དཔའ་འབུམ་ཐར།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-07-01 11:01ལ་འགྲུབ།

དཔའ་འབུམ་ཐར།

དཔའ་འབུམ་ཐར།
དཔའ་འབུམ་ཐར། ཕོ། བོད་རིགས། སྤྱི་ལོ1968ལོའི་ཟླ1པོར་སྐྱེས་ཤིང་། མཚོ་སྔོན་གུང་ཧོ་ཡི་མི་ཡིན། འཇར་པན་ཞང་ཁྲོན་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་བསླབ་རིམ་ལྡན། སྤྱི་ལོ2005ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་གི་ནང་དུ་ཞུགས་པ་དང་སྤྱི་ལོ1989ལོའི་ཟླ7པར་ལས་ཀར་ཞུགས། ད་ལྟ་ཅང་སུའུ་ཞིང་ཆེན་གྱི་ལན་ཡུན་ཀང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
华本太
རྒྱལ་ཁོངས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།
མི་རིགས།
བོད་རིགས།
སྐྱེས་ཡུལ།
མཚོ་སྔོན་ཞིང་ཆེན་གུང་ཧོ་རྫོང་།
སྐྱེས་ལོ།
སྤྱི་ལོ1968ལོའི་ཟླ1པོར།
སློབ་ཐོན་སློབ་གྲྭ།
འཇར་པན་ཞང་ཁྲོན་སློབ་ཆེན།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1989ལོར་མཚོ་སྔོན་མི་རིགས་སློབ་གླིང་གི་རྒྱ་ཡིག་ཚན་ཁག་ནས་མཐར་ཕྱིན། སྔ་རྗེས་སུ་གུང་ཧོ་རྫོང་སློབ་དཔྱོད་ཁང་དུ་སློབ་དཔྱོད་པ་དང་། མཚོ་ལྷོ་ཁུལ་དམངས་སྲིད་ཅུའུ། མཚོ་ལྷོ་ཁུལ་ལས་ཞུགས་ཅུའུ་ཡི་ཁོ་ཡོན་དང་། ཀྲུའུ་རེན་གཞོན་པའི་ཁོ་ཡོན་སོགས་བྱས་ཤིང་། དེའི་རིང་ལ་འཇར་པན་དུ་སློབ་གཉེར་ལ་སོང་། འཇར་པན་ཞང་ཁྲོན་སློབ་ཆེན་སློབ་གསོ་རིག་པའི་རབ་འབྱམས་པའི་བསླབ་གནས་ཐོབ། སྤྱི་ལོ2003ལོར་མཚོ་ལྷོ་ཁུལ་སློབ་གསོ་ཅུས་སློབ་གསོ་ཁོ་ཡི་ཁོ་ཀྲང་གི་འགན་བཞེས། སྤྱི་ལོ2005ལོར་གུང་ཧོ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་བཞེས། སྤྱི་ལོ2010ལོའི་ཟླ12པར་མཚོ་ལྷོ་ཁུལ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལི་ཧྲི་ཀྲང་གི་འགན་བཞེས།

དེ་རྗེས་མཚོ་ལྷོ་ཁུལ་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་སློབ་གསོ་ཅུས་ཀྱི་ཏང་ཨུའི་ཧྲུའུ་ཅི་དང་ཅུས་ཀྲང་གི་འགན་བཞེས།

སྤྱི་ལོ2016ལོའི་ཟླ11པར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2018ལོའི་ཟླ6པ་ནས་བཟུང་ལན་ཡུན་ཀང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

2 ལས་བགོས།

མི་རིགས་ཆོས་ལུགས་ཐད་ཀྱི་ལས་དོན་ལ་ལས་བགོས་འགན་གཉེར་བྱས་ཡོད། སྤྱི་ཚོགས་བྱ་གཞག་དང་ཡུལ་སྐོར་ཐད་ཀྱི་ལས་དོན་ཐད་རམ་འདེགས་བྱས་ཡོད། གྲོང་ཁྱེར་གྱི་མི་རིགས་ཆོས་ལུགས་ལས་དོན་ཅུས་ལ་དོ་དམ་བྱས་ཡོད།

3 གོ་གནས་བསྐོ་འཐེན།

སྤྱི་ལོ2018ལོའི་ཟླ6པའི་ཚེས29ཉིན། ལན་ཡུན་ཀང་གྲོང་ཁྱེར་གྱི་སྐབས་བཅུ་བཞི་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་བསྐོ་གཞག་གཏན་ཁེལ་བྱས་པ་སྟེ། དཔའ་འབུམ་ཐར་ལན་ཡུན་ཀང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པར་བསྐོ་གཞག་བྱ་རྒྱུར་གཏན་ཁེལ་བྱས།


དཔྱད་གཞིའི་ཡིག་ཆ།