དབྱི་ཅིན་ཧོ་ལུའོ་ཤོགསྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-07-08 15:46ལ་འགྲུབ།

དབྱི་ཅིན་ཧོ་ལུའོ་ཤོག

དབྱི་ཅིན་ཧོ་ལུའོ་ཤོག
དབྱི་ཅིན་ཧོ་ལུའོ་ཤོག་ནི་ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཨོ་ཨེར་ཏུའོ་སི་མཐོ་སྒང་གི་ཤར་ལྷོའི་རྒྱུད་དང་མའོ་ཝུའུ་སུའུ་བྱེ་ཐང་གི་བྱང་ཤར་མཚམས་སུ་གནས་ཡོད། བྱང་ངོས་ཏུང་ཧྲིན་ཆུས་དང་ཁང་པ་ཧྲི་ཆུས་ཀྱི་བར་དུ་ཝུའུ་ལན་མུའུ་ལུན་ཆུ་བོས་ཆོད་དེ་ཕན་ཚུན་ཁ་གཏད་དུ་གནས་ཡོད། ཤར་དུ་ཇུན་གར་ཤོག་དང་ཁྱིམ་མཚེས་ཡིན། ནུབ་ཏུ་ཧང་ཅིན་ཤོག་དང་ས་མཚམས་འབྲེལ་ཡོད། ལྷོ་རུ་ཝུའུ་ཧྲེན་ཤོག་དང་འབྲེལ་ཞིང་། ལྕགས་རི་རིང་པོས་ཆོད་དེ་ཧྲན་ཞི་ཞིང་ཆེན་གྱི་འབྲེལ་མཚམས་སུ་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ5600ཡོད། དེའི་ཁོངས་སུ་གྲོང་རྡལ7དང་སྲིད་འཛིན་གྲོང་ཚོ138ཡོད། སྤྱི་ལོ2011ལོར་ཁྱིམ་ཐོའི་མི་གྲངས་ཁྲི16.7ཡོད་པའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྲི1.3ཡོད། དེས་ཤོག་ཡོངས་ཀྱི་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆའི7.78ཟིན་ཡོད། སྤྱི་ལོ2020ལོའི་ཟླ3པར་རྒྱལ་ཡོངས་ཀྱི་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཀྱི་སྔོན་ཐོན་རྫོང་གི་མཚན་སྙན་ཐོབ་པ་དང་ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་དང་ཞིང་ལས་གྲོང་གསེབ་པུས་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
伊金霍洛旗
ཕྱི་ཡིག་གི་མིང་།
EjinHoroBanner
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
ཤོག
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནང་སོག་ཨོ་ཨེར་ཏུའོ་སི།
མངའ་ཁོངས།
ཝུའུ་ལན་མུའུ་ལུན་གྲོང་རྡལ་སོགས་གྲོང་རྡལ་བདུན་ཡོད།
སྲིད་གཞུང་གནས་ཡུལ།
ཨ་ལེ་ཐེང་ཞི་རེ་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0477
སྦྲག་སྲིད་ཨང་རྟགས།
017000
གནས་ཡུལ།
ནང་སོག་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ5600ཡོད།
མི་གྲངས།
མི167004ཡོད། (སྤྱི་ལོ2011ལོའི་ལོ་མཇུག)
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
གནམ་གྲུ་ཐང་།
ཨོ་ཨེར་ཏུའོ་སི་དབྱི་ཅིན་ཧོ་ལུའོ་རྒྱལ་སྤྱིའི་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཨེར་ཏུའོ་སི་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
མེང(蒙)K
1 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

དབྱི་ཅིན་ཧོ་ལུའོ་ཤོག་གི་མངའ་ཁོངས་སུ་གྲོང་རྡལ7ཡོད་པ་སྟེ། ཨ་ལེ་ཐེང་ཞི་རེ་གྲོང་རྡལ་དང་། ཝུའུ་ལན་མུའུ་ལུན་གྲོང་རྡལ། དབྱི་ཅིན་ཧོ་ལུའོ་གྲོང་རྡལ། ཙུའུ་ཀྲ་ས་ཁེ་གྲོང་རྡལ། ན་ལིན་ཐའོ་ཧེ་གྲོང་རྡལ། ཧུང་ཆིང་ཧོ་གྲོང་རྡལ། སུའུ་པུར་ཀ་གྲོང་རྡལ་བཅས་ཡིན། བསྡོམས་པས་ཀ་ཁྲ(གྲོང་ཚོ)138ཡོད།

2 ནམ་ཟླ།

དབྱི་ཅིན་ཧོ་ལོ་ཤོག་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་སུ་གཏོགས། སྐམ་ས་ཆེན་པོའི་ཚད69%ཡིན། ཐན་པ་དང་རླུང་ཆེ་ཞིང་། ཆར་བ་ཉུང་ལ་གྲང་ངར་ཆེ། དྲོད་ཚད་མཐོ། དྲོད་ཚད་ཀྱི་ཧེ་བག་ཆེ་ཞིང་། དྲོད་ཁུལ་གྱི་རྩྭ་ཐང་ནས་ཐང་རྒོད་རྩྭ་ཐང་གི་བར་བརྒལ་ས་ཁུལ་ཡིན། དབྱི་ཅིན་ཧོ་ལོ་ཤོགའི་ལོ་རེའི་ཆར་ཆུ་འབབ་ཚད340-420mmབར་ཡིན། ཤར་ལྷོ་ནས་ནུབ་བྱང་དུ་རིམ་བཞིན་ཆར་ཆུ་ཉུང་དུ་འགྲོ་ཞིང་། དབྱི་ཅིན་ཧོ་ལོ་ཤོགའི་ལོ་རེའི་ཆ་སྙོམས་དྲོད་ཚད6.2℃ཡིན། དྲོད་ཚད་དམའ་ཤོས-31.4℃དང་དྲོད་ཚད་མཐོ་ཤོས36.6℃ཡིན། སད་མི་རྒྱག་པའི་དུས་ཡུན་ཉིན130ནས140བར་ཡིན། ལོ་རེའི་ཉི་འོད་ཕོག་ཡུན་ནི་ཆུ་ཚོད2740-3100བར་ཡིན། ལོ་རེའི་ཉི་མའི་འགྱེད་འཕྲོའི་ཚད་ནི་ལི་སྨི་རེར་ཆན་ཁ145ཡིན། ལོ་ཧྲིལ་པོར་བྱེ་རླུང་མང་ཞིང་། རླངས་པར་འགྱུར་ཚད་མཐོ། ལོ་ཧྲིལ་པོར་རླངས་པར་འགྱུར་ཚད2163mmཡིན་པ་དེ་ནི་ཆར་པ་འབབ་ཚད་ཀྱི་ལྡབ་བདུན་ཡིན།

3 མི་གྲངས་དང་མི་རིགས།
3_1 མི་གྲངས།

སྤྱི་ལོ2011ལོའི་ལོ་མཇུག་ཏུ་དབྱི་ཅིན་ཧོ་ལུའོ་ཤོག་གི་དུད་ཚང་བསྡོམས་འབོར72214ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་དུད་ཚང2121འཕར་ཡོད། སྤྱིའི་མི་གྲངས167004ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི2792འཕར་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་གྲངས2292ཡོད་པ་དང་སྐྱེས་ཚད13.84‰ཟིན་ཡོད། རྐྱེན་ལམ་དུ་ཤོར་བའི་མི་གྲངས573དང་ཤི་ཚད3.46‰ཟིན་ཡོད། རང་ཤུགས་སུ་འཕར་ཚད་སྟོང་ཆའི10.38ཡིན། གསར་སྐྱེས་མི་གྲངས་ཀྱི་ཕོ་མོའི་བསྡུར་ཚད་ནི104.5ཡིན།

3_2 མི་རིགས།

དབྱི་ཅིན་ཧུའོ་ལུའོ་ཤོག་གི་ས་ཁོངས་སུ་རྒྱ་རིགས་དང་སོག་རིགས། ཧུའེ་རིགས། མན་ཇུ་རིགས། ཁྲའོ་ཞན་རིགས། ཏ་ཝོར་རིགས། ཨུ་རུ་སུ་རིགས། པའེ་རིགས། ལི་རིགས། ཞི་པའོ་རིགས། ཡུ་གུར་རིགས། ཀྲོང་རིགས། ཨོ་ཝུན་ཁེ་རིགས། ཨོ་ལུན་ཁྲུན་སོགས་མི་རིགས་འདུས་སྡོད་བྱས་ཡོད།

4 དཔལ་འབྱོར།

སྤྱི་ལོ2011ལོར་དབྱི་ཅིན་ཧོ་ལུའོ་ཤོག་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར563.95ཡིན། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་གོང་མ་ལས14.2%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར6.84ཡིན་ཞིང་ལོ་སྔོན་མ་ལས7.5%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར363.52ཟིན་ནས་ལོ་སྔོན་མ་ལས15.6%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར193.6ཟིན་ནས་ལོ་སྔོན་མ་ལས11.8%འཕར་ཡོད། ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཐེངས་གསུམ་ནི1.2:64.5:34.3ཡིན། རྒྱུན་སྡོད་མི་གྲངས་ལྟར་བརྩིས་པའི་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར243082ཡིན།

5 ​གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ12པའི་ཚེས14ཉིན། དབྱི་ཅིན་ཧོ་ལུའོ་ཤོག་སྤྱི་ལོ2017ལོའི་བཟོ་ལས་ཕུལ་བྱུང་ཅན་བརྒྱའི་རྫོང(གྲོང་ཁྱེར)དུ་བདམས།

སྤྱི་ལོ2019ལོའི་ཟླ7པའི་ཚེས19ཉིན། དབྱི་ཅིན་ཧོ་ལུའོ་ཤོག་ཀྲུང་གོའི་ཕུལ་བྱུང་རྫོང་བརྒྱའི་ནང་དུ་བདམས།

སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕུལ་བྱུང་རྫོང་བརྒྱའི་མིང་ཐོར་བདམས།

སྤྱི་ལོ2019ལོའི་ཟླ11པར“ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ”ཞེས་པའི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ།

སྤྱི་ལོ2019ལོའི་བཟོ་ལས་ཕུལ་བྱུང་ཅན་གྱི་རྫོང(གྲོང་ཁྱེར)བརྒྱའི་ཁྲོད་དུ་བདམས།

སྤྱི་ལོ2019ལོའི་ཟླ12པར། “སྤྱི་ལོ2019ལོའི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང(གྲོང་ཁྱེར)བརྒྱའི”ནང་བདམས་པ་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་ལས་ཁུངས་སུ་བདམས།

སྤྱི་ལོ2020ལོའི་ཟླ3པར་རྒྱལ་ཡོངས་ཀྱི་གྲོང་ཚོའི་གཙང་སྦྲའི་སྔོན་ཐོན་རྫོང་གི་མཚན་སྙན་ཐོབ་པ་དང་ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་དང་ཞིང་ལས་གྲོང་གསེབ་པུའུ་ཡིས་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱས།

སྤྱི་ལོ2020ལོའི་ཟླ5པར“སྤྱི་ལོ2020ལོའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་བརྒྱའི”ནང་སུ་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། གནས་ཡུལ། མི་རིགས།