ཨོ་ཐུའོ་ཁེ་མདུན་ཤོག་གི་ཁོངས་གཏོགས་སུ་གྲོང་རྡལ་བཞི་སྟེ། ཨའོ་ལེ་ཀྲའོ་ཆི་གྲོང་རྡལ་དང་། ཧྲང་ཧའེ་མའོ་གྲོང་རྡལ། ཨང་སུའུ་གྲོང་རྡལ། ཁྲེང་ཁྲོན་གྲོང་རྡལ་བཅས་ཡིན། དེ་བཞིན་ཀ་ཁྲ་གྲོང་ཚོ68དང་སྤྱི་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང7བཅས་ཚུད་ཡོད།
ཨོ་ཐུའོ་ཁེ་མདུན་ཤོག་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་ཏུ་ཡོད། ནང་སོག་དང་ཧྲན་ཞི། ཉིང་ཞ་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། བྱང་གི་འཕྲེད་ཐིག37°44′~38°44′དང་། ཤར་གྱི་གཞུང་ཐིག106°26′~108°32′བར་དུ་གནས་ཡོད། བྱང་དུ་ཨོ་ཐུའོ་ཁེ་ཤོག་ཀ་དང་འབྲེལ་ཞིང་། ལྷོ་རུ་ལྕགས་རི་རིང་བོས་བར་ཆོད་དེ་ཧྲན་ཞི་ཞིང་ཆེན་དང་འབྲེལ་ཡོད། ཤར་གྱི་རྨ་ཆུས་ཆོད་དེ་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་དང་ཕན་ཚུན་ཁ་གཏད་དུ་གནས་ཡོད། ནུབ་ཏུ་ཝུའུ་ཀྲེན་ཤོག་ཀ་དང་ཁྱིམ་མཚེས་ཡིན། ཨོ་ཐུའོ་ཁེ་མདུན་ཤོག་གི་སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ1.218ཡོད།
སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཁྱིམ་ཐོའི་མི་གྲངས76279ཡོད། དེའི་ནང་དུ་སྐྱེས་པ38688ཡོད་པ་དེས་སྤྱིའི་མི་གྲངས་ཀྱི50.7%བཟུང་ཡོད། བུད་མེད37591ཡོད་པ་དེས་སྤྱིའི་མི་གྲངས་ཀྱི49.3%བཟུང་ཡོད། ཞིང་ལས་མིན་པའི་མི་གྲངས21467ཡོད་པ་དེས་སྤྱིའི་མི་གྲངས་ཀྱི28.1%བཟུང་ཡོད། སྤྱི་ལོ2012ལོར་སྐྱེས་པའི་མི་གྲངས1121ཡོད། ཕྲུ་གུ་སྐྱེས་ཚད14.7 ‰ཡིན། རྐྱེན་ལམ་དུ་ཤོར་བའི་མི་གྲངས507ཡོད། ཤི་ཚད6.6‰ཡིན། མི་གྲངས་རང་ཤུགས་སུ་འཕར་ཚད་སྟོང་ཆའི8.1ཡིན། གསར་སྐྱེས་མི་གྲངས་ཀྱི་ཕོ་མོའི་བསྡུར་ཚད་ནི52.2:45.8ཡིན། ལོ18མན་གྱི་མི་གྲངས14764ཟིན་པ་དེས་མི་གྲངས་བསྡོམས་འབོར་གྱི་བསྡུར་གྲངས་ཀྱི19.4%བཟུང་ཡོད། ལོ18ནས35བར་གྱི་མི་གྲངས22703ཡོད་པ་དེས་སྤྱིའི་མི་གྲངས་ཀྱི29.8%བཟུང་ཡོད། ལ་35ནས60བར་གྱི་མི་གྲངས30708ཡོད་པ་དེས་སྤྱིའི་མི་གྲངས་ཀྱི40.2%བཟུང་ཡོད། ལོ60ཡན་གྱི་མི་གྲངས8104ཡོད་པ་དེས་སྤྱིའི་མི་གྲངས་ཀྱི10.6%བཟུང་ཡོད།
སྤྱི་ལོ2012ལོར་ཨོ་ཐུའོ་མདུན་ཤོག་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར92.84ལེགས་འགྲུབ་བྱུང་ཡོད། རིན་གོང་གི་རྒྱུ་རྐྱེན་འཐེན་རྗེས་ལོ་སྔོན་མ་ལས24.9%འཕར་ནས་འཕར་ཚད་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལས་རིགས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར10.27ཟིན་ནས་ལོ་སྔོན་མ་ལས5.2%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར52.72ཟིན་ནས་ལོ་སྔོན་མ་ལས36.2%འཕར་ཡོད། དེའི་ནང་དུ་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར39.37ཟིན་ནས་ལོ་སྔོན་མ་ལས38.5%འཕར་ཡོད། ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར13.34ཟིན་ནས29.3%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར29.86ཟིན་ནས་ལོ་སྔོན་མ་ལས21.8%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བསྡུར་ཚད་བརྒྱ་ཆའི11.1ཟིན་ཡོད། ཐོན་ལས་གཉིས་པའི་འཕར་ཐང་གི་བསྡུར་ཚད56.8%ཟིན་པ་དང་ཐོན་ལས་གསུམ་པའི་འཕར་ཐང་གི་བསྡུར་ཚད32.1%ཟིན་ཡོད། སྤྱི་ལོ2012ལོར་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར134849(རྒྱུན་སྡོད་མི་འབོར་ལྟར་བརྩིས་པ)མངོན་འགྱུར་བྱུང་། ད་ལྟའི་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་སྔོན་མ་ལས་བརྒྱ་ཆའི36.1འཕར་ཡོད།
སྤྱི་ལོ2012ལོར་ཨོ་ཐུའོ་ཁེ་མདུན་ཤོག་ལ་རིགས་ཁག་གི་སློབ་གྲྭ9(སློབ་ཞུགས་གོང་དང་བྱིས་པའི་སློབ་གསོ་ཚུད་མེ་)ཡོད། དེའི་ནང་དུ་ཆ་ཚང་བའི་སློབ་འབྲིང2དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ3263(མཐོ་རིམ་སློབ་འབྲིང་གི་སློབ་མ994དང་དམའ་རིམ་སློབ་འབྲིང་གི་སློབ་མ་2269)ཡོད་པ་དང་། ལས་རིགས་སློབ་འབྲིང་1དང་སློབ་གྲྭར་ཡོད་པའི་སློབ་མ་1160ཡོད། ལོ་དགུའི་རྒྱུན་འཇགས་ལམ་ལུགས་1དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་453(དམའ་རིམ་སློབ་འབྲིང་གི་སློབ་མ་165དང་སློབ་ཆུང་གི་སློབ་མ་514)ཡོད། སློབ་ཆུང5དང་སློབ་གྲྭར་ཡོད་པའི་སློབ་མ3824ཡོད། གཞུང་གཉེར་བུ་བཅོལ་ཁང7དང་དམངས་གཉེར་བུ་བཅོལ་ཁང1ཡོད་ལ། བུ་བཅོལ་ཁང་དུ་བྱིས་པ2457ཡོད་པ་རེད།
སྤྱི་ལོ2017ལོར“རྒྱལ་ཁབ་སྐྱེད་ཚལ་རྫོང་གྲོང”གི་གཟི་བརྗིད་མཚན་སྙན་ཐོབ།
སྤྱི་ལོ2019ལོའི་ཟླ3པར་ཆུ་བེད་པུའུ་ཡིས་ཁག་དང་པོའི་ཆུ་གྲོན་ཆུང་གི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)དུ་བདམས།
སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕུལ་བྱུང་རྫོང་བརྒྱའི་ཁྲོད་དུ་བདམས།