ཨོ་ཨེར་ཏུའོ་སི་གྲོང་ཁྱེར།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-07-08 15:54ལ་འགྲུབ།

ཨོ་ཨེར་ཏུའོ་སི་གྲོང་ཁྱེར།

ཨོ་ཨེར་ཏུའོ་སི་གྲོང་ཁྱེར།
ཨོ་ཨེར་ཏུའོ་སི་ནི་སོག་སྐད་དུ“ཕོ་བྲང་མང་པོ”ཞེས་པའི་དོན་ཡིན། ནང་སོག་རང་སྐྱོང་ལྗོངས་ཀྱི་མངའ་འོག་གི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། ནང་སོག་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་ཏུ་གནས་ཡོད། ཨོ་ཨེར་ཏུའོ་སིའི་མཐོ་སྒང་གི་དབུས་ཁུལ་དུ་གནས་ཡོད། བྱང་གི་འཕྲེད་ཐིག37°35′24″~40°51′40″དང་། ཤར་གྱི་གཞུང་ཐིག106°42′40″~111°27′20″བར་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ86752ཟིན་ཡོད། ཨོ་ཨེར་ཏུའོ་སི་ནི་བྱང་གི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁུལ་དུ་གནས་ཡོད། དབྱར་དགུན་གྱི་དྲོ་གྲང་གི་འགྱུར་ལྡོག་ཧ་ཅང་ཆེ། སྤྱི་ལོ2018ལོའི་བར། ཨོ་ཨེར་ཏུའོ་སིའི་ཁོངས་སུ་ཆུས2དང་ཤོག་ཀ7ཡོད། ཁང་པ་ཧྲི་ཆུས་སུ་གྲོང་ཁྱེར་སྲིད་གཞུང་བཅའ་སྡོད་བྱས་ཡོད། ཨོ་ཨེར་ཏུའོ་སིའི་རྒྱུན་སྡོད་མི་གྲངས་ཁྲི207.84ཡོད། སྤྱི་ལོ2018ལོའི་ཟླ11པར། ཨོ་ཨེར་ཏུའོ་སི་ཀྲུང་གོའི་གྲོང་ཁྱེར་གྱི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྟོན་གྲངས་ཀྱི་གྲོང་ཁྱེར100ཡི་ནང་དུ་ཚུད། སྤྱི་ལོ2018ལོར་ཨོ་ཨེར་ཏུའོ་སིའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར3763.2ཟིན་ཡོད། ལོ་སྔོན་མ་ལས་བརྒྱ་ཆའི5.0འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鄂尔多斯
ཕྱི་ཡིག་གི་མིང་།
Ordos
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནུབ་བྱང་།
མངའ་ཁོངས།
ཏུང་ཧྲིན་ཆུས་དང་། ཁང་པ་ཧྲི་ཆུས། ཇུན་གར་ཤོག་ཀ། ཏ་ལ་ཐེ་ཤོག་ཀ་སོགས་ཤོག་ཀ་བདུན་དང་ཆུས་གཉིས་ཡོད།
སྲིད་གཞུང་གནས་ཡུལ།
ཁང་པ་ཧྲི་ཆུས།
ས་ཁོངས་ཁ་པར་ཨང་རྟགས།
0477
སྦྲག་སྲིད་ཨང་རྟགས།
017000
གནས་ཡུལ།
ནང་སོག་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ86752ཡོད།
མི་གྲངས།
མི་ཁྲི207.84ཡོད།(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས)
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མེ་འཁོར་འབབ་ཚུགས།
ཨོ་ཨེར་ཏུའོ་སི་འབབ་ཚུགས་དང་། ཏུང་ཧྲིན་ནུབ་ཚུགས། ཏུང་ཧྲིན་ཤར་ཚུགས། ཇུན་གར་འབབ་ཚིགས། ཏ་ལ་ཐེ་ནུབ་ཚུགས་སོགས་ཡོད།
རླངས་འཁོར་ཚབ་ཨང་།
མེང(蒙)K
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
150600
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར3763.2ཡོད།(སྤྱི་ལོ2018ལོ)
1 ​ལོ་རྒྱུས་འཕེལ་རིམ།

མིན་གོ་སྲིད་ལོ38པའི(སྤྱི་ལོ1949ལོ)ཟླ3པའི་ཚེས11ཉིན། ཏ་ལ་ཐེ་ཤོག་ཀ་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཟླ5པའི་ཚེས1ཉིན། དབྱི་ཏུང་དང་དབྱི་ཞི་གཉིས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་ཟླ་སྒྲིལ་བཏང་། ཀྲུང་གུང་དབྱི་ཁེ་ཀྲའོ་མེང་ཨུ་ཡོན་ལྷན་ཁང་བཙུགས། ཟླ5པའི་ཚེས22ཉིན་དབྱི་མེང་རང་སྐྱོང་སྲིད་དོན་ཨུ་ཡོན་ལྷན་ཁང་བཙུགས། ཟླ7པའི་ཚེས22ཉིན། ཆན་ས་ཁེ་ཤོག་ཀ་ས་གནས་ཨུ་ཡོན་ལྷན་ཁང་བཙུགས། ཟླ7པའི་ཚེས25ཉིན། ཀྲུང་གུང་དབྱི་ཁེ་ཀྲའོ་མེང་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་ནས་ཝུའུ་ཀྲེན་ཤོག་ཀ་ཏང་ཨུ་དང་། ཨོ་ཐུའོ་ཁེ་ཤོག་ཀ་ཏང་ཨུ། ཏ་ལ་ཐེ་ཤོག་ཀ་ཏང་ཨུ། ཇུན་ཀེར་ཤོག་ཀ་ཏང་ཨུ། ཏུང་ཅུན་ལས་དོན་ཨུ་ཡོན་ལྷན་ཁང་། ཧང་ཅིན་ཤོག་ཀ་ཏང་ཨུ། ཐའོ་ལི་མིན་ལས་དོན་ཨུ་ཡོན་ལྷན་ཁང་། ཐུང་ཀེ་ལང་སོགས་ཆུས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ12པའི་ཚེས28ཉིན། དབྱི་མེང་མི་དམངས་རང་སྐྱོང་སྲིད་དོན་ཨུ་ཡོན་ལྷན་ཁང་གི་མིང་དེ་སུའེ་ཡོན་ཞིང་ཆེན་དབྱི་མེང་མི་དམངས་རང་སྐྱོང་སྲིད་གཞུང་དུ་བསྒྱུར་ཞིང་། དེ་སྔའི་ཅུན་ཝང་ཆི་ཧུའོ་ལུའོ་རུ་ཏར་ཝུའུ་ཐུའོ་ཆུས་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1950ལོར། དབྱི་ཁེ་ཀྲའོ་མེང(ད་ལྟའི་ཨོ་ཨེར་ཏུའོ་སི་གྲོང་ཁྱེར)ཡོངས་ཁྱབ་ཏུ་སྲིད་འཛིན་སྲིད་དབང་བཙུགས། ཤོག་ཀ་དང་རྫོང་ཁག་གི་ཁོངས་གཏོགས་ས་ཁུལ་དང་། ཡུལ་ཚོ། སྲིད་འཛིན་གྲོང་ཚོ(འབྲོག་ཁུལ་ལ་ཏར་ཀུའུ་ཞེས་འབོད)དང་། རང་བྱུང་གྲོང་ཚོ(འབྲོག་ཁུལ་ལ་ཞའོ་ཏ་ཨེར་ཀུའུ་ཞེས་འབོད)བཙུགས་ཡོད།

སྤྱི་ལོ2001ལོའི་ཟླ4པའི་ཚེས30ཉིན། དབྱི་ཁེ་ཀྲའོ་མེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་དངོས་སུ་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་དུ་མིང་བསྒྱུར།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།
2_1 འཕེལ་རིམ།

སྤྱི་ལོ1649ལོར་ཆིན་རྒྱལ་རབས་ཀྱི་ཧྲུན་ཀྲི་ཁྲི་ལོ་དྲུག་པར(སྤྱི་ལོ1649ལོ)ཆིང་རྒྱལ་རབས་ཀྱིས་སོག་རིགས་ཨོ་ཨེར་ཏུའོ་སིའི་ཚོ་པ་དེ་ཨོ་ཨེར་ཏུའོ་སི་ཙུའོ་དབྱི་ཀྲུང་ཤོག་ཀ(དེ་སྔའི་ཅུན་ཝང་ཤོག་ཀ)དང་། ཨོ་ཨེར་ཏུའོ་སི་ཙུའོ་དབྱི་ཆན་ཤོག་ཀ(ད་ལྟའི་ཇུན་གར་ཤོག་ཀ) ཨོ་ཨེར་ཏུའོ་སི་ཙུའོ་དབྱི་ཧོའུ་ཤོག་ཀ(ད་ལྟའི་ཏ་ལ་ཐེ་ཤོག་ཀ) ཨོ་ཨེར་ཏུའོ་སི་ཡོའུ་དབྱི་ཀྲུང་ཤོག་ཀ(ད་ལྟའི་ཨོ་ཐུའོ་ཁེ་ཤོག་ཀ) ཨོ་ཨེར་ཏུའོ་སི་ཡོའུ་དབྱི་ཆན་ཤོག་ཀ(ད་ལྟའི་ཝུའུ་ཀྲེན་ཤོག་ཀ) ཨོ་ཨེར་ཏུའོ་སི་ཡོའུ་དབྱི་ཧོའུ་ཤོག་ཀ(དེང་སྐབས་ཀྱི་ཧང་ཅིན་ཤོག་ཀ)སོགས་སུ་བགོས་ཤིང་། རྗེས་སུ་ཨོ་ཨེར་ཏུའོ་སི་ཡོའུ་དབྱི་ཆན་མའོ་ཤོག་ཀ་བསྣན།(ཡོན་ཀྲ་ས་ཁེ་ཤོག་ཀ་ཞེས་པ་གསར་དུ་བསྣན་ནས། ཕྱིས་སུ་ཅུན་ཝང་ཤོག་ཀ་དང་ཟླ་སྒྲིལ་བཏང་ནས་དེང་གི་དབྱི་ཅིན་ཧོ་ལུའོ་ཤོག་ཀ་རུ་བསྒྱུར)

མིན་གོ་སྲིད་ལོ་སུམ་ཅུ་པར(སྤྱི་ལོ1941ལོའི)ཟླ3པར། དབྱི་མང་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཐའོ་ལི་མིན་ཕྱིར་འཐེན་བྱས། ཟླ6པར་ཝུའུ་ཧྲིན་ཤོག་ཀ་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཝུའུ་ལ་ཨེར་ལིན་ཕྱིར་འཐེན་བྱས། ཟླ9པར་ཏ་ལ་ཐེ་ཆི་རུ་པའོ91དང་ཅཱ312བཙུགས་ཤིང་། ཏུང་ཧྲེང་རྫོང་དུ་པའོ30དང་ཅཱ289བཙུགས། ཐའོ་ལི་མིན་གྱིས་པའོ28དང་། ཅཱ148བཙུགས། ཟླ11པར། ཨོ་ཐོ་ཁེ་ཆི་གྲོང་ཁྱེར་དུ་འཇར་འགོག་དམངས་གཙོའི་སྲིད་དབང་བཙུགས།

སྤྱི་ལོ1953ལོའི་ཟླ7པར། དབྱི་ཁེ་ཀྲའོ་མེང(ད་ལྟའི་ཨོ་ཨེར་ཏུའོ་སི་གྲོང་ཁྱེར)གིས་གཞི་རིམ་སྲིད་དབང་གི་སྲིད་འཛིན་གྲོང་ཚོའི་མི་དམངས་སྲིད་གཞུང་དེ་ཡུལ་ཚོ་མི་དམངས་སྲིད་གཞུང་དུ་བསྒྱུར།

སྤྱི་ལོ1956ལོར། དབྱི་ཁེ་ཀྲའོ་མེང(ད་ལྟའི་ཨོ་ཨེར་ཏུའོ་སི་གྲོང་ཁྱེར)ཆུས69ལས་ཆུས37མེད་པར་བཟོས། སུའུ་མུའུ26གསར་དུ་བསྐྲུན།

སྤྱི་ལོ1958ལོའི་ཟླ10པར། སྐབས་དེ་དུས་ཀྱི་ཡུལ་ཚོ50དང་། སུའུ་མུའུ23 ཡུལ་ཚོ་རིམ་པའི་གྲོང་རྡལ5བཅས་མི་དམངས་ཀུང་ཧྲེར་བསྒྱུར། དེའི་སྐབས་དེ་དུས་དབྱི་མེང(དེང་གི་ཨོ་ཨེར་ཏུའོ་སི)ལ་ཁྱོན་ཆི7དང་། རྫོང1 མི་དམངས་ཀུང་ཧྲེ78 ཐོན་སྐྱེད་རུ་ཆེན444(དེའི་ནང་དུ་འབྲོག་ལས་རུ་ཆེན100) ཐོན་སྐྱེད་རུ་ཁག2173(དེའི་ནང་དུ་འབྲོག་ལས་ཐོན་སྐྱེད་རུ་ཁག468)བཅས་ཡོད།

སྤྱི་ལོ1984ལོར། དབྱི་མེང(ད་ལྟའི་ཨོ་ཨེར་ཏུའོ་སི)གིས་མི་དམངས་ཀུང་ཧྲེ་དེ་ཡུལ་ཚོ་དང་སུའུ་མུའུ་རུ་བསྒྱུར་བ་དང་། རུ་ཆེན་དེ་གྲོང་ཚོ་དང་ཀ་ཁྲ་རུ་བསྒྱུར།

2_2 སྲིད་འཛིན་ས་ཁུལ་དབྱེ་མཚམས་ཀྱི་གནས་ཚུལ་ཞིབ་ཕྲ།

སྤྱི་ལོ2018ལོའི་བར་དུ། ཨོ་ཨེར་ཏུའོ་སི་ཁོངས་གཏོགས་སུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས2དང་ཤོག་ཀ7ཡོད་པ་དང་། གྲོང་ཁྱེར་སྲིད་གཞུང་ཁང་པ་ཧྲི་ཆུས་སུ་བཅའ་སྡོད་བྱས་ཡོད།

3 ནམ་ཟླ།

ཨོ་ཨེར་ཏུའོ་སི་ནི་བྱང་གི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླའི་ཁུལ་དུ་གནས་ཡོད། དབྱར་དགུན་གཉིས་ཀྱི་དྲོ་གྲང་ལ་འགྱུར་ལྡོག་ཆེན་པོ་ཡོད། ལོ་མང་པོའི་རིང་གི་ཆ་སྙོམས་དྲོད་ཚད6.2℃ཡིན། ཉིན་རེའི་དྲོད་ཚད་མཐོ་ཤོས38℃ཡིན། ཉིན་རེའི་དྲོད་ཚད་དམའ་ཤོས-31.4℃ཡིན། ལོ་མང་པོའི་རིང་དུ་ཆར་ཆུ་འབབ་ཚད་ཧའོ་སྨི348.3ཟིན་ཡོད། ཆར་ཆུ་འབབ་ཚད་ཟླ7པ་དང་ཟླ8པ། ཟླ9པ་བཅས་སུ་གཅིག་སྡུད་བྱས་ཡོད་པ་དེས་ལོ་ཧྲིལ་པོའི་ཆར་ཆུ་འབབ་ཚད་ཀྱི70%ཡས་མས་ཟིན་ཡོད། ལོ་མང་པོའི་ཆ་སྙོམས་ཀྱི་རླངས་པར་འགྱུར་ཚད་ཧའོ་སྨི2506.3ཡོད། ཆར་ཆུ་འབབ་ཚད་ཀྱི་ལྡབ7.2ཡིན། ཟླ5ནས་ཟླ7པའི་རླངས་འགྱུར་བྱེད་ཚད་ཆེས་མང་། ལོ་ཧྲིལ་པོར་ནུབ་རླུང་དང་བྱང་རླུང་དར་ཁྱབ་ཆེ་བ་དང་། ལོ་རེའི་ཆ་སྙོམས་ཀྱི་རླུང་འགྲོས་སྐར་ཆ་རེར་སྨི3.6ཡིན། ཆེས་ཆེ་བའི་རླུང་འགྲོས་སྐར་ཆ་རེར་སྨི22ཡིན། ཆེས་མགྱོགས་པའི་རླུང་གནོན་སྨི་གྲུ་བཞི་མ་རེར་སྟོང་སྨི0.6ཡོད།

4 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ། ཨོ་ཨེར་ཏུའོ་སི་ཡི་རྒྱུན་སྡོད་མི་གྲངས་ཁྲི207.84ཡོད་པའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི154.82ཡོད། གྲོང་གསེབ་ཀྱི་མི་གྲངས་ཁྲི53.02ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད74.49%ཟིན་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་གྲངས་ཁྲི2.05ཟིན་པ་དང་སྐྱེས་ཚད9.87‰ཟིན་ཡོད། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཁྲི1.13དང་ཤི་ཚད5.44‰ཟིན་ཡོད། རང་བྱུང་འཕར་ཚད4.43‰ཡིན། ལོ་མཇུག་ཏུ་ཁྱིམ་ཐོའི་མི་གྲངས་ཁྲི162.27ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི1.42འཕར་ཡོད། སོག་རིགས་གཙོ་བོ་ཡིན་པ་དང་རྒྱ་རིགས་ཀྱིས་མང་ཆེ་བ་ཟིན་ཡོད།

5 དཔལ་འབྱོར།

སྤྱི་ལོ2018ལོར་ཨོ་ཨེར་ཏུའོ་སིའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར3763.2ཟིན་ཡོད། སྤྱི་ལོ2017ལོ་ལས5.0%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར117.8ཟིན་ཡོད། ལོ་སྔོན་མ་ལས2.1%འཕར་ཡོད། དཔལ་འབྱོར་འཕར་རྒྱུར་བྱས་རྗེས་འབུལ་ཚད1.3%ཟིན་ནསGDP0.06%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར1969.1ཟིན་པ་དེ་ལོ་སྔོན་མ་ལས4.1%འཕར་ཡོད། དཔལ་འབྱོར་འཕར་རྒྱུར་བྱས་རྗེས་འབུལ་ཚད41.7%ཟིན་ནསGDP2.09%འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར1676.3ཟིན་པ་དེ་ལོ་སྔོན་མ་ལས6.2%འཕར་ཡོད། དཔལ་འབྱོར་འཕར་རྒྱུར་བྱས་རྗེས་འབུལ་ཚད57.0%ཟིན་ནསGDP2.85%འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད། ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཐེངས་གསུམ་པོ་ནི3.1:52.3:44.6ཡིན།

6 རིག་གནས།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ། ཨོ་ཨེར་ཏུའོ་སིར་རིག་གནས་ཁང་དང་མང་ཚོགས་སྒྱུ་རྩལ་ཁང9ཡོད་ལ། རིག་རྩལ་བྱེད་སྒོ་ཐེངས973ལ་སྤེལ། ཡུལ་ཚོ་དང་གྲོང་རྡལ་རིག་གནས་ས་ཚིགས50དང་སྤྱི་པའི་དཔེ་མཛོད་ཁང9བཅས་ཡོད། དངོས་མང་བཤམས་སྟོན་ཁང7དང་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ10ཡོད་ཅིང་། འཁྲབ་སྟོན་བྱེད་སྒོ་ཐེངས1261ལ་སྤེལ། རླུང་འཕྲིན་དང་བརྙན་འཕྲིན་ཕྱོགས་བསྡུས་ཀྱིས་ཁྱབ་ཚད་སོ་སོར་བརྒྱ་ཆའི99.3དང་བརྒྱ་ཆའི99.1ཟིན་ཡོད། སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི26.8ཡོད། གྲོང་ཁྱེར་ཡོངས་ཀྱི་ཐད་གཏོང་སྲུང་སྐར་དུད་ཚང་ཁྲི94.8ཟིན་པ་དང། ས་ངོས་གྲངས་འཛིན་བརྙན་འཕྲིན་སྤྱོད་མཁན་དུད་ཚང་ཁྲི5.5ཡོད། གྲོང་ཁྱེར་ཡོངས་ཀྱིས་རིན་མེད་གློག་བརྙན་ཐེངས13960བཏང་ནས་ལྟད་མོ་བ་མི་ཐེངས་ཁྲི69ཟིན་ཡོད།

7 འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར་དུ་ཨོ་ཨེར་ཏུའོ་སིར་གཞུང་བཙུགས་སྨན་ཁང27ཡོད། སྤྱི་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས35དང་སྤྱི་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས61 ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང93 གྲོང་ཚོའི་འཕྲོད་བསྟེན་ཁང619བཅས་ཡོད། ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས9དང་། མ་བུ་བདེ་སྲུང་ལས་ཁུངས9 འཕྲོད་བསྟེན་ལྟ་སྐུལ་སུའོ9 གཞུང་གཉེར་སྨན་ཁང་གི་མལ་ཁྲི7212དང་། ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་མལ་ཁྲི1519བཅས་ཡོད། འཕྲོད་བསྟེན་ལག་རྩལ་མི་སྣ15463ཡོད་པའི་ནང་དུ་ཐོ་འགོད་བྱས་པའི་སྨན་པ6074ཡོད་པ་དང་ཐོ་འགོད་བྱས་པའི་ནད་གཡོག5984ཡོད།

8 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2018ལོར་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་ཁྲི46.22ཡོད་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ལ་ཞུགས་མཁན་མི་ཁྲི52.19ཡོད། དེའི་ནང་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒན་གསོའི་འགན་བཅོལ་ནང་མི་ཁྲི3.03ཞུགས་པ་དང་ཞིང་འབྲོག་གི་རྒན་གསོའི་འགན་བཅོལ་ནང་མི་ཁྲི49.16ཞུགས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ལ་མི་ཁྲི116.1ཞུགས་ཡོད། ལས་བཟོ་པའི་སྨན་བཅོས་འགན་བཅོལ་ལ་མི་ཁྲི41.6ཞུགས་ཡོད། བུ་བཙའི་འགན་བཅོལ་ལ་མི་ཁྲི32.43ཞུགས་ཡོད། མི་ཁྲི32.47ལས་རྨས་འགན་བཅོལ་ལ་ཞུགས་ཡོད། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་ཁྲི24.2ཟིན་ཡོད།

སྤྱི་ལོ2018ལོར་ཨོ་ཨེར་ཏུའོ་སི་ཡི་མི29388གསར་དུ་ལས་ཞུགས་བྱས་ཡོད། ལས་ཤོར་མི་སྣ3127ལས་ཞུགས་བསྐྱར་མ་བྱས། ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ2671ལས་ཞུགས་བསྐྱར་མ་བྱས། ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་དངོས་སུ་ཐོ་འགོད་བྱས་པའི་ལས་ཤོར་མི་སྣ19650ཟིན་པ་དེ་ལོ་གོང་མ་ལས་མི2302ཉུང་དུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆའི2.47ནང་ཚུན་དུ་ཚོད་འཛིན་བྱས་ཡོད། ལོ་གོང་མ་ལས་བརྒྱ་ཆའི0.32མར་ཆག་ཡོད།

9 གཟི་བརྗིད་མཚན་སྙན།

རྒྱལ་ཁབ་ཀྱི་དཔལ་ཡོན་གྲོང་ཁྱེར།

རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར།

རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར།

རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར།

ཀྲུང་གོའི་ཕུལ་བྱུང་ཡུལ་སྐོར་གྲོང་ཁྱེར།

ཀྲུང་གོའི་སྐྱེ་ཁམས་ཡུལ་སྐོར་གྲོང་ཁྱེར་བཟང་ཤོས།

ཀྲུང་གོའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་ཡུལ་སྐོར་གྲོང་ཁྱེར་བཟང་ཤོས།

ཀྲུང་གོའི་མ་འཇོག་གི་འགུག་ཤུགས་ཆེ་ཤོས་ལྡན་པའི་གྲོང་ཁྱེར།

སྤྱི་ལོ2018ལོའི་གྲོང་ཁྱེར་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་རྒྱལ་ཡོངས་ཀྱི་ཨང་རིམ48པ་ཡིན།

རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་བཟའ་བཅའི་ཐོན་སྐྱེད་སྤུས་ཚད་དང་བདེ་འཇགས་ཀྱི་དཔེ་སྟོན་གྲོང་ཁྱེར་ཐོག་མར་གཏོད་པའི་ཚོད་ལྟའི་ས་ཁུལ་ཡིན།

སྤྱི་ལོ2017ལོར་ཀྲུང་གོའི་ཆེས་བདེ་འཇགས་ལྡན་པའི་གྲོང་ཁྱེར་དུ་བདམས།

སྤྱི་ལོ2018ལོའི་ཀྲུང་གོའི་གསོན་ཤུགས་ཆེ་ཤོས་ལྡན་པའི་སྤྲོ་གསེང་གྲོང་ཁྱེར་ཆེ་གྲས་བཅུའི་ཁྲོད་དུ་བདམས།

རྒྱལ་ཡོངས་ཀྱི་གྲོང་ཁྱེར་སྨན་བཅོས་མཉམ་འབྲེལ་ལས་ཁུངས་འཛུགས་སྐྲུན་གྱི་ཚོད་ལྟའི་གྲོང་ཁྱེར།

སྤྱི་ལོ2019ལོའི་ཀྲུང་གོའི་ཕུལ་བྱུང་གྲོང་ཁྱེར་བརྒྱའི་ཨང་རིམ་ཨང46པ་ཡིན།

སྤྱི་ལོ2019ལོར་ཀྲུང་གོའི་ས་ཁུལ་རིམ་པའི་ཕུལ་བྱུང་གྲོང་ཁྱེར་བརྒྱའི་ཨང32པ་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། ས་ཁོངས། གནས་ཡུལ།