ཏུང་ཧྲེང་ཆུས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-07-08 15:53ལ་འགྲུབ།

ཏུང་ཧྲེང་ཆུས།

ཏུང་ཧྲེང་ཆུས།
ཏུང་ཧྲེང་ཆུས་ནི་ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན། ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་དབུས་ཁུལ་གྱི་ཤར་ཕྱོགས་སུ་ཆགས་ཡོད་པ་དང་། ཤར་ཕྱོགས་ཇུན་གར་ཤོག་ཀ་ཡི་འབྲེལ་མཚམས་སུ་གནས་ཡོད། ལྷོ་རུ་དབྱི་ཅིན་ཧོ་ལུའོ་ཤོག་ཀ་དང་ཁང་པཱ་ཧྲི་ཆུས་དང་ཁྱིམ་མཚེས་ཡིན། ནུབ་ཏུ་ཧང་ཅིན་ཤོག་ཀ་དང་ས་མཚམས་འབྲེལ་ཞིང་། བྱང་དུ་ཏ་ལ་ཐེ་ཤོག་ཀ་དང་འབྲེལ་ཡོད། ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་དཔལ་འབྱོར་དང་། ཚན་རྩལ། དངུལ་རྩ། འགྲིམ་འགྲུལ། ཆ་འཕྲིན་བཅས་ཀྱི་ལྟེ་གནས་ཡིན། ཏུང་ཧྲེང་ཆུས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1788ཟིན་པ་དང་ཆུས་ཡོངས་ཀྱི་ཁྱིམ་ཐོའི་མི་གྲངས་ཁྲི26.29(སྤྱི་ལོ2016ལོ)ཡོད། ཏུང་ཧྲེང་ཆུས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ3དང་ཁྲོམ་ལམ9ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
东胜区
ཕྱི་ཡིག་གི་མིང་།
DongshengDistrict
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ3དང་ཁྲོམ་ལམ9ཡོད།
སྲིད་གཞུང་གནས་ཡུལ།
ཀུང་ཡོན་ཁྲོམ་ལམ་དོན་གཅོད་ཁྲུའུ།
ས་ཁོངས་ཁ་པར་ཨང་རྟགས།
0477
སྦྲག་སྲིད་ཨང་རྟགས།
017000
གནས་ཡུལ།
ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་དབུས་རྒྱུད་ཀྱི་ཤར་ཕྱོགས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1788ཡོད།
མི་གྲངས།
ཁྲི26.29ཡོད།(སྤྱི་ལོ2016ལོའི་ཁྱིམ་ཐོའི་མི་གྲངས)
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
གནམ་གྲུ་ཐང་།
ཨོ་ཨེར་ཏུའོ་སི་དབྱི་ཅིན་ཧོ་ལུའོ་རྒྱལ་སྤྱིའི་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཏུང་ཧྲེང་ནུབ་ཚུགས།
རླངས་འཁོར་ཚབ་ཨང་།
མེང(蒙)K
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
150602
1 ​ངོ་སྤྲོད་མདོར་བསྡུས།

སྤྱི་ལོ2016ལོར་ཆུས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར942.72ཟིན་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས7.5%འཕར་བ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི0.3མཐོ་རུ་ཕྱིན་ཡོད།

ཏུང་ཧྲེང་ཆུས་སྤྱི་ལོ2017ལོར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེན་པོ་ལྡན་པའི་ཆུས་བརྒྱའི་ཁྲོད་དུ་བདམས། སྤྱི་ལོ2018ལོར་རྒྱལ་ཡོངས་ཀྱི་མ་འཇོག་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པའི་ཆུས་བརྒྱ་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཆེན་གྱི་ཆུས་བརྒྱ། རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོབས་ཆེན་གྱི་ཆུས་བརྒྱ་བཅས་སུ་བདམས། སྤྱི་ལོ2018ལོའི་ཟླ11པར། སྤྱི་ལོ2018ལོའི་བཟོ་ལས་སྟོབས་ཆེན་གྱི་ཆུས་བརྒྱའི་ཁྲོད་དུ་བདམས། སྤྱི་ལོ2018ལོའི་ཟླ12པའི་ཚེས29ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཁག་དྲུག་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་ཆུས(ལས་ཁུངས)སུ་བདམས། སྤྱི་ལོ2019ལོའི་ཟླ10པར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེའི་ཆུས་བརྒྱའི(རྒྱལ་ཡོངས་ཀྱི་སྟོབས་ཆེའི་ཆུས་བརྒྱ)ཨང45པར་བདམས། སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོབས་ཆེན་གྱི་ཆུས་བརྒྱ་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཆེན་གྱི་ཆུས་བརྒྱ་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེན་གྱི་ཆུས་བརྒྱ་བཅས་སུ་བདམས།

ཆུས་ཨུའི་ཧྲུའུ་ཅི། ཀྲང་ཀྲན་ལིན། ཚབ་འཛིན་ཆུས་ཀྲང་ལིའུ་ཧྥེང་ཡུན།

2 ལོ་རྒྱུས་འཕེལ་རིམ།

མིན་གོ་སྲིད་ལོ་དང་པོའི(སྤྱི་ལོ1912ལོ)ཟླ5པར། ཏུང་ཧྲེང་ཐིང་ཏུང་ཧྲེང་རྫོང་དུ་བསྒྱུར་ཞིང་། ཧྲན་ཞི་ཀུའེ་སུའེ་ཀོན་ཁྲ་ཧྲི་ཡི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་གསུམ་པར(སྤྱི་ལོ1914ལོ)ཅིན་སུའེ་སོ་སོར་བཅས་སྐྱོང་བྱས་ཏེ། སུའེ་ཡོན་དམིགས་བསལ་སྲིད་འཛིན་ཁུལ་བཙུགས། ཏུང་ཧྲེང་རྫོང་དེའི་ཁོངས་སུ་གཏོགས། མིན་གོ་སྲིད་ལོ་ལྔ་པར(སྤྱི་ལོ1916ལོ)རྫོང་སྲིད་གཞུང་དེ་སླར་ཡང་པའོ་ཐོའུ་རུ་སྤོས། མིན་གོ་སྲིད་ལོ་བཅུ་བདུན་པར(སྤྱི་ལོ1928ལོ)སུའེ་ཡོན་དམིགས་བསལ་སྲིད་འཛིན་ཁུལ་དེ་སུའེ་ཡོན་ཞིང་ཆེན་དུ་བསྒྱུར། ཏུང་ཧྲེང་རྫོང་དེ་སུའེ་ཡོན་ཞིང་ཆེན་གྱི་ཐད་གཏོགས་ས་ཁོངས་སུ་བསྡུས། མིན་གོ་སྲིད་ལོ་བཅུ་དགུ་པར(སྤྱི་ལོ1930ལོར)རྫོང་སྲིད་གཞུང་པའོ་ཐོའུ་ནས་རྫོང་ཁོངས་ཐའོ་ཡིའུ་ཧྥང་དུ་སྤོས། (ད་ལྟའི་དབྱི་ཅིན་ཧུའོ་ལུའོ་ཆི་ན་ལིན་ཐའོ་ཧའེ་ཡུལ་ཚོ་ཡི་མངའ་ཁོངས) མིན་གོ་སྲིད་ལོ་ཉི་ཤུ་པར(སྤྱི་ལོ1931ལོ)དབྱང་ཁྲང་གི་ཡ་མོན་རྙིང་བའི་ཁུལ་དུ་རྫོང་མཁར་བསྐྲུན། མིན་གོ་སྲིད་ལོ་ཉེར་བརྒྱད་པར(སྤྱི་ལོ1939ལོ)ཏུང་ཧྲེང་རྫོང་དེ་སུའེ་ཡོན་ཞིང་ཆེན་གྱི་ཆུས་གསུམ་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་གཏོགས་ཡིན།

སྤྱི་ལོ1949ལོར་མིན་གོ་སྲིད་ལོ38པར་སུའེ་ཡོན་གྱི“དགུ་པའི་བཅུ་དགུའི”འོས་ལངས་དང་མཉམ་དུ་ཞི་བས་བཅིངས་འགྲོལ་བཏང་།

སྤྱི་ལོ1949ལོའི་ཟླ12པར། ཏུང་ཧྲེང་རྫོང་དེ་སུའེ་ཡོན་ཞིང་ཆེན་གྱི་ཐད་གཏོགས་རྫོང་ནས་སུའེ་ཡོན་ཞིང་ཆེན་གྱི་དབྱི་ཁེ་ཀྲའོ་མེང་གི་མངའ་འོག་ཏུ་བསྒྱུར། སྤྱི་ལོ1954ལོར་སུའེ་ཡོན་ཞིང་ཆེན་ནང་སོག་རང་སྐྱོང་ལྗོངས་སུ་ཟླ་སྒྲིལ་བཏང་། ཏུང་ཧྲེང་རྫོང་ནི་ནང་སོག་རང་སྐྱོང་ལྗོངས་དབྱི་ཁེ་ཀྲའོ་མེང་གི་ཁོངས་གཏོགས་ཡིན། སྤྱི་ལོ1958ལོའི་ཟླ3པར་ཏུང་ཧྲེང་རྫོང་ཅི་ཀའེ་ཀོའུ་ཡུལ་ཚོ་ཡི་ཧོང་ཤོག་ཀ་དང་། ཞིན་ཧྲེང་། མིན་ཧྲེང་བཅས་མཐོ་རིམ་མཉམ་ལས་ཁང་གསུམ་ཏ་ལ་ཐེ་ཤོག་ཀ་ཡི་ཁོངས་སུ་བཅུག སྤྱི་ལོ1983ལོའི་ཟླ10པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཏུང་ཧྲེང་རྫོང་ཕྱིར་འཐེན་བྱས་ཏེ་རྫོང་རིམ་པའི་ཏུང་ཧྲེང་གྲོང་ཁྱེར་བཙུགས་ནས་སྔར་བཞིན་དབྱི་ཁེ་ཀྲའོ་མེང་གི་ཁོངས་སུ་གཏོགས། སྤྱི་ལོ1984ལོའི་ཟླ1པོའི་ཚེས1ཉིན་དངོས་སུ་གྲོང་ཁྱེར་དུ་བསྒྱུར། སྤྱི་ལོ2000ལོར་རྫོང་རིམ་པའི་ཏུང་ཧྲེང་གྲོང་ཁྱེར་ཕྱིར་འཐེན་བྱས་ཏེ་རྫོང་རིམ་པའི་ཏུང་ཧྲིན་ཆུས་བཙུགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2014ལོར། ཏུང་ཧྲེང་ཆུས་ཀྱི་མངའ་ཁོངས་སུ་པོ་ཨེར་ཅང་ཧའེ་ཙི་གྲོང་རྡལ་དང་། ཧན་ཐའེ་གྲོང་རྡལ། ཐུང་ཁྲོན་གྲོང་རྡལ་བཅས་གྲོང་རྡལ3དང་གྲོང་ཚོ25 ཁྲོམ་ལམ12བཅས་ཡོད།

སྤྱི་ལོ2016ལོའི་ཟླ6པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་ལྟར་ཨོ་ཨེར་ཏུའོ་སི་ཏུང་ཧྲེང་ཆུས་ཧ་པ་ཀེ་ཞི་ཁྲོམ་ལམ་དང་། ཆིང་ཁྲོན་ཧྲནཁྲོམ་ལམ། པིན་ཧོ་ཁྲོམ་ལམ་བཅས་ཁང་པཱ་ཧྲི་ཆུས་ཀྱི་བདག་སྐྱོང་བྱེད་ཁོངས་སུ་བཅུག ལེགས་སྒྲིག་བྱས་རྗེས་ཀྱི་ཏུང་ཧྲེང་ཆུས་ཀྱི་ཁོངས་གཏོགས་སུ་པོ་ཨེར་ཅང་ཧའེ་ཙི་གྲོང་རྡལ་དང་། ཧན་ཐའེ་གྲོང་རྡལ། ཐུང་ཁྲོན་གྲོང་རྡལ་བཅས་གྲོང་རྡལ3དང་ཁྲོམ་ལམ9སྟེ། ཅའོ་ཐུང་ཁྲོམ་ལམ་དང་། ཀུང་ཡོན་ལུའུ་ཁྲོམ་ལམ། ལེན་ཡིན་ལུའུ་ཁྲོམ་ལམ། ཅན་ཧྲུའེ་ཅེ་ཁྲོམ་ལམ། ཧྥུའུ་ཤིང་ལུའུ་ཁྲོམ་ལམ། ཐེན་ཅིང་ཁྲོམ་ལམ། པ་དབྱིན་མོན་ཁེ་ཁྲོམ་ལམ། ཧོ་ཨོ་ལུན་ཁྲོམ་ལམ་བཅས་ཡོད། ཆུས་སྲིད་གཞུང་ཐེན་ཅིང་ཁྲོམ་ལམ་དུ་བཅའ་སྡོད་བྱས་ཡོད།

4 ནམ་ཟླ།

ཏུང་ཧྲེང་ཆུས་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁོངས་གཏོགས་ཡིན། དགུན་དུས་རིང་ཞིང་དབྱར་ཁ་ཐུང་ལ་དུས་བཞིའི་དབྱེ་བ་གསལ། ཏུང་ཧྲེང་ཆུས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ5.5ཡིན། ནུབ་རྒྱུད་ས་ཁུལ་གྱི་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ5.2ཡིན་པ་དང་ལོ་རེར་ཉི་འོད་ཆུ་ཚོད3100ནས3200བར་ཕོག་གིན་ཡོད། སད་མེད་དུས་ཡུན་ཅུང་ཐུང་ཞིང་། ཤར་རྒྱུད་དུ་སྤྱིར་བཏང་དུ་ཉིན135དང་། ནུབ་རྒྱུད་དུ་སྤྱིར་བཏང་དུ་ཉིན116ཡིན། ཆར་ཆུ་འབབ་ཚད་ཉུང་ཞིང་ལོ་རེའི་ཆར་ཆུ་འབབ་ཚད་ཀྱི་འགྱུར་ལྡོག་ཅུང་ཆེ། ཤར་རྒྱུད་ས་ཁུལ་དུ་ལོ་རེར་ཆ་སྙོམས་སུ་ཆར་ཆུ་འབབ་ཚད་ཧའོ་སྨི400.2ཟིན་ཞིང་། ནུབ་རྒྱུད་ས་ཁུལ་དུ་ཆ་སྙོམས་སུ་ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི325.8ཟིན་ཡོད། ཆར་ཆུ་འབབ་ཚད་ཟླ7པ་ནས་ཟླ8པའི་བར་གཅིག་སྡུད་བྱས་ཡོད། སྐབས་འགར་ཆར་པ་འབབ་ཚད་མང་ཞིང་། ཤར་རྒྱུད་ས་ཁུལ་དུ་ཆུ་ལོག་འབྱུང་སླ་བ་དང་། ནུབ་རྒྱུད་ས་ཁུལ་དུ་ཞོད་སྐྱོན་འབྱུང་སླ། དེ་མིན་ཟླ་རེར་ཆར་ཆུ་ཤིན་ཏུ་ཉུང་ཞིང་ཐན་པ་ཚབས་ཆེན་ཡིན་ལ། ལོ་རེར་རླངས་པར་འགྱུར་ཚད་ཧའོ་སྨི2200ཡན་ཡིན། དབྱར་ཁ་དང་སྟོན་ཁར་སེར་བའི་གནོད་འཚེ་དང་། དགུན་ཁ་དང་དཔྱིད་ཀར་རླུང་ཆེན་གྱི་གནོད་འཚེ་ཡོད།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

སྤྱི་ལོ2015ལོའི་ལོ་མཇུག་བར་དུ་ཏུང་ཧྲེང་ཆུས་ཀྱི་དུད་ཚང་བསྡོམས་འབོར97228ཟིན་པ་དེ་ན་ནིང་དང་བསྡུར་ན་དུད་ཚང6076འཕར་ཡོད། ཁྱིམ་ཐོའི་མི་གྲངས258711ཡོད་པ་དེ་ན་ནིང་ལས་མི3185འཕར་ནས་འཕར་ཚད1.2%ཟིན་ཡོད། དེའི་ནང་དུ་སྐྱེས་པ129324ཡོད་པ་དེས་སྤྱིའི་མི་འབོར་གྱི50%བཟུང་ཡོད། བུད་མེད129387ཡོད་པ་དེས་སྤྱིའི་མི་འབོར་གྱི50%བཟུང་ཞིང་། ཕོ་མོའི་བསྡུར་ཚད99.95ཟིན་ཡོད། སྤྱི་ལོ2015ལོར་ཏུང་ཧྲེང་ཆུས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་སྡོད་མཁན་མི230075དང་གྲོང་གསེབ་ཏུ་སྡོད་མཁན་མི28636ཡོད། ལོ་ཧྲིལ་པོར་མི3467གསར་དུ་སྐྱེས། མི་གྲངས་སྐྱེས་ཚད13.4‰ཟིན་པ་དང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་ཐོ609ཐོ་ཁོངས་ནས་གསུབ་ཡོད། ཤི་ཚད་སྟོང་ཆའི2.4ཡིན།

5_2 མི་རིགས།

ཏུང་ཧྲེང་ཆུས་ཀྱི་མངའ་ཁོངས་སུ་རྒྱ་རིགས་དང་། སོག་རིགས། མན་ཇུ་རིགས། ཧུའེ་རིགས། ཏ་ཝོར་རིགས། ཁྲའོ་ཞན་རིགས། བོད་རིགས། ཨོ་ཝུན་ཁེ་རིགས། དབྱིས་རིགས། པའེ་རིགས། ཐུའུ་ཅ་རིགས། མིའོ་རིགས་སོགས་ཡོད།

6 དཔལ་འབྱོར།

སྤྱི་ལོ2015ལོར་ཏུང་ཧྲེང་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར883.89ཟིན་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་སྔོན་མ་ལས7.2%འཕར་ཡོད་འཕར་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི0.9མཐོ་རུ་ཕྱིན་ཡོད། དེའི་ནང་དུ་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.34ཟིན་པ་དེ་ལོ་སྔོན་མ་ལས2.1%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར329.4ཟིན་པ་དེ་ལོ་སྔོན་མ་ལས7.6%འཕར་ཡོད། དེའི་ནང་དུ་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར270.4ཟིན་ཡོད། ལོ་སྔོན་མ་ལས7.8%འཕར་ཞིང་། ཨར་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར59བྱུང་བ་དེ་ལོ་སྔོན་མ་ལས6.2%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར553.15ཟིན་པ་དེ་ལོ་སྔོན་མ་ལས7.0%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་གྱི་བསྡུར་ཚད་ནི0.2.62.5ཡིན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར174751ཟིན་ཡོད།

7 སློབ་གསོ།

སྤྱི་ལོ2014ལོའི་བར་དུ། ཏུང་ཧྲེང་ཆུས་ཀྱི་མངའ་ཁོངས་སུ་རིམ་པ་ཁག་དང་རིགས་ཁག་གི་གཞུང་བཙུགས་སློབ་གྲྭ67ཡོད་པའི་ནང་དུ་སློབ་འབྲིང1དང་། ལས་རིགས་མཐོ་འབྲིང1  དམའ་རིམ་སློབ་འབྲིང10 སློབ་ཆུང28 སོག་རིགས་སློབ་གྲྭ1 གཞུང་བཙུགས་བུ་བཅོལ་ཁང25 ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་རྟེན་གཞི1བཅས་ཡོད། དམངས་བཙུགས་སློབ་གྲྭ་དང་བུ་བཅོལ་ཁང65ཡོད་པའི་ནང་དུ་དམངས་བཙུགས་ལས་རིགས་སློབ་གྲྭ1དང་། རྒྱལ་སྤྱིའི་སློབ་གྲྭ1 དམངས་གཉེར་བུ་བཅོལ་ཁང38ཐོ་འགོད་བྱས་ཡོད། ཐོ་འགོད་བྱས་མེད་པའི་དམངས་གཉེར་བུ་བཅོལ་ཁང25ཡོད། ཏུང་ཧྲེང་ཆུས་ཀྱི་སློབ་གྲྭའི་སློབ་མ་དང་བྱིས་པ་ཁྱོན70098ཡོད།

8 འཕྲོད་བསྟེན།                        

སྤྱི་ལོ2014ལོའི་བར་དུ་ཏུང་ཧྲེང་ཆུས་ཀྱི་མངའ་ཁོངས་སུ་གྲོང་ཁྱེར་ཐད་གཏོགས་སྨན་བཅོས་ལས་ཁུངས5དང་། དམངས་གཉེར་སྨན་ཁང17 ལྗོངས་ཐད་གཏོགས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས20 སྤྱི་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས23 གྲོང་ཚོའི་འཕྲོད་བསྟེན་ཁང30 ཁེར་གཉེར་སྨན་བཅོས་ཁང350བཅས་ཡོད། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་མལ་ཁྲི2879དང་། སྨན་བཅོས་ལག་རྩལ་མི་སྣ3088ཡོད་པའི་ནང་དུ་ཆུས་ཀྱི་ཁོངས་གཏོགས་ཀྱི་སྨན་བཅོས་ལས་ཁུངས་ཀྱི་མལ་ཁྲི400དང་ལས་བཟོ802ཡོད།

9 གཟི་བརྗིད་མཚན་སྙན།

ཏུང་ཧྲེང་ཆུས་སྤྱི་ལོ2017ལོར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེན་པོ་ལྡན་པའི་ཆུས་བརྒྱའི་ཁྲོད་དུ་བདམས། སྤྱི་ལོ2018ལོར་རྒྱལ་ཡོངས་ཀྱི་མ་འཇོག་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པའི་ཆུས་བརྒྱ་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཆེན་གྱི་ཆུས་བརྒྱ། རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོབས་ཆེན་གྱི་ཆུས་བརྒྱ་བཅས་སུ་བདམས། སྤྱི་ལོ2018ལོའི་ཟླ11པར། སྤྱི་ལོ2018ལོའི་བཟོ་ལས་སྟོབས་ཆེན་གྱི་ཆུས་བརྒྱའི་ཁྲོད་དུ་བདམས། སྤྱི་ལོ2018ལོའི་ཟླ12པའི་ཚེས29ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཁག་དྲུག་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་ཆུས(ལས་ཁུངས)སུ་བདམས། སྤྱི་ལོ2019ལོའི་ཟླ10པར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་སྟོབས་ཆེའི་ཆུས་བརྒྱའི(རྒྱལ་ཡོངས་ཀྱི་སྟོབས་ཆེའི་ཆུས་བརྒྱ)ཨང45པར་བདམས། སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོབས་ཆེན་གྱི་ཆུས་བརྒྱ་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཆེན་གྱི་ཆུས་བརྒྱ་དང་། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེན་གྱི་ཆུས་བརྒྱ་བཅས་སུ་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། ས་ཁོངས། གནས་ཡུལ། མི་རིགས།