཔྱད་བྱེད་པའི་ལས་གྲྭ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་།
སྤྱི་ལོ2017ལོར་ཐ་ཁྲེང་ས་ཁུལ་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུའི་ལས་སྟེགས་སྣ་ཚོགས925ཡོད་ལ། རིམ་བསགས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས37134འཕར་སྣོན་བྱུང་ཡོད། ཐོ་འགོད་བྱས་པའི་ལས་ཀ་ཤོར་ཚད0.6%ཟིན། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ཁྲི9.03(ཐེངས་གྲངས)གནས་སྤོ་བྱས། གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི(ལས་བྲལ་དང་ལས་འཁྱུར་ངལ་གསོ་ཚུད)མི207703ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན71336ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི259615ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན136913དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི122702 ལས་རྨས་འགན་བཅོལ་ནང་ཞུགས་མཁན74825 བུ་བཙའི་འགན་བཅོལ་ནང་ཞུགས་མཁན84334ཡོད། ས་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མི་གྲངས་ཁྲི4.8ཟིན་པ་དང་མ་མཐའི་འཚོ་བའི་འགན་ལེན་མ་དངུལ་སྒོར་དུང་ཕྱུར1.88བཏང་།