ཏང་འཛུགས་ཀྱི་བྱ་གཞགསྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2020-08-28 11:37ལ་འགྲུབ།

ཏང་འཛུགས་ཀྱི་བྱ་གཞག

ཏང་འཛུགས་ཀྱི་བྱ་གཞག
《ཏང་འཛུགས་ཀྱི་བྱ་གཞག》ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྐྱེས་ཕུལ་གློག་བརྙན་ཡིན་པ་སྟེ། གློག་བརྙན་གྱི་ཁྲོད་དུ1911ལོར་ལྕགས་ཕག་གསར་བརྗེ་བྱུང་བ་ནས1921ལོར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་བསྡུས་པའི་བར་གྱི་ལོ་ངོ་བཅུའི་རིང་གི་ཀྲུང་གོའི་ལོ་རྒྱུས་དོན་ཆེན་ཁག་བརྗོད་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

བོད་འགྱུར་མིང་།
ཏང་འཛུགས་ཀྱི་བྱ་གཞག
མ་བརྙན་མིང་།
建党伟业
དབྱིན་འགྱུར་མིང་།
Beginning Of The Great Revival
རྒྱལ་ཁབ།
ཀྲུང་གོ།
སྐད་རིགས།
རྒྱ་སྐད།
འཁྲབ་ཁྲིད་པ།
ཧན་སན་ཕིང་།(韩三平) ཧོང་ཅན་ཞིན།(黄建新)
གཙོ་འཁྲབ་པ།
ལིའུ་ཡེ།(刘烨) ཧྥེང་ཡོན་ཀྲེང(冯远征)སོགས།
འགྲེམ་དུས།
2011ལོའི་ཟླ6པའི་ཚེས15ཉིན།
ཡུན་ཚད།
སྐར་མ140
བརྙན་རིགས།
ལོ་རྒྱུས།
བྱ་དགའ་གཙོ་བོ།
སྐབས14བའི་ཀྲུང་གོའི་གློག་བརྙན་རྡོ་ཀ་བརྐོས་མའི་རྟགས་མའི་གཏམ་རྒྱུད་གློག་བརྙན་ཕུལ་བྱུང་གི་བྱ་དགའ་ཐོབ། སྐབས12པའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གཅིག་ལྔ་ལས་གཞིའི་བྱ་དགའ་ཐོབ་པ་སོགས།
1 བྱུང་རིམ།

སྤྱི་ལོ1911ལོའི་དགུན་ཁར་སུན་ཀྲུང་ཧྲན་ཕྱི་རྒྱལ་ནས་རང་རྒྱལ་དུ་ལོག་ཡོང་བ་དང་ལོ་དེ་གའི་ཟླ་བ་དང་པོའི་ཚེས་གཅིག་ཉིན་ཀྲུང་ཧྭ་མིན་གོའི་ཙུང་ཐུང་ཆེན་མོའི་གོ་གནས་བཞེས། དུས་མཚུངས་སུ་མའོ་ཙེ་ཏུང་ཡང་རྒྱལ་ཁབ་སླར་གསོའི་དམག་གསར་ནང་ཞུགས། མི་རིང་བར་ཡོན་ཧྲི་ཁའེ་ཡིས་དྲག་ཆེའི་དམག་དཔུང་གི་སྟོབས་ཤུགས་དང་གོང་མ་ཚང་ནང་གི་གོ་གནས་ལ་བརྟེན་ཏེ་སུན་ཝན་གྱི་ལག་ནས་དམག་དཔོན་ཆེན་པོའི་གོ་གནས་འཕྲོག་སྟེ་པེ་ཡང་མིན་གོ་སྲིད་གཞུང་བཙུགས། ལོ་དེའི་ཟླ་བ་བཅུ་པར་གོ་མིན་ཏང་དབུ་བརྙེས།  58ee3d6d55fbb2fb6fc36a2d4c4a20a44623dc20.jpg

སྤྱི་ལོ1914ལོའི་དབྱར་ཁར་འཛམ་གླིང་འཁྲུག་ཆེན་དང་པོ་ལངས་པ་དང་། 1915ལོར་ཡོན་ཧྲི་ཁའེ་ཡིས་འཇར་པན་དང་མཉམ་དུ་གསང་བའི་སྒོ་ནས་ཆིངས་ཡིག་དོན་ཚན་ཉེར་གཅིག་གཏན་འཁེལ་བྱས་ཤིང་རྒྱལ་ཁབ་ཀྱི་སྒྲིག་གཞི་བསྒྱུར་ཏེ་ཁོ་པ་རང་ཉིད་ཀྲུང་ཧྭ་རྒྱལ་ཁབ་ཀྱི་གོང་མར་བསྐོས། དུས་དེ་ནས་བཟུང་ཁོས་ཚུལ་མིན་གྱི་སྤྱོད་པ་མང་དུ་སྤེལ་རྐྱེན། སུན་ཀྲུང་ཧྲན་དང་ཚའེ་ཨེ་ཡིས་རྒྱལ་སྲུང་དམག་སྒྲིག་འཛུགས་བྱས་ཏེ་ཡོན་ཧྲེ་ཁའེ་འདུལ་བར་ཁ་འཆམས། དུས་ཡུན་རིང་པོ་མ་འགོར་བར་ཡོན་ཧྲི་ཁའེ་ཁོང་ཁྲོའི་ཁྲོད་འཇིག་རྟེན་ཤུལ་དུ་བཞག་ནས་ཕྱི་མ་ཕྱག་ཏུ་བསྣམས།

རྗེས་སུ་ཀྲང་ཞུན་ཡང་ཡོན་ཧྲི་ཁའེ་དང་འདྲ་བར་གོང་མ་བྱེད་འདོད་ཀྱི་ལམ་དུ་ཞུགས་མོད་ལམ་ལྷོང་མ་བྱུང་། རྐྱེན་དེ་དག་གིས་ཀྲུང་གོ་དུས་ཡུན་རིང་པོའི་ནང་དམག་ཤེད་ཅན་གྱི་བཅད་བཟུང་དང་ཟིང་འཁྲུག་གི་རྣམ་པས་རབ་ཏུ་ཁེངས། སྐབས་དེ་དུས་མའོ་ཙེ་ཏུང་དང་ལི་ཏ་ཀྲའོ། ཀྲོའུ་ཨེན་ལེ་སོགས་ས་ཆ་གཅིག་ན་མཉམ་དུ་མེད་མོད། འོན་ཀྱང་རྒྱལ་ཁབ་སྐྱོབ་པའི་བསམ་པ་དུས་རྒྱུན་གཞི་གཅིག་ཏུ་མཉམ་གནས་བྱས་ཡོད།

1920ལོའི་ཟླ་བ་གསུམ་པར་ཝེ་ཅིང་སེ་ཅེ་སོགས་ཀྲུང་གོར་ཡོང་ནས་གུང་ཁྲན་ཏང་གི་ཡན་ལག་ཅིག་འཛུགས་རྩིས་བྱས། 1921ལོའི་ཟླ་བ3པར་ཁྲེན་ཏུའུ་ཞིའུ་དང་ལི་ཏ་ཀྲའོ། ཚའེ་ཧོ་སེན་སོགས་ཕན་ཚུན་འབྲེལ་གཏུགས་བྱུང་བ་དང་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་འཛུགས་རྒྱུའི་དམ་བཅའ་བརྟན་པོ་བཞག  1921ལོའི་ཟླ་བ་བདུན་པའི་ཚེས་ཉི་ཤུ་རྩ་གཉིས་ཉིན་རྒྱལ་ཡོངས་ཀྱི་ས་ཆ་ཁག་ནས་ཡོང་བའི་ཚོགས་མི་བཅུ་གསུམ་ཧྲང་ཧའེ་པོ་ཝུན་གྱི་སྐྱེས་མའི་སློབ་གྲྭའི་ཉལ་ཁང་དུ་ཐོག་དང་པོར་འདུ་འཛོམས་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་ཞེས་པ་ཡང་མི་རྣམས་ཀྱིས་སེམས་ཤུགས་བརྟན་པོས་རྒྱལ་སྤྱིའི་གླུ་གཞས་གཏོང་བ་དང་དུས་མཚུངས་སུ་དབུ་བརྙེས།

2 དཔྱད་བརྗོད།

ཏང་འཛུགས་ཀྱི་བྱ་གཞག་ཅེས་པའི་གློག་བརྙན་འདིའི་རྒྱབ་ལྗོངས་ནི་སྤྱི་ལོ1905ལོའི་ཟླ་བ8པར་སུན་ཀྲུང་ཧྲན་གྱིས་འཇར་པན་གྱི་རྒྱལ་ས་ཏུང་ཅིང་དུ་ཀྲུང་གོ་མཉམ་འབྲེལ་ཚོགས་པ་ཞེས་པ་359b033b5bb5c9ea396a1d1cd539b6003bf3b3b7.jpgབཙུགས་པ་ནས་འགོ་ཚུགས་ཤིང་། 1912ལོར་མཉམ་འབྲེལ་ཚོགས་པ་སོགས་དམངས་ཁྲོད་ཀྱི་སྲིད་ཚོགས་ཁག་གཅིག་གྱུར་གྱིས་ཀྲུང་གོ་གོ་མིན་ཏང་ཆགས། མཉམ་འབྲེལ་ཚོགས་པའི་ཆབ་སྲིད་ཀྱི་རྩ་འཛིན་ནི་སུན་ཀྲུང་ཧྲན་གྱིས་གསུངས་པའི་ཀླ་ཀློ་ཐར་འབུད་དང་ཀྲུང་ཧྭ་སླར་གསོ། མིན་གོ་གསར་འཛུགས།  ས་དབང་ཆ་སྙོམས་ཞེས་པའི་མི་སེར་དོན་གསུམ་རིང་ལུགས་ཀྱི་རྩ་འཛིན་དེ་ཡིན། མཉམ་འབྲེལ་ཚོགས་པ་གསར་འཛུགས་བྱས་རྗེས། སྔ་རྗེས་སུ་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱེད་པའི་ཧོང་ཧྭ་ཀང་འོས་ལངས་དང་ཝུའུ་ཁྲང་འོས་ལངས་སོགས་དྲག་པོའི་འོས་ལངས་རབ་དང་རིམ་པ་བྱུང་ཡོད། ཡང་སྤྱི་ལོ1911ལོའི་ཟླ་བ་བཅུ་པར་ཧོང་ཞིང་སོགས་ཀྱིས་འགོ་ཁྲིད་པའི་ཝུའུ་ཁྲང་འོས་ལངས་ལ་ཆེས་ཐོག་མར་རྒྱལ་ཁ་ཐོབ་རྗེས་ཞིང་ཆེན་གཞན་རྣམས་ཀྱང་སྔ་རྗེས་སུ་རང་བཙན་བྱས། ལོ་དེ་ནི་ལྕགས་ཕག་ལོ་ཡིན་པས་རྗེས་སུ་མི་རྣམས་ཀྱིས་ལོ་རྒྱུས་དུས་ཚིགས་དེར་ལྕགས་ཕག་ལོའི་གསར་བརྗེ་ཞེས་ཟེར།

1912ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ཀྲུང་ཧྭ་མིན་གོ་དངོས་སུ་དབུ་བརྙེས་པ་དང་སུན་ཀྲུང་ཧྲན་གྱིས་སྐབས་འཕྲལ་གྱི་ཙུང་ཐུང་ཆེན་མོའི་གོ་གནས་འགན་དུ་བླངས་ཤིང་ཆིང་གོང་མ་སྲིད་ཁྲི་ལས་ཕབ། ཀྲུང་གོའི་བྱང་ཕྱོགས་ཆིང་གོང་མས་དབང་བསྒྱུར་མོད། དོན་དངོས་སུ་དམག་སྲིད་ཀྱི་དབང་ཆ་མོད་པོ་ཞིག་ཡོན་ཧྲི་ཁའེ་ཡིས་དབང་དུ་བཟུང་ཡོད། 1912ལོའི་ལོ་མགོར་ཕུའུ་དབྱི་སྲིད་ཁྲི་ལས་བབས། 1912ལོའི་ཟླ་བ་གསུམ་པའི་ཚེས་བཅུ་ཉིན་ཡོན་ཧྲི་ཁའེ་ཀྲུང་ཧྭ་མིན་གོའི་ཙུང་ཐུང་དུ་བསྐོས།  གློག་བརྙན་གྱི་ནང་དུ་སུང་ཅའོ་རེན་གྱིས་ཙུང་ཐུང་གི་སྲིད་དབང་སྒེར་གཅོད་ལ་ངོ་རྒོལ་བྱས་པའི་རྐྱེན་གྱིས་ཡོན་ཧྲི་ཁའེ་ཡིས་ལྐོག་གསོད་བཏང་། དེ་ནས་གསར་བརྗེ་རིང་ལུགས་པས་ཡོན་ཧྲི་ཁའེ་ཡི་སྒེར་གཅོད་སྲིད་དབང་རྩ་མེད་བཟོ་སླད་གསར་བརྗེའི་ལས་འགུལ་ཐེངས་གཉིས་པ་བསླངས་ཤིང་།  དུས་དེ་ནས་བཟུང་ཀྲུང་གོ་དམག་ཤེད་ཅན་བར་གྱི་སྲིད་དབང་འཕྲོག་རེས་ཀྱི་རྣམ་པར་ཆགས། 1915ལོར་ཡོན་ཧྲི་ཁའེ་ཡིས་འཇར་པན་དང་མཉམ་དུ་དོན་ཚན་ཉེར་གཅིག་ལ་མིང་རྟགས་བཀོད། སྤྱི་ལོ1916ལོར་ཡོན་ཧྲི་ཁའེ་ཡིས་བཙན་རྒྱལ་རིང་ལུགས་སླར་གསོ་བྱས་ལ། སྐབས་དེ་དུས་སུན་ཀྲུང་ཧྲན་འཇར་པན་ལ་ཡུལ་འཁྱར་དུ་ལུས། དོན་དངོས་ཐོག་ཀྲུང་ཧྭ་མིན་གོ་བཙུགས་རྗེས་གོ་མིན་ཏང་ལ་དམག་དཔུང་གི་དབང་ཆ་ཐོབ་མེད་པར་ཡོན་ཧྲི་ཁའེ་ཡིས་བདག་བཟུང་བྱས། ལྷག་དོན་ལོ་རྒྱུས་སུ་པེ་ཡང་དམག་ཤེད་ཅན་ཡང་ཆིན་རྒྱལ་དུས་མཇུག་གི་དམག་དཔུང་གིས་གྲུབ་ཅིང་གློག་བརྙན་ཁྲོད་ཀྱི་ཧྥེང་གོ་ཀྲང་དང་ཏོན་ཆི་རུའེ། ཝུའུ་ཕེ་ཧྥུ། ཚའོ་ཁུན། ལི་ཡོན་ཧུང་། ཀྲང་ཞུན་སོགས་ཚང་མ་པེ་དབྱང་དམག་ཤེད་ཅན་གྱི་ཚབ་མཚོན་མི་སྣ་ཡིན།    211630123713.jpg

1917ལོར་པེ་ཅིང་སྲིད་གཞུང་གིས་འཇར་མན་ལ་དམག་བརྡ་བཏང་སྟེ་འཛམ་གླིང་འཁྲུག་ཆེན་དང་པོར་ཞུགས་པར་གསལ་སྟོན་མཛད། ཡ་ང་ཞིང་གོད་ཆག་ཆེ་བའི་འཛམ་གླིང་འཁྲུག་ཆེན་དང་པོ་མཇུག་སྒྲིལ་རྗེས་ཀྱི་སྤྱི་ལོ1919ལོའི་ཟླ་བ་དང་པོའི་ཚེས་བཅོ་བརྒྱད་ཉིན་རྒྱལ་ཁ་ཐོབ་པའི་རྒྱལ་ཁབ་ཁག་གིས་ཧྥ་རན་སིའི་ཕེ་རི་སུ་རུ་ཞི་བདེའི་གྲོས་ཚོགས་འཚོགས། ཀྲུང་གོ་ཡང་རྒྱལ་ཁ་ཐོབ་པའི་རྒྱལ་ཁབ་ཀྱི་མིང་ཐོག་ནས་ཚོགས་འདུ་ལ་ཞུགས་ཤིང་ཆིངས་ཡིག་དོན་ཚན་ཉེར་གཅིག་དང་སྔོན་གྱི་འདྲ་མཉམ་མིན་པའི་ཆིངས་ཡིག་ཁག་མེད་པར་བཟོ་བ་དང་ཧྲན་ཏུང་འཇར་མན་གྱི་ལག་ནས་ཚུར་སྤྲོད་པ་སོགས་ཀྱི་རེ་བ་ཞུས་མོད། ཡིན་ཡང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཧྲན་ཏུང་གི་དབང་ཆ་འཇར་པན་ལ་སྤྲད་པ་མ་ཟད་ནུས་མེད་གཉོམ་ཆུང་གི་པེ་ཡང་སྲིད་གཞུང་གིས་དེའི་སྟེང་མིང་རྟགས་བཀོད། བདག་དབང་ཤོར་བའི་གཏམ་ངན་དེ་རྒྱལ་ནང་དུ་ཁྱབ་རྗེས་གཞི་རྒྱ་ཆེ་བའི་ལྔ་བཞིའི་ལས་འགུལ་ལངས། ཐེངས་དེའི་ལས་འགུལ་དེ་ནི་ཀྲུང་གོའི་ལོ་རྒྱུས་སྟེང་གི་མང་ཚོགས་རང་བཞིན་གྱི་ལས་འགུལ་ཐེངས་དང་པོ་ཡིན་པ་དང་འབྱོར་མེད་གྲལ་རིམ་གྱིས་འགོ་ཁྲིད་བྱས་པའི་དམངས་གཙོ་རིང་ལུགས་ཀྱི་འགོ་ཚུགས་ས་ཡང་དེ་ཡིན་ནོ།།  

དཔྱད་གཞིའི་ཡིག་ཆ།