ཀྲུང་ཧྲན་ཆུས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-07-03 11:07ལ་འགྲུབ།

ཀྲུང་ཧྲན་ཆུས།

ཀྲུང་ཧྲན་ཆུས།
ཀྲུང་ཧྲན་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། དེ་ནི་ཏཱ་ལེན་གྲོང་ཁྱེར་གྱི་དངུལ་རྩ་དང་ཚོང་ལས་ལྟེ་གནས་ཡིན། ཀྲུང་ཧྲན་ཆུས་ནི་ཏཱ་ལེན་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཡོད། སྤྱི་ལོ2018ལོར་ཀྲུང་ཧྲན་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ43.85ཟིན་པ་དང་རྒྱ་མཚོའི་འགྲམ་རྒྱུད་ཀྱི་རིང་ཚད་སྟོང་སྨི42.53ཡོད། དེ་ནི་རྒྱ་མཚོའི་རང་བཞིན་གྱི་དྲོད་ཁུལ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་དེའི་ཁོངས་གཏོགས་སུ་ཁྲོམ་གཞུང9ཡོད་པ་དང་སྲིད་གཞུང་ནི་ཀུའེ་ལིན་ཁྲོམ་གཞུང་དུ་གནས་ཡོད། སྤྱི་ལོ2016ལོའི་ལོ་མཇུག་བར་ཐེམ་ཐོའི་མི་འབོར360494ཡོད། ཀྲུང་ཧྲན་ཆུས་སུ་སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྙིང་སྟོབས་ལ་དྲན་གསོ་ཞུས་ནས་མིང་དུ་གྲགས། ཀྲུང་ཧྲན་ས་ཁོངས་ཆེས་ཐོག་མར་ལོ་རྒྱུས་སྟེང་མཐོང་བ་ནི་ཧན་རྒྱལ་རབས་ཤར་མའི་དུས་སྐབས་ཡིན་ལ། མིང་རྒྱལ་རབས་ཀྱི་སྐབས་སུ་ཀྲུང་ཧྲན་ས་ཁོངས་སུ“ཆིང་ཉི་གླིང་ཕྲན”ཞེས་འབོད། སྤྱི་ལོ1945ལོའི་ཟླ12ཚེས8ཉིན་ཀྲུང་ཧྲན་ཆུས་སུ་མིང་བསྒྱུར། མཛེས་ལྗོངས་ཁུལ་གཙོ་བོ་ལ་སྟག་ཐང་གི་རྒྱ་མཚོའི་སྤྱི་གླིང་དང་། རྒྱ་མཚོའི་དབྱངས་ཀྱི་སྤྱི་གླིང་སོགས་ཡོད། སྤྱི་ལོ2016ལོར་ཀྲུང་ཧྲན་ཆུས་ཀྱི་ལོ་ཧྲིལ་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར683.6ཟིན་པ་དེ་སྤྱི་ལོ2015ལོ་དང་བསྡུར་ན7.6%འཕར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中山区
ཕྱི་ཡིག་གི་མིང་།
Zhongshan District
ཁོངས་གཏོགས་ས་ཁུལ།
ལིའོ་ཉིང་ཞིང་ཆེན་གྱི་ཏཱ་ལེན་གྲོང་ཁྱེར།
མངའ་ཁོངས།
མངའ་ཁོངས་སུ་ཁྲོམ་གཞུང6ཡོད།
མེ་འཁོར་འབབ་ཚུགས།
ཏཱ་ལེན་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ལིའོ(辽)B
ས་ཁོངས་ཁ་པར་ཨང་རྟགས།
0411
སྦྲག་སྲིད་ཨང་རྟགས།
116001
གནས་ཡུལ།
ཏཱ་ལེན་གྲོང་ཁྱེར་གྱི་ནུབ་ཕྱོགས་དང་གྲོང་ཁུལ་གྱི་ཤར་ཕྱོགས་སུ་གནས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ43.85ཡོད། (སྤྱི་ལོ2018ལོ)
མི་གྲངས།
360494ཡོད།(སྤྱི་ལོ2013ལོའི་ཐེམ་ཐོའི་མི་གྲངས)
གནས་གཤིས།
དྲོད་རྒྱུད་རྒྱ་མཚོའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
སྲིད་འཛིན་ས་ཁོངས་ཀྱི་ཚབ་ཨང་།
210202
ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར།
སྒོར་ཁྲི6835787ཡོད། (སྤྱི་ལོ2016ལོ)
སྲིད་གཞུང་གནས་ཡུལ།
ཆིང་ཉི་ཝ་ཆའོ་སྲང་ལམ་དུ་གནས།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཐད་སྐྱོང་ཆུས།
1 ངོ་སྤྲོད་མདོར་བསྡུས།

ཀྲུང་ཧྲན་ཆུས་ནི་ལིའོ་ཉིང་ཞིང་ཆེན་ཏཱ་ལེན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། དེ་ནི་ཏཱ་ལེན་གྲོང་ཁྱེར་གྱི་དངུལ་རྩ་དང་ཚོང་ལས་ལྟེ་གནས་ཡིན། ཀྲུང་ཧྲན་ཆུས་ནི་ཏཱ་ལེན་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཡོད། སྤྱི་ལོ2018ལོར་ཀྲུང་ཧྲན་ཆུས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ43.85ཟིན་པ་དང་རྒྱ་མཚོའི་འགྲམ་རྒྱུད་ཀྱི་རིང་ཚད་སྟོང་སྨི42.53ཡོད། དེ་ནི་རྒྱ་མཚོའི་རང་བཞིན་གྱི་དྲོད་ཁུལ་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས་པ་དང་དེའི་ཁོངས་གཏོགས་སུ་ཁྲོམ་གཞུང9ཡོད་པ་དང་སྲིད་གཞུང་ནི་ཀུའེ་ལིན་ཁྲོམ་གཞུང་དུ་གནས་ཡོད། སྤྱི་ལོ2016ལོའི་ལོ་མཇུག་བར་ཐེམ་ཐོའི་མི་འབོར360494ཡོད།

ཀྲུང་ཧྲན་ཆུས་སུ་སྐུ་ཞབས་སུན་ཀྲུང་ཧྲན་གྱི་སྙིང་སྟོབས་ལ་དྲན་གསོ་ཞུས་ནས་མིང་དུ་གྲགས། ཀྲུང་ཧྲན་ས་ཁོངས་ཆེས་ཐོག་མར་ལོ་རྒྱུས་སྟེང་མཐོང་བ་ནི་ཧན་རྒྱལ་རབས་ཤར་མའི་དུས་སྐབས་ཡིན་ལ། མིང་རྒྱལ་རབས་ཀྱི་སྐབས་སུ་ཀྲུང་ཧྲན་ས་ཁོངས་སུ“ཆིང་ཉི་གླིང་ཕྲན”ཞེས་འབོད། སྤྱི་ལོ1945ལོའི་ཟླ12ཚེས8ཉིན་ཀྲུང་ཧྲན་ཆུས་སུ་མིང་བསྒྱུར། མཛེས་ལྗོངས་ཁུལ་གཙོ་བོ་ལ་སྟག་ཐང་གི་རྒྱ་མཚོའི་སྤྱི་གླིང་དང་། རྒྱ་མཚོའི་དབྱངས་ཀྱི་སྤྱི་གླིང་སོགས་ཡོད།

སྤྱི་ལོ2016ལོར་ཀྲུང་ཧྲན་ཆུས་ཀྱི་ལོ་ཧྲིལ་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར683.6ཟིན་པ་དེ་སྤྱི་ལོ2015ལོ་དང་བསྡུར་ན7.6%འཕར་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1969ལོའི་ཟླ9བར། སྲང་ལམ་དུ་སྔ་གཞུག་ཏུ་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དུས་མཚུངས་སུ་ས་ཁུལ་ཁ་ཤས་ཀྱི་དབྱེ་མཚམས་ལེགས་སྒྲིག་བྱས་ཏེ། བརྒྱད་གཅིག་ལམ་དང་མིན་ལུའི་སྲང་ལམ་གསར་བརྗེ་ཨུ་ཡོན་ལྷན་ཁང་གཉིས་ཞི་ཀང་ཆུས་ཀྱི་མངའ་འོག་ཏུ་བཅུག་ནས། ཧུའུ་ཐན་ཀུང་ཧྲེ་དེ་ཐའོ་ཡོན་ཀུང་ཧྲེའི་མངའ་ཁོངས་སུ་བསྒྲིལ། ཀུའེ་ལིན་ཀུང་ཧྲེ་གཉིས་ཧྥེང་ལིན་ཀུང་ཧྲེའི་ཁོངས་སུ་བསྡུས་རྗེས། མངའ་ཁོངས་སུ་ཆིང་ཉི་ཝ་ཟམ་པ་དང་། ཐེན་ཅིན། མིན་ཀྲུའུ། མིང་ཙེ། ཁྲུན་ཧའེ། ཧྥེང་ལིན། ཁུན་མིང་། ཁུའེ་ཡིང་། ཐའོ་ཡོན་བཅས་ཀུང་ཧྲེ10དང་ཁོངས་གཏོགས་ཀྱི་སྲང་ལམ71ཡོད།

སྤྱི་ལོ1978ལོར་གྲོང་ཁྱེར་ཀུང་ཧྲེ་མེད་པས་བཏང་ནས། ཁྲོམ་ལམ་དོན་གཅོད་ཁང་སླར་གསོ་བྱས་ཡང་། མིང་ལ་འགྱུར་བ་བྱུང་མེད། དེའི་རྗེས་སུ་གྲོང་ཁྱེར་གྱི་མི་གྲངས་ཇེ་མང་དང་གྲོང་ཁྱེར་གྱི་རྒྱ་བསྐྱེད་པ་དང་བསྟུན་ནས། ཧུའུ་ཐན་དང་ཀུའེ་ལིན། ཀྲོན་ཧྲན་བཅས་སྲང་ལམ་གསུམ་གསར་དུ་བཙུགས།

སྤྱི་ལོ1991ལོའི་ལོ་མཇུག་ཏུ་ཀྲུང་ཧྲན་ཆུས་ཁོངས་སུ་ཁྲོམ་ལམ13ཡོད་པ་སྟེ། དེ་དག་ནིཧྥེང་ལིན་དང་། ཀུའེ་ལིན། ཁྲུན་ཧོ། མིན་ཀྲུའུ། ཐེན་ཅིན་སྲང་ལམ། མིང་ཙེ། ཆིང་ཉི་ཝ་ཟམ་པ། ཁུན་མིང་། ཁྲུན་ཧའེ། ཐའོ་ཡོན། ཁུའེ་དབྱིན། ཧུའུ་ཐན། ཀྲོན་ཧྲན་བཅས་ཡིན།

སྤྱི་ལོ1998ལོའི་ཟླ12པའི་ཟླ་མཇུག་ཏུ་ཀྲུང་ཧྲན་ཆུས་ཁོངས་སུ་ཁྲོམ་གཞུང13(ཁྲུན་ཧའེ་དང་། ཁྲུན་ཧོ། ཀུའེ་ལིན། ཧུའུ་ཐང་། ཁུའེ་ཡིང་། ཁུན་མིང་། མིང་ཙེ། ཆིང་ཉི་ཝ་ཟམ་པ། ཐེན་ཅིན། ཧུའེ་ཧྲན། ཧྥེང་ལིན། ཐའོ་ཡོན།)ཡོད་པ་དང་ཁྱོན་ཡོངས་སུ་སྡེ་ཁུལ285ཡོད།

སྤྱི་ལོ2003ལོའི་ལོ་མཇུག་ཏུ་ཁྲུན་ཧའེ་ཁྲོམ་གཞུང་དང་ཁྲུན་ཧོ་ཁྲོམ་གཞུང་ཟླ་སྒྲིལ་བཏང་ནས་མཚོ་དམག་ཐང་ཆེན་ཁྲོམ་གཞུང་དུ་བསྒྱུར། དམངས་གཙོའི་ཁྲོམ་གཞུང་དང་མིང་ཙེ་ཁྲོམ་གཞུང་ཟླ་སྒྲིལ་བཏང་ནས་མི་དམངས་ལམ་གྱི་ཁྲོམ་གཞུང་དུ་བསྒྱུར། ཀུའེ་ལིན་ཁྲོམ་གཞུང་དང་ཧྥེང་ལིན་ཁྲོམ་གཞུང་ཟླ་སྒྲིལ་བཏང་ནས་ཀུའེ་ལིན་ཁྲོམ་གཞུང་དུ་བསྒྱུར། ཆིང་ཉི་ཁྲོམ་གཞུང་དང་ཐེན་ཅིན་ཁྲོམ་གཞུང་ཟླ་སྒྲིལ་བཏང་ནས་ཆིང་ཉི་ཁྲོམ་གཞུང་དུ་བསྒྱུར། ཧུའུ་ཐན་ཁྲོམ་གཞུང་དང་ཀྲོན་ཧྲན་ཁྲོམ་གཞུང་ཧུའུ་ཐན་ཁྲོམ་གཞུང་གི་ཁོངས་སུ་ཟླ་སྒྲིལ་དུ་བཏང་། ཁུའེ་དབྱིན་ཁྲོམ་གཞུང་དང་། ཁུན་མིང་ཁྲོམ་གཞུང་། ཐའོ་ཡོན་ཁྲོམ་གཞུང་བཅས་ལ་འགྱུར་བ་བྱུང་མེད།

སྤྱི་ལོ2004ལོའི་ཟླ1པོར། སྲང་ལམ་གྱི་གཞི་ཁྱོན་དང་སྲིད་འཛིན་ཁུལ་ལེགས་སྒྲིག་བྱས་ཤིང་། སྲང་ལམ་དོན་གཅོད་ཁང13དེ་སྲང་ལམ་དོན་གཅོད་ཁང8ལ་ཟླ་སྒྲིལ་བཏང་བ་དང་། ཁོངས་སུ་སྡེ་ཁུལ་སྡོད་དམངས་ཨུ་ཡོན་ལྷན་ཁང51བཙུགས་ཡོད།

སྤྱི་ལོ2013ལོར་ཏུང་ཀང་ཁྲོམ་གཞུང་གསར་དུ་བཙུགས། སྐབས་དེར་ཀྲུང་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་མཚོ་དམག་ཐང་ཆེན་དང་། ཀུའེ་ལིན། མི་དམངས་ལམ། ཆིང་ཉི་ཝ་ཟམ་པ། ཁུན་མིང་། ཁུའེ་ཡིང་། ཐའོ་ཡོན། ལའོ་ཧུའུ་ཐང་། ཏུང་ཀང་བཅས་ཁྲོམ་གཞུང9ཡོད།

སྤྱི་ལོ2019ལོའི་ཟླ12པར་ཏཱ་ལེན་གྲོང་ཁྱེར་སྲིད་གཞུང་གིས་ཀྲུང་ཧྲན་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལེགས་སྒྲིག་བྱས་ནས་ཏུང་ཀང་ཁྲོམ་གཞུང་དང་། ཀུའེ་ལིན་ཁྲོམ་གཞུང་། ཁུན་མིང་ཁྲོམ་གཞུང་བཅས་མེད་པར་བཟོས་ནས་མི་དམངས་ལམ་གྱི་ཁྲོམ་གཞུང་དང་། ཆིང་ཉི་ཝ་ཟམ་ཁྲོམ་གཞུང་། ཁུའེ་དབྱིང་ཁྲོམ་གཞུང་བཅས་སུ་ཟླ་སྒྲིལ་ཏུ་བཏང་།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2019ལོའི་ཟླ12བར་ཀྲུང་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་མཚོ་དམག་ཐང་ཆེན་ཁྲོམ་གཞུང་དང་། མི་དམངས་ལམ་གྱི་ཁྲོམ་གཞུང་། ཆིང་ཉི་ཝ་ཟམ་ཁྲོམ་གཞུང་། ཁུའེ་དབྱིན་ཁྲོམ་གཞུང་། ཐའོ་ཡོན་ཁྲོམ་གཞུང་། ལའོ་ཧུའུ་ཐན་ཁྲོམ་གཞུང་བཅས་ཁྲོམ་གཞུང6ཡོད་པ་དང་སྲིད་གཞུང་ཆིང་ཉི་ཝ་ཆའོ་ཁྲོམ་གཞུང་དུ་གནས་ཡོད།

4 ས་ཁམས་ཁོར་ཡུག
4_1 གནས་ཡུལ།

ཀྲུང་ཧྲན་ཆུས་ནི་ཏཱ་ལེན་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཡོད་པ་དང་། ཤར་དང་། ལྷོ་དང་། བྱང་བཅས་རྒྱ་མཚོའི་ཉེ་འགྲམ་དུ་གནས་ཡོད། ནུབ་རྒྱུད་ནི་ཞི་ཀང་ཆུས་དང་འབྲེལ་ཡོད། ལྟེ་གནས་ནི་ཤར་གྱི་གཞུང་ཐིག 121.64511°དང་བྱང་གི་འཕྲེད་ཐིག་ 38.91864°ཡི་བར་དུ་གནས་ཡོད། སྐམ་སའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ43.85ཡོད་པ་དང་། རྒྱ་མཚོའི་འགྲམ་རྒྱུད་ཀྱི་རིང་ཚད་སྟོང་སྨི42.53ཡོད།

4_2 ནམ་ཟླ།

ཀྲུང་ཧྲན་ཆུས་ནི་སའི་གོ་ལའི་བྱང་ཕྱེད་མའི་དྲོད་རྒྱུད་ས་ཁུལ་དུ་ཆགས་ཡོད་པ་དང་། རྒྱ་མཚོའི་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ་ཡིན་པ་དང་། དགུན་དུས་གྲང་ངར་མེད་པ་དང་། དབྱར་དུས་སུ་ཚ་གདུག་མེད་ལ། དུས་བཞིར་དབྱེ་བ་གསལ་པོ་ཡོད། ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ10.5ཟིན་པ་དང་ལོར་ཆར་ཆུ་འབབ་ཚད་ཧའོ་སྨི550ནས550བར་ཟིན་པ་དང་ལོ་ཧྲིལ་པོར་ཉི་འོད་ཕོག་ཚད་ཆུ་ཚོད2500ནས2800བར་ཡིན།

5 མི་གྲངས།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་ཐེམ་ཐོའི་མི་འབོར་ཁྲི36.0ཟིན་ཡོད་པ་དང་། འཆར་གཞི་ལྟར་ཕྲུ་གུ་སྐྱེ་ཚད89.26%ཟིན་ཡོད། མི་གྲངས3611ལྷག་སྐྱེས་ཡོད་ལ་སྐྱེས་ཚད10.1%ཟིན་ཡོད། རང་བྱུང་འཕར་ཚད་སྟོང་ཆའི2.54ཟིན་ཡོད།

6 དཔལ་འབྱོར།

སྤྱི་ལོ2016ལོར་ཀྲུང་ཧྲན་ཆུས་ཀྱི་ལོ་ཧྲིལ་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར683.6ཟིན་པ་དེ་ལོ་གོང་མ་ལས7.6%འཕར་ཡོད། དེའི་ནང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར28.8ཟིན་ནས7.0%འཕར་ཡོད་པ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར654.8ཟིན་ནས7.6%འཕར་ཡོད། ཐོན་ལས་གཉིས་པ་དང་། གསུམ་པའི་ཐོན་ལས་གྲུབ་ཆའི་བསྡུར་ཚད4.2:95.8ཡིན་པ་དེས་དཔལ་འབྱོར་གོང་འཕེལ་ཕྱོགས་ལ་ཕན་འབྲས་འབུལ་ཚད4.0%དང96.0%སོ་སོར་ཟིན་ཡོད།

སྤྱི་ལོ2016ལོར་ཀྲུང་ཧྲན་ས་ཁུལ་དུ་ལོ་ཧྲིལ་པོར་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར16.1ཟིན་པ་དེ་དུས་མཚུངས་ལས7.1%འཕར་ཡོད་པ་དང་། སྤྱིར་བཏང་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར20.2ཟིན་པ་དེ་དུས་མཚུངས་ལས20.2%འཕར་ཡོད། ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར14.3ཟིན་ཡོད། དེའི་ནང་ཚོང་གཉེར་དཔྱ་ཁྲལ་གྱི་ཡོང་སྒོ་སྒོར་དུང་ཕྱུར2.5དང་། རིན་འཕར་ཁྲལ་གྱི་ཡོང་སྒོ་སྒོར་དུང་ཕྱུར4.2ཟིན་ཡོད། ཁང་ཁོངས་དཔྱ་ཁྲལ་གྱི་ཡོང་སྒོ་སྒོར་དུང་ཕྱུར1.9ཡིན། ཁེ་ལས་ཐོབ་ཁྲལ་གྱི་ཡོང་སྒོ་སྒོར་དུང་ཕྱུར1.5ཡིན། མི་སྒེར་ཐོབ་ཁྲལ་གྱི་ཡོང་སྒོ་སྒོར་དུང་ཕྱུར2.6ཡིན། ས་ཞིང་གི་རིན་འཕར་ཁྲལ་སྒོར་དུང་ཕྱུར0.1ཟིན་ཡོད། ཁྲལ་བསྡུའི་ཡོང་འབབ་གཞན་དག་སྒོར་དུང་ཕྱུར1.6ཟིན་ཡོད།

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོའི་བྱ་གཞག

སྤྱི་ལོ2016ལོའི་ལོ་མཇུག་བར། ཀྲུང་ཧྲན་ཆུས་སུ་འབྲིང་རིམ་དང་སློབ་ཆུང36ཡོད་པའི་ནང་གཞུང་བཙུགས་སློབ་ཆུང20དང་། སློབ་འབྲིང11(ཆ་ཚང་སློབ་འབྲིང3དང་། དམའ་རིམ་སློབ་འབྲིང7 ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ1)དམངས་གཉེར་སློབ་གྲྭ4(དམའ་རིམ་སློབ་འབྲིང2དང་སློབ་ཆུང2)དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད། དགེ་རྒན་ཟབ་སྦྱོང་སློབ་གྲྭ1དང་། བུ་བཅོལ་ཁང49དམངས་གཉེར་སློབ་གཉེར་བརྒྱུད་རིམ་མིན་པའི་སློབ་གསོའི་སྒྲིག་གཞི98བཅས་ཡོད། སློབ་གྲྭར་ཡོད་མུས་ཀྱི་སློབ་མ24222(མི་དམངས་ཀྱིས་གཉེར་བ་དང་དམིགས་བསལ་སློབ་གསོ་ཚུད་ཡོད)ཡོད་པ་དང་། འབྲིང་རིམ་དང་སློབ་ཆུང་གི་སློབ་ལོ་ལོན་པའི་མི་འབོར་སློབ་གྲྭར་ཞུགས་ཚད100%ཟིན་ཡོད། འབྲིང་རིམ་དང་སློབ་ཆུང་གི་ཆེད་བསྐོས་དགེ་རྒན་གྱི་སློབ་རྒྱུས་ལོན་ཚད100%(ཆེད་ཚན་སློབ་ཆེན་ཡན)ཟིན་ཡོད།

7_2 ཚན་རྩལ་བྱ་གཞག

སྤྱི་ལོ2016ལོར་ཀྲུང་ཧྲན་ཆུས་སུ་ཚན་རྩལ་ཁེ་ལས67ནང་འདྲེན་བྱས་པ་དང་ཐོ་འགོད་མ་དངུལ་སྒོར་ཁྲི38178ཟིན་ཡོད། དེའི་ནང་མཉེན་ཆས་དང་ཆ་འཕྲིན་ཞབས་ཞུའི་ཁེ་ལས46ཡོད། ཚན་རྩལ་ཁེ་ལས3རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ཀྱིས་ངོས་འཛིན་བྱས་པ་བརྒྱུད། གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ201ལེགས་གྲུབ་ཟིན་པ་དང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ304ཡོད།

7_3 རིག་གནས་ལས་དོན།

སྤྱི་ལོ2016ལོར་ཀྲུང་ཧྲན་ཆུས་སུ་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་རབ་དང་རིམ་པ་ཁྱོན116ལྷག་གྲུབ་འབྲས་ཡོད་པའི་ངང་ནས་སྤེལ་ཡོད། རིག་དངོས་སྲུང་སྐྱོང་ཚན་པ28ཡི་ཡིག་ཚགས་ལེགས་སྒྲིག་བྱས་པ་དང་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས3འདུན་ཞུ་བྱས། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ5རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་ནང་ཚུད་པར་རེ་ཞུ་བྱས། ཀྲུང་ཧྲན་ཆུས་ཀྱི་ས་ཆ61ཡི་གནས་སྤོ་མི་ཐུབ་པའི་རིག་དངོས་ཀྱི་མིང་ཡོངས་གསལ་བསྒྲགས་བྱས། རྒྱལ་ཡོངས་ཀྱི་སྤོ་རུང་བའི་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་དང་པོ་ལེགས་གྲུབ་ཟིན་ནས་ཞིང་ཆེན་རིམ་པ་དང་གྲོང་ཁྱེར་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ14ལ་སྲུང་སྐྱོབ་མཚོན་རྟགས་རྡོ་རིང་བཙུགས། ལོ་ཧྲིལ་པོར་རིགས་ཁག་གི་འགྲེམས་སྟོན་དང་སྒྱུ་རྩལ་འཆད་ཁྲིད་ཐེངས42(དེའི་ནང་རྒྱལ་སྤྱིའི་རིམ་པའི་འགྲེམས་སྟོན་ཐེངས1དང་། རྒྱལ་ཁབ་རིམ་པའི་འགྲེམས་སྟོན་ཐེངས15རྒྱལ་ཁབ་རིམ་པའི་སྒྱུ་རྩལ་འཆད་ཁྲིད་དང་དེ་བཞིན་བྱེད་སྒོ་ཐེངས1ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་འགྲེམས་སྟོན་ཐེངས6ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་སྒྱུ་རྩལ་འཆད་ཁྲིད་དང་དེ་བཞིན་བྱེད་སྒོ་ཐེངས19བཅས་ཚུད་ཡོད)གཉེར་བ་དང་ལྟ་སྐོར་བྱེད་མཁན་མི་ཐེངས་ཁྲི14.5ལ་སྣེ་ལེན་ཞུས།

7_4 ལུས་རྩལ་བྱ་གཞག

སྤྱི་ལོ2016ལོར་ཀྲུང་ཧྲན་ཆུས་གོང་རིམ་རྩ་འཛུགས་ཀྱི་ལས་སྒོའི་གསོ་སྦྱོང་ལ་ཐེངས13ཞུགས་པའི་ནང་རྒྱལ་ཁབ་རིམ་པའི་གསོ་སྦྱོང་ཐེངས3དང་། ཞིང་ཆེན་རིམ་པའི་གསོ་སྦྱོང་ཁག2གྲོང་ཁྱེར་རིམ་པའི་གསོ་སྦྱོང་ཁག6བཅས་ཡོད། ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་ཐེངས16གཉེར་བ་དང་ཕན་ཐོགས་བྱུང་ཡོད་པའི་མི་གྲངས1000ཟིན་ཡོད། འགྲན་བསྡུར་སྣ་ཚོགས་དང་བྱེད་སྒོ་ཁག12གཉེར་བ་དང་། རུ་ཁག་བཙུགས་ནས་གོང་རིམ་གྱི་གཙོ་གཉེར་བྱེད་སྒོའི་ནང་ཞུགས་པ་དང་རྣམ་གྲངས39འགྲན་བསྡུར་ནང་ཞུགས་པའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས8དང་གྲོང་ཁྱེར་རིམ་པའི་རྣམ་གྲངས26ཡོད། འགྲན་ཞུགས་མི་གྲངས2614ཡོད།

7_5 སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2016ལོའི་ལོ་མཇུག་བར་ཀྲུང་ཧྲན་ཆུས་སུ་སྨན་ཁང13ཡོད། དེའི་ནང་རིམ་པ་གསུམ་པའི་སྨན་ཁང3དང་རིམ་པ་གཉིས་པའི་སྨན་ཁང2དང་དེ་མིན་གྱི་སྨན་ཁང8ཡོད། ཁྱོན་ཡོངས་སུ་ཉལ་ཁྲི5118ཡོད། ལུས་གསོ་ཁང2དང་། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)10ཡོད། སྒེར་གྱི་སྨན་བཅོས་ཁང་དང་འཕྲོད་བསྟེན་ཁང་། སྨན་དོན་ཁང་བཅས144ཡོད། སྒོ་བསྟེན་སྨན་བཅོས་ཁང17ཡོད་པའི་ནང་ཕྱོགས་བསྡུས་སྒོ་བསྟེན་སྨན་བཅོས10དང་། ཀྲུང་ལུགས་གསོ་རིག་སྒོ་བསྟེན་སྨན་བཅོས2ཆེད་ཚན་སྒོ་བསྟེན་སྨན་བཅོས5བཅས་ཡོད་པ་དང་། ཁྲག་ལེན་སྤྲོད་ལས་ཁུངས1དང་། མ་བུ་འཕྲོད་སྦྱོར་དང་འཆར་ལྡན་བུ་བཙའི་ཞབས་ཞུའི་སྒྲིག་གཞི་གཅིག ནད་རིགས་སྔོན་འགོག་ཚོད་འཛིན་ལས་ཁུངས་གཅིག འཕྲོད་བསྟེན་ལྟ་སྐུལ་སྒྲིག་གཞི་གཅིག འཕྲོད་བསྟེན་ལས་གཉེར་མི་སྣ6889ཡོད། དེའི་ནང་འཕྲོད་བསྟེན་ལག་རྩལ་མི་སྣ6155དང་མི་སྣ་གཞན་དག734ཡོད། འཕྲོད་བསྟེན་ལག་རྩལ་མི་སྣའི་ཁྲོད་ལས་གཉེར་སྨན་པ་དཀའ་བཅུ་པ(ལས་རོགས་ཚུད)2437དང་། ནད་གཡོག2861སྨན་སྦྱོར་མི་སྣ297འཕྲོད་བསྟེན་ལག་རྩལ་མི་སྣ་གཞན་དག560བཅས་ཡོད།


དཔྱད་གཞིའི་ཡིག་ཆ།