ཉིའུ་ཅུན་ཡན།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-07-08 15:53ལ་འགྲུབ།

ཉིའུ་ཅུན་ཡན།

ཉིའུ་ཅུན་ཡན།
ཉིའུ་ཅུན་ཡན། སྐྱེས་པ། རྒྱ་རིགས། སྤྱི་ལོ1962ལོའི་ཟླ1པོར་སྐྱེས། ཧྲན་ཞི་ཏ་ཐུང་གི་མི་ཡིན། ཀྲུང་དབྱང་ཏང་གི་སློབ་གྲྭ་ཆེན་མོའི་བསླབ་རིམ་ལྡན། མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པའི་བསླབ་གནས་ཐོབ། སྤྱི་ལོ1991ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། སྤྱི་ལོ1979ལོའི་ཟླ12པར་ལས་ཀར་ཞུགས། ད་ལྟ་ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་ཏང་ཨུ་ཡི་ཧྲུའུ་ཅི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
牛俊雁
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧྲན་ཞི་ཏ་ཐུང་།
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ1པོ།
མཐར་ཕྱིན་སློབ་གྲྭ།
ཀྲུང་དབྱང་ཏང་གི་སློབ་གྲྭ།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1979ལོའི་ཟླ12པ་ནས་སྤྱི་ལོ1982ལོའི་ཟླ6པའི་བར་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་སྡོད་ཁང་དོ་དམ་ཅུས་ཀྱི་སྡོད་ཁང་དོ་དམ་སུའོ་དང་པོའི་དོ་དམ་པ་བྱས།

སྤྱི་ལོ1982ལོའི་ཟླ6པ་ནས་སྤྱི་ལོ1992ལོའི་ཟླ10པའི་བར་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་སྡོད་ཁང་དོ་དམ་ཅུས་ཀྱི་ཁོ་ཡོན་བྱས།(སྤྱི་ལོ1990ལོའི་ཟླ8པ་ནས་སྤྱི་ལོ1993ལོའི་ཟླ6པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་ཀྱི་ཆེད་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང)

སྤྱི་ལོ1992ལོའི་ཟླ10པ་ནས་སྤྱི་ལོ1994ལོའི་ཟླ12པའི་བར་སྔ་རྗེས་སུ་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་སྡོད་ཁང་དོ་དམ་ཅུས་ཀྱི་སྡོད་ཁང་དོ་དམ་ཁོ་ཡི་ཁོ་ཀྲང་གཞོན་པ་དང་ཁོ་ཀྲང་གི་འགན་བཞེས།

སྤྱི་ལོ1994ལོའི་ཟླ12པ་ནས་སྤྱི་ལོ1997ལོའི་ཟླ4པའི་བར། ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་སྡོད་ཁང་ལམ་ལུགས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་བྱས། (སྤྱི་ལོ1993ལོའི་ཟླ8པ་ནས་སྤྱི་ལོ1995ལོའི་ཟླ12པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་སུ་སློབ་སྦྱོང་བྱས)

སྤྱི་ལོ1997ལོའི་ཟླ4པ་ནས་སྤྱི་ལོ1998ལོའི་ཟླ2པའི་བར། ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་དང་གྲོང་ཁྱེར་སྡོད་ཁང་སྒྱུར་བཅོས་གཞུང་དོན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས། (ཁྲུའུ་རིམ་པ་གཞོན་པ)(སྤྱི་ལོ1997ལོའི་ཟླ5པ་ནས་སྤྱི་ལོ1998ལོའི་ཟླ5པའི་བར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་གི་ཁྲོམ་རའི་དཔལ་འབྱོར་ཆེད་ལས་སུ་སློབ་སྦྱོང་བྱས)

སྤྱི་ལོ1998ལོའི་ཟླ2པ་ནས་སྤྱི་ལོ2001ལོའི་ཟླ4པའི་བར་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་སྡོད་ཁང་བདག་དབང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་དང་གྲོང་ཁྱེར་སྡོད་ཁང་སྒྱུར་བཅོས་གཞུང་དོན་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་གནང་།

སྤྱི་ལོ2001ལོའི་ཟླ4པ་ནས་སྤྱི་ལོ2003ལོའི་ཟླ8པའི་བར་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་སྡོད་ཁང་དོ་དམ་ཅུས་ཀྱི་ཏང་ཨུ་ཧྲུའུ་ཅི་དང་ཅུས་ཀྲང་གི་འགན་བཞེས།

སྤྱི་ལོ2003ལོའི་ཟླ8པ་ནས་སྤྱི་ལོ2004ལོའི་ཟླ1པོའི་བར་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་པའེ་ཡུན་ཁོན་ཆུས་ཏང་ཡི་ཨུ་ཧྲུའུ་ཅི་བྱས།

སྤྱི་ལོ2004ལོའི་ཟླ1པོ་ནས་སྤྱི་ལོ2007ལོའི་ཟླ10པའི་བར་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་པའེ་ཡུན་ཁོན་ཆུས་ཏང་ཨུ་ཧྲུའུ་ཅི་དང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བྱས།

སྤྱི་ལོ2007ལོའི་ཟླ10པ་ནས་སྤྱི་ལོ2008ལོའི་ཟླ12པའི་བར་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་ཆིང་ཧྲན་ཆུས་ཏང་ཨུ་ཡི་ཧྲུའུ་ཅི་བྱས།

སྤྱི་ལོ2008ལོའི་ཟླ12པ་ནས་སྤྱི་ལོ2009ལོའི་ཟླ12པའི་བར། ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་། ཆིན་ཧྲན་ཆུས་ཏང་ཨུ་ཧྲུའུ་ཅི་བྱས། (སྤྱི་ལོ2007ལོའི་ཟླ4པ་ནས་སྤྱི་ལོ2009ལོའི་ཟླ12པའི་བར། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱི་མཐོ་རིམ་དོ་དམ་མི་སྣའི་བཟོ་ཚོང་དོ་དམ་ཆེད་ལས་སུ་སློབ་སྦྱོང་བྱས་ཏེ་རབ་འབྱམས་པའི་བསླབ་གནས་ཐོབ)

སྤྱི་ལོ2009ལོའི་ཟླ12པའི་སྤྱི་ལོ2013ལོའི་ཟླ1པོའི་བར་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་བྱས།

སྤྱི་ལོ2013ལོའི་ཟླ1པོ་ནས་སྤྱི་ལོ2015ལོའི་ཟླ4པའི་བར་ནང་སོག་རང་སྐྱོང་ལྗོངས་པ་ཡན་ཀྲོ་ཨེར་གྲོང་ཁྱེར་ཏང་ཨུ་ཡི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ་བྱས།

སྤྱི་ལོ2015ལོའི་ཟླ4པ་ནས་སྤྱི་ལོ2015ལོའི་ཟླ11པའི་བར། ནང་སོག་རང་སྐྱོང་ལྗོངས་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་། རང་སྐྱོང་ལྗོངས་ནུས་ཁུངས་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་། རང་སྐྱོང་ལྗོངས་ལྕགས་ལམ་གྱི་གཙོ་གནད་རྣམ་གྲངས་མཐུན་སྦྱོར་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2015ལོའི་ཟླ11པ་ནས་སྤྱི་ལོ2015ལོའི་ཟླ12པའི་བར། ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་གྲོང་ཁྱེར་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་བྱས།

སྤྱི་ལོ2015ལོའི་ཟླ12པ་ནས་སྤྱི་ལོ2016ལོའི་ཟླ1པོའི་བར་ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། ལས་ཚབ་ཧྲི་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ1པོ་ནས་སྤྱི་ལོ2016ལོའི་ཟླ12པའི་བར། ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་དང་ཧྲི་ཀྲང་གི་འགན་བཞེས།

སྤྱི་ལོ2016ལོའི་ཟླ12པ་ནས་ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་གྲོང་ཁྱེར་ཏང་ཨུ་ཡི་ཧྲུའུ་ཅིའི་འགན་བཞེས།

ཀྲུང་གོ་གུང་ཁྲན་ཏང་ནང་སོག་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་ཡིན།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2016ལོའི་ཟླ12པའི་ཚེས25ཉིན། ཨོ་ཨེར་ཏུའོ་སི་གྲོང་ཁྱེར་ཏང་ཨུ་ཡིས་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་རང་སྐྱོང་ལྗོངས་ཏང་ཨུ་ཡིས་གཏན་འབེབས་བྱས་པ་ལྟར། བློ་མཐུན་ཉིའུ་ཅུན་ཡན་གྱིས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་ཏང་ཨུ་ཧྲུའུ་ཅིའི་འགན་བཞེས། ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་ཧྲི་ཀྲང་གི་གོ་གནས་ཕྱིར་འཐེན་བྱས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། ཆབ་སྲིད། ཏང་ཨུ།