སི་ཆིན་པི་ལི་ཀེ།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-07-08 15:55ལ་འགྲུབ།

སི་ཆིན་པི་ལི་ཀེ།

སི་ཆིན་པི་ལི་ཀེ།
སི་ཆིན་པི་ལི་ཀེ། སྐྱེས་པ། སོག་རིགས། སྤྱི་ལོ1963ལོའི་ཟླ12པར་ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཀུའོ་ལེ་མེང་ཀྲེང་ལན་ཤོག་ཀ་རུ་སྐྱེས། སྤྱི་ལོ1985ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1986ལོའི་ཟླ7པར་བྱ་བར་ཞུགས། སློབ་གྲྭ་ཆེན་མོའི་བསླབ་རིམ་ལྡན། ཞིང་ལས་ཁྱབ་གདལ་གྱི་རབ་འབྱམས་པ་ཡིན། ད་ལྟ་ཀྲུང་གུང་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་གྲོང་ཁྱེར་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
斯琴毕力格
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
སོག་རིགས།
སྐྱེས་ཡུལ།
ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཀོ་ལེ་མེང་ཀྲེང་ལན་ཆི།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ12པ།
ལས་གནས།
ཀྲུང་གུང་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་གྲོང་ཁྱེར་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་།
མཐར་ཕྱིན་སློབ་གྲྭ།
ནང་སོག་ཞིང་འབྲོག་སློབ་གླིང་དང་ནང་སོག་ཞིང་ལས་སློབ་ཆེན།
ཆབ་སྲིད་ཀྱི་ངོ་གདོང་།
ཀྲུང་གུང་ཏང་ཡོན།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1986ལོའི་ཟླ7པ་ནས་སྤྱི་ལོ1988ལོའི་ཟནལ9པའི་བར་ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཀུའོ་ལེ་མེང་ཞུའེ་མོའུ་ཁྲུའུ་ཡི་ཁོ་ཡོན་བྱས།

སྤྱི་ལོ1988ལོའི་ཟླ9པ་ནས་སྤྱི་ལོ1990ལོའི་ཟླ9པའི་བར་ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཀུའོ་ལེ་མེང་ཞུའེ་མོའུ་ཁྲུའུ་ཡི་འབྲོག་ལས་ཁོ་ཡི་ཁོ་ཀྲང་གཞོན་པ་བྱས།

སྤྱི་ལོ1990ལོའི་ཟླ9པ་ནས་སྤྱི་ལོ1995ལོའི་ཟླ5པའི་བར་ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཀུའོ་ལེ་མེང་ཞུའེ་མོའུ་ཁྲུའུ་ཡི་ཕྱུགས་ལས་ཁོ་ཡི་ཁོ་ཀྲང་བྱས།

སྤྱི་ལོ1995ལོའི་ཟླ5པ་ནས་སྤྱི་ལོ1997ལོའི་ཟླ12པའི་བར་ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཀུའོ་ལེ་མེང་ཞུའེ་མོའུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བྱས།

སྤྱི་ལོ1997ལོའི་ཟླ12པ་ནས་སྤྱི་ལོ2000ལོའི་ཟླ11པའི་བར་ཀྲུང་གུང་ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཀུའོ་ལེ་མེང་ཀྲེང་ལན་ཤོག་ཀ་ཡི་ཆི་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་། ཤོ་ཀ་མི་དམངས་སྲིད་གཞུང་གི་ཆི་ཀྲང་བྱས།

སྤྱི་ལོ2000ལོའི་ཟླ11པ་ནས་སྤྱི་ལོ2003ལོའ་ཟླ9པའི་བར་ཀྲུང་གུང་ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཀུའོ་ལེ་མེང་ཀྲེང་ལན་ཤོག་ཀ་ཡི་ཆི་ཏང་ཨུ་ཡི་ཧྲུའུ་ཅི་བྱས།

སྤྱི་ལོ2003ལའོ་ཟླ9པ་ནས་སྤྱི་ལོ2005ལོའི་ཟླ3པའི་བར་ཀྲུང་གུང་ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཧའོ་ཐེ་གྲོང་ཁྱེར་གྱི་གྲོང་ཁྱེར་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་བྱས།

སྤྱི་ལོ2005ལོའི་ཟླ3པ་ནས་སྤྱི་ལོ2007ལོའི་ཟླ1པོའི་བར་ཀྲུང་གུང་ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཧའོ་ཐེ་གྲོང་ཁྱེར་གྱི་གྲོང་ཁྱེར་ཏང་ཨུ་ཡི་ཧྲུའུ་ཅི་བྱས།

སྤྱི་ལོ2007ལོའི་ཟླ1པོ་ནས་སྤྱི་ལོ2011ལོའི་ཟླ5པའི་བར་ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཀུའོ་ལེ་མེང་སྲིད་འཛིན་ཀུང་ཧྲུའུ་ཡི་མེང་ཀྲང་གཞོན་པ་བྱས།

སྤྱི་ལོ2011ལོའི་ཟླ5པ་ནས་སྤྱི་ལོ2011ལོའི་ཟླ8པའི་བར་ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཀུའོ་ལེ་མེང་སྲིད་འཛིན་ཀུང་ཧྲུའུ་ཡི་མེང་ཀྲང་གཞོན་པ་དང་། ཀྲུང་གུང་ཞི་ཝུའུ་ཀྲུའུ་མུའུ་ཆིན་ཤོག་ཀ་ཡི་ཆི་ཏང་ཨུ་ཡི་ཧྲུའུ་ཅི་བྱས།

སྤྱི་ལོ2011ལོའི་ཟླ8པ་ནས་སྤྱི་ལོ2012ལོའི་ཟླ6པའི་བར་ཀྲུང་གུང་ནང་སོག་རང་སྐྱོང་ལྗོངས་ཞི་ལིན་ཀུའོ་ལེ་མེང་མེང་ཏང་ཨུ་ཡི་ཨུ་ཡོན་དང་། ཀྲུང་གུང་ཞི་ཝུའུ་ཀྲུའུ་མུའུ་ཆིན་ཤོག་ཀ་ཏང་ཨུ་ཡི་ཧྲུའུ་ཅི་བྱས།

སྤྱི་ལོ2012ལོའི་ཟླ6པ་ནས་སྤྱི་ལོ2016ལོའི་ཟླ5པའི་བར་ཀྲུང་གུང་ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་གྱི་གྲོང་ཁྱེར་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ་བྱས།

སྤྱི་ལོ2016ལོའི་ཟླ5པ་ནས་སྤྱི་ལོ2018ལོའི་ཟླ3པའི་བར་ནང་སོག་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ་བྱས།

སྤྱི་ལོ2018ལོའི་ཟླ3པ་ནས་སྤྱི་ལོ2019ལོའི་ཟླ3པའི་བར་ཀྲུང་གུང་ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་གྲོང་ཁྱེར་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་ཚབ་ཧྲི་ཀྲང་གི་འགན་བཞེས།

སྤྱི་ལོ2019ལོའི་ཟླ3པ་ནས་ད་ལྟའི་བར་ཀྲུང་གུང་ནང་སོག་རང་སྐྱོང་ལྗོངས་ཨོ་ཨེར་ཏུའོ་སི་གྲོང་ཁྱེར་གྱི་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་བྱས།

ཀྲུང་གོ་གུང་ཁྲན་ཏང་ནང་སོག་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ནང་སོག་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བྱས།

2 སློབ་སྦྱོང་གི་བརྒྱུད་རིམ།

སྤྱི་ལོ1982ལོའི་ཟླ9པ་ནས་སྤྱི་ལོ1986ལོའི་ཟླ7པའི་བར་ནང་སོག་ཞིང་འབྲོག་སློབ་གླིང་རྩྭ་ཐང་སྡེ་ཁག་གི་རྩྭ་ཐང་ཆེད་ལས་སུ་སློབ་སྦྱོང་བྱས།

སྤྱི་ལོ2000ལོའི་ཟླ7པ་ནས་སྤྱི་ལོ2003ལོའི་ཟླ8པའི་བར་ནང་སོག་ཞིང་ལས་སློབ་ཆེན་གྱི་ཞིང་ལས་ཁྱབ་གདལ་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་སྦྱོང་བྱས།

3 བྱ་བའི་ལས་བགོས།

གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཕྱོགས་ཡོངས་ཀྱི་ལས་དོན་ལ་འགོ་ཁྲིད་བྱས་ནས་རྩིས་བཤེར་ལས་དོན་ལ་འགན་འཁུར་དགོས།

ལས་བགོས་འགན་གཉེར་བྱ་ཡུལ་གྲོང་ཁྱེར་རྩིས་བཤེར་ཅུས་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ནང་སོག དཔོན་རིགས། མི་སྣ།