ཧང་ཅེན་ཤོགསྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-07-08 15:49ལ་འགྲུབ།

ཧང་ཅེན་ཤོག

ཧང་ཅེན་ཤོག
ཧང་ཅེན་ཤོག་ཀའི་མིང་རྙིང་ལ་ཨོ་ཨེར་ཏུའོ་སི་གཡས་རུའི་རྒྱབ་ཤོག་ཟེར། ནང་སོག་རང་སྐྱོང་ལྗོངས་ཀྱི་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད། ནུབ་དང་བྱང་གི་ཕྱོགས་གཉིས་ནས་རྨ་ཆུས་ཆོད་དེ་པ་ཡན་ཀྲོར་གྲོང་ཁྱེར་དང་ཁ་གཏད་དུ་གནས་ཡོད། ལྷོ་རུ་ཨོ་ཐོ་ཁེ་ཤོག་ཀ་དང་ཝུའུ་ཞེ་ཤོག་ཀ་གཉིས་ཀར་འབྲེལ་ཡོད། ཤར་ཕྱོགས་ཏུང་ཧྲེང་ཆུས་དང་། ཏ་ལ་ཐེ་ཤོག་ཀ། དབྱི་ཅིན་ཧོ་ལུའོ་ཤོག་ཀ་བཅས་དང་ས་མཚམས་འབྲེལ་ཡོད། མངའ་ཁོངས་ཨོ་ཨེར་ཏོ་སི་མཐོ་སྒང་དང་ཧོ་ཐའོ་བདེ་ཐང་དུ་བརྒལ་ཡོད། རྨ་ཆུ་ནུབ་ནས་ཤར་དུ་བཞུར་ནས་ཤོག་ཀ་ཡོངས་ཀྱི་མངའ་ཁོངས་སུ་སྤྱི་ལེ242བརྒྱུད་ཡོད། ཁུའུ་པུའུ་ཆི་བྱེ་ཐང་མངའ་ཁོངས་སུ་འཕྲེད་དུ་ཆགས་ཡོད། ཤོག་ཀ་ཡོངས་ལ་སུའུ་མུའུ་དང་ཡུལ་ཚོ། གྲོང་རྡལ་བཅས7ཡོད་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི1.89ཡོད། སོག་རིགས་ཀྱིས་གཙོ་བོ་བྱེད་པ་དང་རྒྱ་རིགས་ཀྱིས་མང་ཤོས་བཟུང་བའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཞིག་ཡིན། སྤྱི་ལོ2018ལོའི་ཟླ7པའི་ཚེས27ཉིན་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་དབུལ་ཐར་བྱས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杭锦旗
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
ཤོག་ཀ
ཁོངས་གཏོགས་ས་ཁུལ།
ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར།
མངའ་ཁོངས།
ཞི་ཉི་གྲོང་རྡལ་དང་དབྱི་ཧོ་ཝུའུ་སུའུ་སུའུ་མུའུ་སོགས་ཡོད།
སྲིད་གཞུང་གནས་ཡུལ།
ཞི་ཉི་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0477
སྦྲག་སྲིད་ཨང་རྟགས།
017000
གནས་ཡུལ།
ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་ནུབ་བྱང་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ18903ཡོད།
མི་གྲངས།
ཁྲི14ཡོད།(སྤྱི་ལོ2009ལོ)
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཨོ་ཨེར་ཏོ་སི་རྩྭ་ཐང་།
འཁོར་རྟགས་ཚབ་ཨང་།
མེང(蒙)K
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
150625
1 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཧང་ཅིན་ཤོག་ཀའི་ཁོངས་གཏོགས་སུ་གྲོང་རྡལ5དང་། སུའུ་མུའུ1 དོ་དམ་ཨུ་ཡོན་ལྷན་ཁང1བཅས་ཡོད་པ་སྟེ། ཞི་ཉི་གྲོང་རྡལ་དང་། པ་ལ་ཀུང་གྲོང་རྡལ། ཧུའུ་ཧོ་མུའུ་ཏུའུ་གྲོང་རྡལ། ཅི་རི་ཀ་ལང་ཐུའུ་གྲོང་རྡལ། ཏུའུ་ཀུའེ་ཐ་ལ་གྲོང་རྡལ། དབྱི་ཧོ་ཝུའུ་སུའུ་མུའུ། ཐ་ར་ཀའོ་ལེ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཡིན། བསྡོམས་པས་གྲོང་ཚོ76ཡོད་པ་དང་སྤྱི་ཁུལ་གྱི་སྡོད་དམངས་ཨུ་ཡོན་ལྷན་ཁང10ཡོད།

2 མི་གྲངས་དང་མི་རིགས།

སྤྱི་ལོ2009ལོར་ཤོག་ཀའི་སྤྱིའི་མི་འབོར140352ཡོད་པ་དང་། སོག་པོ་དང་རྒྱ་རིགས། མན་ཇུ་རིགས། ཧུའེ་རིགས། ཁྲའོ་ཞན་རིགས། བོད་རིགས་སོགས་མི་རིགས་ཀྱི་ཁྲོད་དུ་རྒྱ་རིགས114006ཡོད། མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆའི81.23ཟིན་ཡོད། གྲངས་ཉུང་མི་རིགས་ཀྱི་མི་གྲངས26346ཟིན་པ་དེས་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆའི18.77ཟིན་ཡོད། གྲངས་ཉུང་མི་རིགས་ཁྲོད་སོག་རིགས་ཀྱི་མི་གྲངས་ཆེས་མང་ལ། སོག་རིགས26079ཡོད། གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྲོད་བརྒྱ་ཆའི98.9866ཟིན་ཡོད། མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆའི18.5811ཟིན་ཡོད།

3 དཔལ་འབྱོར།

སྤྱི་ལོ2012ལོར་ཧང་ཅེན་ཤོག་ཀ་ཡི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར70.03ལེགས་འགྲུབ་བྱུང་ཡོད། ལོ་སྔོན་མ་ལས19.75%འཕར་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར15.4ཟིན་པ་དེ་ལོ་སྔོན་མ་ལས13.15%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར26.11ཟིན་པ་དེ་ལོ་སྔོན་མ་ལས20.05%འཕར་ཡོད། དེའི་ནང་དུ་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར7.09ལེགས་གྲུབ་བྱུང་ཡོད། ལོ་སྔོན་མ་ལས12.9%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར28.52ཟིན་པ་དེ་ལོ་སྔོན་མ་ལས23.41%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་སྒྲིག་གཞིའི་བསྡུར་ཚུལ་ནི22:37:41ཡིན།

4 སྤྱི་ཚོགས་ལས་དོན།
4_1 རིག་གནས།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཧང་ཅེན་ཤོག་ཀ་ལ་ཆེད་ལས་རིག་རྩལ་ཚོགས་པ1དང་། དཔེ་མཛོད་ཁང1 རིག་གནས་ཁང1 རིག་གནས་ས་ཚིགས6 རིག་གནས་ཁྲོམ་ར་ཞིབ་བཤེར་ལས་ཁུངས1 ཕྱོགས་བསྡུས་རིག་གནས་ཁང1 ས་གནས་ཀྱི་ཚད་ལྡན་ཡིག་ཆ་ཁང1 རྒྱང་བསྒྲགས་ཁང5 བརྙན་འཕྲིན་ཁང12བཅས་བཙུགས་ཡོད། བརྙན་འཕྲིན་ཕྱོགས་བསྡུས་ཁྱབ་ཚད95%ཟིན་པ་དང་རླུང་འཕྲིན་ཕྱོགས་བསྡུས་ཁྱབ་ཚད80%ཟིན་ཡོད། ལོ་མཇུག་ཏུ་ཞི་ཉི་གྲོང་རྡལ་ནང་ཁུལ་གྱི་གྲངས་འཛིན་བརྙན་འཕྲིན་སྤྱོད་མཁན་དུད་ཚང9065དང་གྲོང་གསེབ་ཀྱི་གློག་དྲ་དང་བརྙན་འཕྲིན་སྤྱོད་མཁན་དུད་ཚང26000ཡོད།

4_2 འཕྲོད་བསྟེན།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཧང་ཅེན་ཤོག་ཀ་རུ་ཤོག་ཀ་ཐད་སྐྱོང་སྨན་བཅོས་དང་། སྔོན་འགོག ལུས་ཁམས་བདེ་སྲུང་། མཉམ་ལས་སྨན་བཅོས། རྒྱལ་གཅེས་འཕྲོད་བསྟེན། འཕྲོད་བསྟེན་ལྟ་སྐུལ་ལས་ཁུངས་བཅས་ཁྱོན་བསྡོམས7ཡོད། སུའུ་མུའུ་དང་གྲོང་རྡལ་གྱི་ལྟེ་བའི་འཕྲོད་བསྟེན་ཁང7དང་འཕྲོད་བསྟེན་ཁང5 སྤྱི་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས1 སྤྱི་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས3 ཀ་ཁྲ་གྲོང་ཚོའི་འཕྲོད་བསྟེན་ཁང99 སྒེར་གཉེར་སྨན་བཅོས་ཁང55 སློབ་གྲྭ་སོགས་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཁང13 རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་ལས་ཐོག་སྨན་བཅོས་མི་སྣ559ཡོད། ཤོག་ཀ་ཡོངས་ལ་བསྡོམས་པས་ནད་ཁྲི445ཡོད། དེའི་ནང་དུ་ཤོག་ཀའི་མལ་ཁྲི265དང་གཞི་རིམ་གྱི་མལ་ཁྲི180ཡོད། ཆ་སྙོམས་སུ་མི་སྟོང་རེར་སྨན་དོན་མི་སྣ3.7དང་ནད་ཁྲི3.0ཡོད།

4_3 སློབ་གསོ།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཧང་ཅེན་ཤོག་ཀ་ལ་ཁྱོན་བསྡོམས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ23(དེའི་ནང་དུ་དམངས་གཉེར་སློབ་གྲྭ5ཡོད)ཡོད། དེའི་ནང་དུ་ཆ་ཚང་སློབ་འབྲིང2(དེའི་ནང་དུ་མི་རིགས་སློབ་འབྲིང1ཡོད) དམའ་རིམ་སློབ་འབྲིང1 ལོ་དགུའི་ལམ་ལུགས་ཀྱི་སློབ་གྲྭ2བཅས་ཡོད། སློབ་ཆུང4(དེའི་ནང་དུ་མི་རིགས་སློབ་ཆུང1) བུ་བཅོལ་ཁང14(དེའི་ནང་དུ་གཞུང་གཉེར་བུ་བཅོལ་ཁང9དང་། མི་རིགས་བུ་བཅོལ་ཁང1 དམངས་གཉེར་བུ་བཅོལ་ཁང5བཅས་ཡོད) ཤོག་ཀའི་སློབ་གྲྭར་ཡོད་པའི་སློབ་མ4035ཡོད། སློབ་གྲྭར་ཡོད་པའི་སློབ་ཆུང་སློབ་མ5519ཡོད། སློབ་གྲྭར་ཡོད་པའི་དམའ་རིམ་སློབ་འབྲིང་གི་སློབ་མ3609དང་མཐོ་རིམ་སློབ་འབྲིང་གི་སློབ་མ1800ཡོད། དགེ་རྒན་དང་ལས་བཟོ་པ1589ཡོད།

5 ​གཟི་བརྗིད་མཚན་སྙན།

ཀུའུ་རུའུ་གླུ་གཞས་ཡི་ཕ་ཡུལ་དང་། ཀྲུང་གོའི་དམངས་སྲོལ་རིག་གནས་ཀྱི་ཁྱད་ལྡན་ཡུལ་སྐོར་བྱ་ཡུལ་ཆེ་ཤོས་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། གནས་ཡུལ། མི་རིགས།