ཇུན་གུར་ཤོག་ཀསྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-07-08 15:52ལ་འགྲུབ།

ཇུན་གུར་ཤོག་ཀ

ཇུན་གུར་ཤོག་ཀ
ཇུན་གུར(སོག་སྐད་ཀྱི་དོན་ནི“གཡོན་གཤོག་དང་གཡོན་ལག”ཅེས་པའོ)ཤོག་ཀ་ཡི་སྔོན་ཆད་ཀྱི་མིང་ལ་ཨོ་ཨེར་ཏུའོ་སི་གཡོན་རུའི་མདུན་ཤོག་ཟེར། ནང་སོག་གི་ལྷོ་ནུབ་རྒྱུད་དང་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཡོད། ཤོག་ཀ་ཡི་ས་ཁོངས་ཀྱི་ཤར་ངོས་དང་བྱང་ངོས་གཉིས་རྨ་ཆུས་བསྐོར་ཡོད་ཅིང་། ཧྲན་ཞི་ཞིང་ཆེན་དང་། ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར། པའོ་ཐོའུ་གྲོང་ཁྱེར་བཅས་ཀྱི་བར་དུ་གཙང་པོས་ཆོད་ནས་ཁ་གཏད་དུ་གནས་ཡོད། ལྷོ་རུ་གནའ་བོའི་ལྕགས་རི་རིང་པོ་དང་ཧྲན་ཞི་ཞིང་ཆེན་དང་འབྲེལ་ཡོད། ནུབ་ཏུ་ཏ་ལ་ཐེ་ཤོག་ཀ་དང་། ཏུང་ཧྲེང་ཆུས། དབྱི་ཅིན་ཧོ་ལུའོ་ཤོག་ཀ་བཅས་དང་ས་མཚམས་འབྲེལ་ཡོད། སྤྱི་ལོ2014ལོར་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་བརྒྱའི་ཨང10པར་བདམས་པ་དང་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་དཔལ་འབྱོར་ཤོག་ཀ་སྟོབས་ཆེན་ཞིག་ཡིན། ཤོག་ཀ་ཡི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ7692ཟིན་པ་དེའི་ཁོངས་སུ་ཡུལ་ཚོ་དང་གྲོང་རྡལ9དང་སུའུ་མུའུ1 ཁྱོན་བསྡོམས་ཀ་ཁྲ་གྲོང་ཚོ159 སྤྱི་ཁུལ23ཡོད། སོག་པོ་དང་། རྒྱ་རིགས། ཧུའེ་རིགས། མན་ཇུ་རིགས། བོད་རིགས་སོགས་མི་རིགས14འདུས་སྡོད་བྱས་ཡོད། སྤྱི་ལོ2019ལོའི་ལོ་མཇུག་ཏུ་ཤོག་ཤ་ཧྲིལ་པོའི་རྒྱུན་སྡོད་མི་གྲངས་ཁྲི37.7ཡོད། སྤྱི་ལོ2015ལོའི་ཟླ11པར། ཁག་གཉིས་པའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་གྱི་གྲས་སུ་བཅུག སྤྱི་ལོ2017ལོའི་ཟླ10པར་སྡོད་ཁང་འཛུགས་སྐྲུན་པུའུ་ཡིས་རྒྱལ་ཁབ་སྐྱེད་ཚལ་རྫོང་གྲོང་ཞེས་པའི་མིང་བཏགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
准格尔旗
ཕྱི་ཡིག་གི་མིང་།
JungarBanner
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
ཤོག་ཀ
ཁོངས་གཏོགས་ས་ཁུལ།
ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར།
མངའ་ཁོངས།
ཧྲ་ཀའེ་ཏུའུ་གྲོང་རྡལ་དང་། ཞུའེ་ཅ་ཝན་གྲོང་རྡལ། ཏ་ལུའུ་གྲོང་རྡལ་སོགས་ཡོད།
སྲིད་གཞུང་གནས་ཡུལ།
ཞུའེ་ཅ་ཝན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0477
སྦྲག་སྲིད་ཨང་རྟགས།
017000
གནས་ཡུལ།
ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་ཤར་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ7692ཡོད།
མི་གྲངས།
མི་ཁྲི37.7ཡོད།(སྤྱི་ལོ2019ལོའི་རྒྱུན་སྡོད་མི་གྲངས)
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
མེ་འཁོར་འབབ་ཚུགས། ཇུན་གུར་ས་ཚུགས།
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
150622
རླངས་འཁོར་ཚབ་ཨང་།
མེང་།(蒙)K
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར820.05ཡོད།(སྤྱི་ལོ2019ལོ)
1 ལོ་རྒྱུས་འཕེལ་རིམ།

མིན་གོ་སྲིད་ལོ་དང་པོར(སྤྱི་ལོ1912ལོ)མིན་གོ་པེ་ཅིང་སྲིད་གཞུང་བཙུགས་ནས་སྔར་བཞིན་ཆིང་རྒྱལ་རབས་ཀྱི་ལམ་ལུགས་ལག་བསྟར་བྱས། འཇར་འགོག་དམག་འཁྲུག་གི་སྐབས་སུ། མ་ཀྲན་ཧྲན་གྱིས་དམག་ཁྲིད་དེ་ཇུན་གུར་ཤོག་ཀ་པུའུ་དམག་གི་འཇར་འགོག་དམག་འཁྲུག་ཏུ་ཞུགས། འཇར་པན་མགོ་བཏགས་རྗེས་ད་གཟོད་དམག་དཔུང་ཁྲིད་ནས་ཕྱིར་འཐེན་བྱས།

སྤྱི་ལོ1948ལོའི་ཟླ4པར་ཇུན་གུར་ཤོག་ཀ་བཅིངས་འགྲོལ་བཏང་། ཇུན་གུར་ཤོག་ཀ་གནས་སྐབས་སྲིད་དོན་ཨུ་ཡོན་ལྷན་ཁང་བཙུགས། སྲིད་གཞུང་བཅའ་སྡོད་བྱ་ཡུལ་ཧྲ་ཆི་ཏུའུ་རུ་བཙུགས། སྤྱི་ལོ1950ལོའི་ཟླ4པར། ཤོག་ཀ་མི་དམངས་སྲིད་གཞུང་གཅིག་གྱུར་བྱས། སྤྱི་ལོ1955ལོའི་ཟླ9པར་ཤོག་ཀ་མི་དམངས་སྲིད་གཞུང་ཤོག་ཀ་མི་དམངས་ཨུ་ཡོན་ལྷན་ཁང་ཞེས་པར་བསྒྱུར། སྤྱི་ལོ1968ལོའི་ཟླ4པར་གསར་བརྗེ་ཨུ་ཡོན་ལྷན་ཁང་ཞེས་པར་བསྒྱུར། སྤྱི་ལོ1981ལོའི་ཟླ1པོར་མི་དམངས་སྲིད་གཞུང་ཞེས་པར་བསྒྱུར། སྤྱི་ལོ1999ལོའི་ཟླ8པར་ཤོག་ཀ་མི་དམངས་སྲིད་གཞུང་སྡོད་ཡུལ་ཧྲ་ཀའེ་ཏུའུ་ནས་ཞུའེ་ཅ་ཝན་དུ་གནས་སྤོ་བྱས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཇུན་གུར་ཤོག་ཀ་ཡི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ7692ཡོད། རྒྱུན་སྡོད་མི་གྲངས་ཁྲི36.69ཡོད་ལ། དེའི་མངའ་ཁོངས་སུ་གྲོང་རྡལ6(ཧྲ་ཅན་གྲོང་རྡལ་དང་། ཞུའེ་ཅ་ཝན་གྲོང་རྡལ། ཏ་ལུའུ་གྲོང་རྡལ། ལུང་ཁོའུ་གྲོང་རྡལ། ན་རི་སིམ་གྲོང་རྡལ། ཇུན་གུར་ཀྲའོ་གྲོང་རྡལ)དང་། ཡུལ་ཚོ2(ཧྲི་ཨེར་ལེན་ཁྲེང་ཡུལ་ཚོ། ནན་ཧྲུའེ་ཡུལ་ཚོ) སུའུ་མུའུ1(པུ་ཨེར་ཐའོ་ཧེ་སུའུ་མུའུ) ཁྲོམ་ལམ4(ཡོའུ་ཡིས་ཁྲོམ་ལམ་དང་། ལན་ཐེན་ཁྲོམ་ལམ། ཡིང་ཙེ་ཁྲོམ་ལམ། ཤིང་ལུང་ཁྲོམ་ལམ) རང་བྱུང་གྲོང་ཚོ159དང་སྤྱི་ཁུལ20བཅས(སྡོད་དམངས་ཨུ་ཡོན་ལྷན་ཁང)ཡོད། ཤོག་ཀ་ཏང་ཨུ་དང་ཤོག་ཀ་མི་དམངས་སྲིད་གཞུང་བཅའ་སྡོད་བྱ་ཡུལ་ཞུའེ་ཅ་ཝན་གྲོང་རྡལ་ནས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྲོང་ཏང་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅའ་སྡོད་བྱ་ཡུལ་ཁང་པ་ཧྲི་ཆུས་དང་བར་ཐག་སྤྱི་ལེ128ཡོད། ཤོག་ཀ་ཡི་བྱང་ངོས་དང་། ཤར་རྒྱུད། ལྷོ་བཅས་ཕྱོགས་གསུམ་རྨ་ཆུས་བསྐོར་བ་དང་ས་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ197ཡོད། ཇུན་གུར་ཤོག་ཀ་ཡི་ས་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།

3 མི་གྲངས་དང་མི་རིགས།
4 མི་གྲངས།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་མི་ཁྲི31.47ཡོད། རྒྱུན་སྡོད་མི་གྲངས་ཁྲི36.9དང་ཁྱིམ་ཐོའི་མི་གྲངད4966ཡོད། རྐྱེན་ལམ་དུ་ཤོར་བའི་མི་གྲངས1163ཡོད་པ་དང་ཁྱིམ་ཐོའི་མི་གྲངས་རང་ཤུགས་སུ་འཕར་ཚད་སྟོང་ཆའི12.1ཟིན་ཡོད།

སྤྱི་ལོ2019ལོའི་ལོ་མཇུག་ཏུ་ཤོག་ཀ་ཧྲིལ་པོའི་རྒྱུན་སྡོད་མི་གྲངས་ཁྲི37.7ཟིན་པའི་ནང་དུ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི26.16དང་། གྲོང་གསེབ་ཀྱི་མི་གྲངས་ཁྲི11.54ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད69.39%ཟིན་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་གྲངས་ཁྲི0.31ཟིན་པ་དང་སྐྱེས་ཚད8.23‰ཟིན་ཡོད། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཁྲི0.18དང་ཤི་ཚད4.78‰ཟིན་ཡོད། རང་བྱུང་འཕར་ཚད3.45‰ཟིན་ཡོད། ལོ་མཇུག་ཏུ་ཁྱིམ་ཐོའི་མི་གྲངས་ཁྲི33.24ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.17འཕར་ཡོད།

5 མི་རིགས།

རྒྱ་རིགས། སོག་རིགས། ཧུའེ་རིགས། མན་ཇུ་རིགས། ཏ་ཝོར་རིགས། ཨུ་རུ་སུ་རིགས། པའེ་རིགས། ལི་རིགས། ཞི་པོ། ཡུ་གུར་རིགས། ཀྲོང་རིགས། ཨོ་ཝུན་ཁེ་རིགས། ཨོ་ལུན་ཁྲུན་སོགས་ཡོད།

6 དཔལ་འབྱོར།

སྤྱི་ལོ2019ལོར་ཤོག་ཀ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར820.05ཟིན་ཡོད། གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པ་བཟོ་བཅོས་བརྒྱབ་པའི་གྲངས་གཞི་ལྟར་རྩིས་བརྒྱབ་ན། ལོ་གོང་མ་ལས་བརྒྱ་ཆའི3.1འཕར་ཡོད། ཐོན་ལས་གསུམ་ལ་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར11.51ཟིན་ནས་ལོ་སྔོན་མ་ལས1.2%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར562.92ཟིན་ནས་ལོ་སྔོན་མ་ལས2.8%འཕར་ཡོད། དེའི་ནང་དུ་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར541.64ལེགས་འགྲུབ་བྱུང་ནས་ལོ་སྔོན་མ་ལས2.3%འཕར་ཡོད། ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར21.28ཟིན་ནས་ལོ་སྔོན་མ་ལས18.7%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར245.62བྱུང་ནས་ལོ་སྔོན་མ་ལས4.0%འཕར་ཡོད། དཔལ་འབྱོར་གྲུབ་ཆའི་བསྡུར་ཚད་ནི་ལོ་སྔོན་མ་ལས1.4:68.6:30ཡིན།

སྤྱི་2019ལོར་ཤོག་ཀ་ཧྲིལ་པོའི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར287.41ཟིན་ནས་ལོ་སྔོན་མ་ལས16.7%འཕར་ཡོད། དེའི་ནང་དུ་གོང་གསལ་ཀྲུང་དབྱང་གི་ཡོང་སྒོ་སྒོར་དུང་ཕྱུར95.94ཡིན། ལོ་སྔོན་མ་ལས13.7%འཕར་ཡོད། རང་སྐྱོང་ལྗོངས་ཀྱི་ཡོང་འབབ་སྒོར་དུང་ཕྱུར70.6ཟིན་ནས་ལོ་སྔོན་མ་ལས33.5%འཕར་ཡོད། གོང་གི་གྲོང་ཁྱེར་རིམ་པའི་ཡོང་འབབ་སྒོར་དུང་ཕྱུར38.28ཟིན་ནས་ལོ་སྔོན་མ་ལས22.1%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར82.6ཡིན་པས་ལོ་སྔོན་མ་ལས6.3%འཕར་ཡོད། ལོ་ཧྲིལ་པོར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་འགྲོ་སྒོ་སྒོར་དུང་ཕྱུར90.18ཡིན་ལ་བརྒྱ་ཆའི2.1འཕར་ཡོད།

སྤྱི་ལོ2019ལོར་ཤོག་ཀ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི4535གསར་དུ་ལས་ཞུགས་ཐུབ་ཡོད། དེའི་ནང་དུ་སྐྱེས་ཡུལ་ཇུན་གུར་ཤོག་ཀ་ནས་ཡིན་པའི་སློབ་ཆེན་སློབ་མ1429དང་ལས་ཤོར་མི་སྣ539བསྐྱར་དུ་ལས་ཞུགས་ཐུབ་ཡོད། ལས་ཞུགས་དཀའ་ངལ་ཡོད་པའི་མི442ལས་ཞུགས་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.24%ཟིན་ཡོད། ཤོག་ཀ་ཡོངས་ཀྱི་ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས44744ཟིན་པ་དང་ལས་ཤོར་འགན་བཅོལ་གྲོན་དངུལ་སྒོར་ཁྲི4406.15བསྡུས་ཡོད།

7 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2019ལོར་ཤོག་ཀ་ཡོངས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི123688ཡོད་ཅིང་། ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི75548ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་མི245508ཞུགས་ཡོད། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི51957ཡོད། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི38114ཡོད། རྫོང་ཡོངས་ཀྱི་ཁེ་ལས12899ལ་ལས་བྲལ་དང་ལས་འཁྱུར་ངལ་གསོ་བརྒྱབ་པ་དང་ཁྱོན་བསྡོམས་གླ་ཕོག་སྒོར་ཁྲི38657སྤྲད། རྫོང་ཡོངས་ཀྱི་སྲིད་འཛིན་བྱ་གཞག་གི་ལས་བྲལ་ལས་འཁྱུར་མི་སྣ5850ལ་རིམ་རྩིས་བྱས་ན་གླ་ཕོག་སྒོར་ཁྲི43442སྤྲད། ཤོག་ཀ་ཡོངས་ཀྱི་མི47024ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་དངུལ་དང་དེ་བཞིན་ཐོབ་ཐང་གཞན་དག་སྒོར་ཁྲི28407སྤྲད།

སྤྱི་ལོ2019ལོའི་ལོ་མཇུག་ཏུ་ཤོག་ཀ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་མི851གིས་ལོངས་སྤྱོད་བྱས་ཡོད། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་མི6346ལོངས་སྤྱོད་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་མི་རེར་ཟླ་རེར་སྒོར675བར་མཐོ་རུ་བཏང་ཡོད། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་མི་རེར་ཟླ་རེར་སྒོར514བར་མཐོ་རུ་བཏང་ཡོད། ཤོག་ཀ་ཡོངས་ཀྱི་གཞུང་བཙུགས་སྤྱི་ཚོགས་ཕན་བདེའི་ལས་ཁུངས2དང་ཉལ་ཁྲི640ཡོད། དམངས་གཉེར་སྤྱི་ཚོགས་ཕན་བདེའི་ལས་ཁུངས3དང་ཉལ་ཁྲི794ཡོད།

8 འཕྲོད་བསྟེན།

སྤྱི་ལོ2013ལོར་ཧྲི་ཨར་ལེན་ཁྲེང་ཡུལ་ཚོ་ཡི་ལྟེ་བའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་རྣམ་གྲངས་ལས་མཇུག་གྲིལ་ནས་སྤྱོད་འགོ་ཚུགས། ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་འཕྲོད་བསྟེན་ལྟ་སྐུལ་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་འཛུགས་སྐྲུན་རྣམ་གྲངས་ཀྱི་རྨང་གཞིའི་ཆ་ཤས་ལེགས་འགྲུབ་བྱུང་། ཤོག་ཀ་མི་དམངས་སྨན་ཁང་གི་རྒྱས་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་ལེགས་འགྲུབ་བྱས་པ་རེད། སྨན་བཅོས་སྒྲིག་ཆས་དང་སྒྲིག་ཆས་སྒྲིག་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། རྫོང་རིམ་པའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་ཉིང་རྡུལ་ཁབ་ལེན་མཉམ་འདར་དང་ཁྲག་རྩའི་བརྙན་བཟོ་འཕྲུལ་འཁོར་སོགས་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དང་གཞི་རིམ་འཕྲོད་བསྟེན་ཁང་ལ་ཚད་ལྡན་ཅན་གྱི་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། ཀ་ཁྲ་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ལ་གཞི་རྩའི་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱས། ཇུན་གུར་རྫོང་དུ་ཤོག་ཀ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས7ཡོད། གཞི་རིམ་འཕྲོད་བསྟེན་ཁང14དང་དམངས་གཉེར་སྨན་བཅོས་ལས་ཁུངས7 གྲོང་ཚོའི་འཕྲོད་བསྟེན་ཁང136 སྒེར་གྱི་སྨན་བཅོས་ཁང93བཅས་ཡོད། སྤྱི་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས5དང་སྤྱི་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས4བཅས་ཡོད། ཇུན་གུར་ཤོག་ཀ་ཡི་འཕྲོད་བསྟེན་ལས་ཁུངས་ཀྱི་ཉལ་ཁྲི1808དང་འཕྲོད་བསྟེན་ལག་རྩལ་མི་སྣ1810ཡོད།

སྤྱི་ལོ2019ལོའི་ལོ་མཇུག་བར་དུ་ཤོག་ཀ་ཧྲིལ་པོར་གཞུང་བཙུགས་སྨན་ཁང4ཡོད་པ་དང་། མ་བུ་བདེ་སྲུང་ལས་ཁུངས1 ནད་རིགས་སྔོན་འགོག་ཚོད་འཛིན་ལས་ཁུངས1 སུའུ་མུའུ་དང་ཡུལ་ཚོ། གྲོང་རྡལ་གྱི་འཕྲོད་བསྟེན་ཁང13དང་སྤྱི་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས6 སྤྱི་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས6བཙུགས་ནས་གྲོང་ཚོའི་འཕྲོད་བསྟེན་ཁང118བཙུགས་ཡོད། ཤོག་ཀ་ཡོངས་ཀྱི་འཕྲོད་བསྟེན་སྒྲིག་གཞིའི་ཉལ་ཁྲི1610ཡོད་ལ། འཕྲོད་བསྟེན་ལག་རྩལ་མི་སྣ2498ཡོད།

9 ​གཟི་བརྗིད་མཚན་སྙན།

ཀྲུང་གོའི་དམངས་འཚོར་དོ་ཁུར་ཆེན་པོ་བྱེད་པའི་རྫོང་ཆེ་གྲས་བཅུ་ཡི་ཁྲོད་དུ་བདམས།

རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་ཤོག་ཀ

རྒྱལ་ཡོངས་ཀྱི་རྫོང(གྲོང་ཁྱེར)ཚན་རྩལ་ཡར་ཐོན་སྔོན་ཐོན་ཤོག་ཀ

རྒྱལ་ཁབ་ས་ཆུ་སྲུང་འཛིན་གྱི་སྐྱེ་ཁམས་དཔལ་ཡོན་རྫོང་།(ཤོག་ཀ)

རྒྱལ་ཡོངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་སྔོན་ཐོན་རྫོང་།

ཀྲུང་གོའི་ནུབ་རྒྱུད་དུ་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པའི་རྫོང་།

ཀྲུང་གོའི་དངུལ་རྩའི་སྐྱེ་ཁམས་རྫོང་།

ཀྲུང་གོའི་ཁྱོན་ཡོངས་འབྱོར་འབྲིང་གི་དཔེ་སྟོན་རྫོང་དང་གྲོང་ཁྱེར་བཅུ་ཡི་ཁྲོད་དུ་བདམས།

གྲོང་ཁྱེར་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་ཤོག་ཀ

རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་དཔེ་སྟོན་ལས་ཁུངས།

རྒྱལ་ཡོངས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་དཔེ་སྟོན་ཤོག་ཀ

རྒྱལ་ཁབ་སྐྱེད་ཚལ་རྫོང་མཁར།

སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེན་པོ་ལྡན་པའི་རྫོང་དང་གྲོང་ཁྱེར་བརྒྱའི་ཁྲོད་དུ་བདམས། (ཨང21པ)

སྤྱི་ལོ2018ལོར་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་རྫོང་དང་གྲོང་ཁྱེར་བརྒྱའི་མཚན་སྙན་ཐོབ།

སྤྱི་ལོ2019ལོར་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་ཕུལ་བྱུང་རྫོང་དང་གྲོང་ཁྱེར་བརྒྱའི་ཁྲོད་དུ་བདམས།

སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ལེགས་པའི་རྫོང་དང་གྲོང་ཁྱེར་བརྒྱའི་ཁྲོད་དུ་བདམས།

སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕུལ་བྱུང་རྫོང་བརྒྱའི་མིང་ཐོར་བདམས།

སྤྱི་ལོ2019ལོར་བཟོ་ལས་ཕུལ་བྱུང་ཅན་གྱི་རྫོང(གྲོང་ཁྱེར)བརྒྱའི་ཁྲོད་དུ་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། གནས་ཡུལ། མི་རིགས།