ཞི་ཧྲུའེ་རྫོང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-07-03 11:07ལ་འགྲུབ།

ཞི་ཧྲུའེ་རྫོང་།

ཞི་ཧྲུའེ་རྫོང་།
ཞི་ཧྲུའེ་རྫོང་ནི་ཀྲུང་གོའི་ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་ཁོངས་གཏོགས་ཀྱི་རྫོང་ཞིག་ཡིན་ཞིང་། དེ་ནི་ཝུའུ་ཧན་གྲོང་ཁྱེར་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1949.3ཡོད་པ་དང་། སྤྱི་ལོ2016ལོར་མི་འབོར་ཁྲི108ཡོད་པ་རེད། ཞི་ཧྲུའེ་རྫོང་གི་དེ་སྔའི་མིང་ལ་ཆི་ཧྲུའེ་རྫོང་ཟེར་བ་དང་། ཆི་ཁྲུན་རྫོང་གི་མིང་དང་གོ་འཛོལ་མི་ཡོང་བའི་ཆེད་དུ་མིན་གོའི་སྲིད་ལོ་ཉེར་གཉིས་པར(སྤྱི་ལོ1933ལོར)ཞི་ཧྲུའེ་རྫོང་ཞེས་བསྒྱུར་པ་རེད། ཞི་ཧྲུའེ་རྫོང་ནི་རི་བོ་ཏ་པེ་ཧྲན་གྱི་ལྷོ་འདབས་དང་། ཧུའུ་པེའི་ཤར་རྒྱུད། འབྲི་ཆུའི་དབུས་རྒྱུད་ཀྱི་བྱང་ངོགས་བཅས་སུ་གནས་ཤིང་། ཧོང་ཀང་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན། ཅིའུ་ཅང་དང་། ཧོང་ཧྲི། ཝུའུ་ཧན་བཅས་ཀྱི་འབྲི་ཆུའི་སྒོ་དབྱེའི་གསར་སྤེལ་ཁུལ་དུ་གནས། འབྲི་ཆུའི་ཆུ་ལམ་དང་། ལིའུ་ཅེ་གཞུང་ལམ། ཧུའུ་ཁྲེང་ནས་ཁྲེང་ཏུའུ་བར་གྱི་མྱུར་བགྲོད་གཞུང་ལམ་མངའ་ཁོངས་ནང་དུ་ཡོད་པ་དང་། ཧོང་ཧྲི་འབྲི་ཆུའི་ཟམ་ཆེན་ཐད་ཀར་ཞི་ཧྲུའེ་སན་ཧྭ་རུ་བརྒལ་ཡོད། ཅིན་ཅིའུ་ལྕགས་ལམ་ཀྱིས་ས་ཁོངས་འཕྲེད་བརྒལ་བྱས་པར་མ་ཟད། འགྲུལ་ཟོག་ས་ཚིགས་གཉིས་ཀྱང་བཙུགས་ཡོད་པས། ལྕགས་ལམ་དང་། གཞུང་ལམ། ཆུ་ལམ་བཅས་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་དྲ་བ་ཞིག་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
浠水县
ཕྱི་ཡིག་གི་མིང་།
Xishui County
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པ།
ཁོངས་གཏོགས་ས་ཁུལ།
ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར།
མངའ་ཁོངས།
ཤང་གྲོང(ར་བ)15དང་ཞིང་ཆེན་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ1བཅས་ཡོད།
སྲིད་གཞུང་གནས་ཡུལ།
ཆིང་ཆོན་གྲོང་རྡལ།
སྦྲག་སྲིད་ཨང་རྟགས།
438200
ས་ཁོངས་ཁ་པར་ཨང་རྟགས།
0713
གནས་ཡུལ།
ཧུའུ་པེའི་ཤར་རྒྱུད་ཀྱི་དབུས་རྒྱུད་དང་། ཏ་པེ་རི་བོའི་ལྷོ་འདབས། འབྲི་ཆུའི་བྱང་ངོགས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1949.3ཡོད།
མི་གྲངས།
ཁྲི108(སྤྱི་ལོ2016ལོར)
ནམ་ཟླ།
ཚ་ཁུལ་ཕལ་པའི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
སན་ཅའོ་ཧྲན་དང་ཏོའུ་ཧྥང་ཧྲན་དགོན་པ།
གནམ་གྲུ་ཐང་།
ཝུ་ཧན་ཐན་ཧུ་རྒྱལ་སྤྱིའི་གནམ་ཐང་།
མེ་འཁོར་འབབ་ཚུགས།
ཞི་ཧྲུའེ་འབབ་ཚིགས། ཞི་ཧྲུའེ་ལྷོ་ཚུགས།
རླངས་འཁོར་ཚབ་ཨང་།
ཨོ(鄂)J2
སྲིད་འཛིན་ཚབ་ཨང་།
421125
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

མིན་གོའི་སྲིད་ལོ་དང་པོར(སྤྱི་ལོ1912ལོར)སྒར་མེད་པར་བཏང་སྟེ་རྫོང་སོར་འཇོག་བྱས་པ་དང་། ཧུའུ་པེ་ཞིང་ཆེན་ཅང་ཧན་ཏའོ་ཡི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ་བཅོ་ལྔ་པར་(སྤྱི་ལོ1926ལོར)ཏའོ་མེད་པར་བཟོས་ཤིང་། རྫོང་ཐད་ཀར་ཞིང་ཆེན་དུ་གཏོགས་པ་རེད། མིན་གོའི་སྲིད་ལོ་ཉེར་གཉིས་པའི(སྤྱི་ལོ1933ལོ)ཟླ6པར་རྫོང་མིང་ལ“ཞི་ཧྲུའེ”ཞེས་པར་བསྒྱུར་ཞིང་། ཧུའུ་པེ་ཞིང་ཆེན་གྱི་སྲིད་འཛིན་ལྟ་ཞིབ་ཁུལ་གསུམ་པར་གཏོགས། མིན་གོའི་སྲིད་ལོ་ཉེར་ལྔ་པའི(སྤྱི་ལོ1936ལོ)ཟླ4པར་སྲིད་འཛིན་ལྟ་ཞིབ་ཁུལ་གཉིས་པར་གཏོགས། མིན་གོའི་སྲིད་ལོ་ཉེར་བརྒྱད་པར(སྤྱི་ལོ1939ལོར)ཨོ་ཏུང་སྲིད་འཛིན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོར)སྲིད་འཛིན་ལྟ་ཞིབ་ཁུལ་སླར་གསོ་བྱས་པ་དང་། ཞི་ཧྲུའེ་རྫོང་སྔར་བཞིན་དེའི་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ4པའི་ཚེས8ཉིན་རྫོང་མཁར་བཅིངས་འགྲོལ་བཏང་། ཟླ5པར། རྫོང་མི་དམངས་དམངས་གཙོའི་སྲིད་གཞུང(སྤྱི་ལོ1947ལོའི་ཟླ9པར་བཙུགས)དབྱང་ཐིང་ཀྲང་དབྱི་ཁོའུ་ནས་རྫོང་མཁར་དུ་སྤོས། ཟླ10པར། རྫོང་མི་དམངས་དམངས་གཙོའི་སྲིད་གཞུང་རྫོང་མི་དམངས་སྲིད་གཞུང་དུ་བསྒྱུར། ཧུའུ་པེ་ཞིང་ཆེན་ཧོང་ཀང་ཀྲོན་ཆུས་སུ་གཏོགས། སྤྱི་ལོ1970ལོར་ཧོང་ཀང་ས་ཁུལ་དུ་གཏོགས། སྤྱི་ལོ1995ལོར་ཧོང་ཀང་གྲོང་ཁྱེར་དུ་གཏོགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2001ལོའི་ཟླ2པར་ཤང་དང་གྲོང་རྡལ་ཟླ་སྒྲིལ་བཏང་ནས་རྫོང་གི་དེ་སྔའི་གྲོང་རྡལ14དང་ཤང12དེ་གྲོང་རྡལ12དང་ཤང1ཏུ་ལེགས་སྒྲིག་བྱས་པ་དང་སྲིད་འཛིན་གྲོང་ཚོ649དང་གྲོང་ཁུལ་དང་སྡེ་ཁུལ15ཡོད་པ་རེད། གཞན་ཡང་ཞི་ཧྲུའེ་རྫོང་དུ་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་མིན་པའི་ཚན་པ3ཡོད་པ་སྟེ། སན་ཅའོ་ཧྲན་ནགས་ར་དང་། ཚེ་ཧུའུ་གསོ་སྤེལ་ར་བ། དཔལ་འབྱོར་གསར་སྤེལ་ཁུལ(ཞིང་ཆེན་རིམ་པ)བཅས་ཡིན།

3 ས་ཁམས་ཁོར་ཡུག     
3_1 གནས་སའི་ཡུལ་ཁོངས།   

ཞི་ཧྲུའེ་རྫོང་ནི་ཧུའུ་པེའི་ཤར་རྒྱུད་ཀྱི་དབུས་ཁུལ་དང་། རི་བོ་ཏ་པིའེ་ཧྲན་གྱི་ལྷོ་འདབས་དང་འབྲི་ཆུའི་བྱང་ངོགས་སུ་གནས་ཡོད། ཤར་གྱི་གཞུང་ཐིག115ºནས115º38'བར་དང་བྱང་གི་འཕྲེད་ཐིག30º12'ནས30º49'བར་ཆགས་ཡོད། ཤར་ནི་ཧུའུ་ཁྲུན་རྫོང་དང་། ནུབ་ནི་ཐོན་ཧྥེང་རྫོང་། ལྷོ་ནུབ་ནི་ཨོ་ཀྲོའུ་གྲོང་ཁྱེར་དང་ཧོང་ཧྲི་གྲོང་ཁྱེར་དང་གཙང་པོས་ཆོད་ཅིང་། བྱང་དང་བྱང་ཤར་ནི་ལུའོ་ཐེན་རྫོང་དང་དབྱིན་ཧྲན་རྫོང་ལ་འབྲེལ་ཡོད། ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ68.5དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ61.3ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1949ཡོད་པ་དང་། ཧུའུ་པེ་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི1.05%བཟུང་ཡོད།

3_2 ས་དབྱིབས།

ཞི་ཧྲུའེ་རྫོང་གི་ས་བབ་བྱང་ཤར་ནས་ལྷོ་ནུབ་ཕྱོགས་སུ་གསེག་པ་དང་ས་བབ་ཆེས་མཐོ་ཤོས་སན་ཅའོ་རི་བོ་ཡིན་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1055ཡོད་པ་དང་ས་བབ་དམའ་ཤོས་མའེ་ཙེ་མཚེའུ་ཡིན་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི14.5ཡིན་པས་བལྟོས་བཅས་ཀྱི་མཐོ་ཚད་ཧེ་བག་སྨི1040.5ཡིན། ས་བབ་ཀྱི་དབྱིབས་དེ་བྱང་རྒྱུད་རི་ཁུལ་དང་། དབུས་རྒྱུད་རི་མ་ཐང་། ལྷོ་ནུབ་འབྲི་ཆུའི་རྒྱུད་ཀྱི་བདེ་ཐང་ཁུལ་བཅས་སུ་དབྱེ་ཆོག་པ་དང་། སོ་སོས་ཞི་ཧྲུའེ་རྫོང་གི་སྤྱིའི་རྒྱ་ཁྱོན་གྱི20.4%དང་། 63.9% 15.7%བཟུང་ཡོད།

3_3 ནམ་ཟླ།     

ཞི་ཧྲུའེ་རྫོང་ནི་དཔེ་མཚོན་ཅན་གྱི་ཚ་ཁུལ་ཕལ་བའི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་ཡིན་པ་དང་། དགུན་དུས་གྲང་ངར་ཆེ་བ་དང་། དུས་བཞིའི་དབྱེ་བ་གསལ་བ། འོད་ཕོག་ཚད་མང་བ། ཆར་ཆུ་འབེལ་བ། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི1300ཡས་མས་ཡིན་པ་དང་ཆེས་མང་བའི་ལོ་ནི་ཧའོ་སྨི1873.1ཡིན། ཆར་ཆུ་འབབ་ཚད་མང་ཆེ་བ་ཟླ6པ་ནས7པའི་བར་ཡིན་པས་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བཟོས་ཡོད། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་ཡུན་ནི་ཆུ་ཚོད1895.6ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད16.9℃ཡིན། སད་མེད་དུས་ཉིན230-258ཡིན།

4 མི་འབོར།     

སྤྱི་ལོ2017ལོའི་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་མི་འབོར་བསྡོམས1009589ཡོད་པའི་ནང་ཞིང་ལས་མི་འབོར853738དང་། ཞིང་ལས་མིན་པའི་མི་འབོར155851 སྐྱེས་པ535139 བུད་མེད474450 ལས་ཞུགས་མི་སྣ་ཁྲི65.5 ཤང་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི50.03 གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི15.47བཅས་ཡོད་པ་དང་། རྫོང་གྲོང་གི་རྒྱུན་སྡོད་མི་འབོར་ཁྲི23.4ཡོད།

5 དཔལ་འབྱོར།

སྤྱི་ལོ2017ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར232ཡིན་པ་དང་ལོ་གོང་མ་ལས7%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར203བཏང་ནས་ལོ་གོང་མ་ལས11%ཡས་མས་འཕར། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆའི9ཡས་མས་འཕར་བ་དང་། སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར10ལས་བརྒལ་ནས་ལོ་གོང་མ་ལས15%ཡན་འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར144ཡིན་པ་དང་ལོ་གོང་མ་ལས11%འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར26300ཡོད་པ་དང་ལོ་གོང་མ་ལས8.5%འཕར། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར12800ཡོད་པ་དང་ལོ་གོང་མ་ལས9.3%འཕར་ཡོད།

6 སྤྱི་ཚོགས་ཀྱི་ལས་དོན།    
6_1 སྤྱི་ཚོགས་ཀྱི་འགན་སྲུང་།     

སྤྱི་ལོ2010ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྤྱི་ལོ2005ལོ་ལས་སྒོར6163འཕར་ནས་ལོ་རེར་ཆ་སྙོམས14.4%འཕར་བ་དང་། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར2525འཕར་ནས་ལོ་རེར་ཆ་སྙོམས13.9%འཕར་ཡོད། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་ཆ་སྙོམས་འཕར་ཚད3.5%ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་མན་དུ་ཚོད་འཛིན་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་འབོར་ཁྲི3.2གསར་འཕར་བྱུང་བ་དང་། སྤྱི་ཕན་རང་བཞིན་གྱི་ལས་ཞུགས་ལས་གནས1420གསར་སྤེལ་བྱས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད4.3%ནང་ཚུན་དུ་ཚོད་འཛིན་བྱས་ཡོད། རིགས་ཁག་གི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི17.7ཡོད་པ་དེ་སྤྱི་ལོ2005ལོ་དང་བསྡུར་ན་མི་ཁྲི7.61འཕར་བ་དང་གོ་གོང་མ་ལས75%འཕར་ཡོད། ལོ་དེར་སྤྱི་ཚོགས་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར1.54སྤྲད་པ་དེ་ལོ་གོང་མ་ལས105.6%འཕར་ཡོད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དཔེ་གསར་ལ་ཞུགས་པའི་མི་གྲངས་ཁྲི82.73ཡོད་པ་དང་། མཉམ་བསྲེས་ནང་ཞུགས་ཚད99.34%ཟིན་ཡོད། འོས་འགན་སློབ་གསོའི“རྩ་ཆག་གཉིས་དང་ཁ་གསབ་གཅིག”གི་སྲིད་ཇུས་ལོངས་སུ་སྤྱོད་མཁན་ཁྲི1.2ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཁྲི5.71ལ་མ་མཐའི་འཚོ་བའི་འགན་ལེན་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། མི5215གྲོང་གསེབ་ཀྱི“འགན་ལེན་ལྔའི”གསོ་སྐྱོང་ཁྱབ་ཁོངས་ནང་བཅུག མི་ཁྲི6.7ལ་ནད་ཆེན་སྨན་བཅོས་རོགས་སྐྱོབ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། གཟིགས་སྐྱོང་བཀོད་སྒྲིག་སྲིད་ཇུས་ཕན་ནུས་ལྡན་པར་དོན་འཁྱོལ་བྱུང་བ་དང་། གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ཡོད། རིམ་རྩིས་བྱས་ན་སྤྱི་གསོག་མ་དངུལ་དངུལ་བུན་སྒོར་ཁྲི4321སྤྲད་པ་རེད། ཁང་གླ་ཁེ་བའི་སྡོད་ཁང་སྨི་གྲུ་བཞི་མ25200བསྐྲུན་པ་དང་གོང་ཁེ་གོ་ཆོད་སྡོད་ཁང136བསྐྲུན་ཡོད། དེ་སྔའི་གནས་སྤོས་ཆུ་མཛོད་ཀྱི་གནས་སྤོས་ཡུལ་མིའི་ཐད་གསབ་མ་དངུལ་དང་ཆུ་མཛོད་ཁུལ་གྱི་མང་ཚོགས་ཀྱི་འབྲུ་རིགས་ཁ་གསབ་མ་དངུལ་ཁྱོན་སྒོར་ཁྲི2618སྤྲད་པ་རེད།

6_2 འཕྲོད་བསྟེན།     

ཞི་ཧྲུའེ་རྫོང་གིས་ཨེ་ཙིའི་ནད་དང་། ཁྲག་འཇིབ་འབུ་ཕྲའི་ནད། འདུས་འདྲིལ་གཅོང་ནད་སོགས་འགོ་ནད་ཚབས་ཆེན་གྱི་ཚོད་འཛིན་ལས་དོན་ནུས་ལྡན་ངང་བསྒྲུབས་ནས་ཆམ་རིམས་ཀ་རིགས་དང་རྐང་ལག་ཁ་ནད་སོགས་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་ནུས་ལྡན་བཅག་ཡོད། རྫོང་མི་དམངས་སྨན་ཁང་གི་ཕྱི་ནད་ཚན་ཁག་གི་ཐོག་བརྩེགས་ཁང་ཆེན་གསར་པ་སྐྲུན་འགོ་ཚུགས་པ་དང་། ཤང་གྲོང་འཕྲོད་བསྟེན་ཁང3དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)13 གྲོང་ཚོའི་འཕྲོད་བསྟེན་ཁང་80བཅས་སྒྱུར་བཀོད་དང་གསར་སྐྲུན་བྱས་ཡོད།

6_3 ཁོར་ཡུག་སྲུང་སྐྱོང་།     

ཞི་ཧྲུའེ་རྫོང་གི་ལྟེ་བའི་གྲོང་རྡལ100%དང་སྲིད་འཛིན་གྲོང་ཚོ70%ལ་འོད་སྐུད་དྲ་རྒྱ་སྦྲེལ་མཐུད་ཐུབ་ནས་སྐུད་ཡོད་བརྙན་འཕྲིན་དུད་ཚང་དུ་ཁྱབ་ཚད་སྤྱི་ལོ2005ལོའི26.6%ནས37%བར་མཐོ་རུ་ཕྱིན་ཡོད་པ་རེད། སྲིད་ཇུས་དང་མཐུན་པའི་ཕྲུ་གུ་སྐྱེ་ཚད89%ཡན་ཡིན་པ་དང་། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི5མན་ཚོད་འཛིན་ཐུབ་ཡོད། ཕྲུ་གུའི་ཕོ་མོའི་བསྡུར་ཚད་བརྟན་པོའི་ངང་ཆག་པ་རེད། “གྲོང་གསུམ་མཉམ་གཏོད”ཀྱི་ལས་དོན་གཏིང་ཟབ་སྤེལ་བས་གྲོང་ཁུལ་གྱི་སྒྲིག་འགལ་ཞིབ་བཤེར་བྱ་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། སྦགས་བཙོག་དངོས་པོའི་སྤྱི་འབོར་ཚོད་འཛིན་དང་། སྦགས་བཙོག་འགོག་བཅོས། ཁོར་ཡུག་དོ་དམ་བཅས་ཀྱི་ནུས་པ་འཛུགས་སྐྱོང་གི་དམིགས་ཚད་གསུམ་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་དང་། འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་དཔྱད་དཔོག་ལག་བསྟར་བྱེད་ཚད་དང“དུས་མཚུངས་གསུམ”ལག་བསྟར་བྱེད་ཚད100%ཟིན་ཡོད། ས་ཞིང་མུའུ2170གསོག་ཉར་བྱས་པ་དང་། རྨོ་ཞིང་མུའུ་ཁྲི1.73གསར་སྤེལ་བྱས་པས། རྨོ་ཞིང་འགུལ་རྣམ་ངང་འཕར་བའི་དམིགས་ཚད་མངོན་འགྱུར་བྱུང་བ་དང་། གཞི་རྩའི་ས་ཞིང་སྲུང་སྐྱོང་བྱེད་ཚད83.8%ཟིན་ཡོད། ལས་གྲྭའི་ནགས་བཟོ་མུའུ་ཁྲི9.53ལེགས་གྲུབ་བྱུང་བ་དང་སྣོད་བཅུད་སྤྱི་ཕན་ནགས་ཚལ་མུའུ་ཁྲི16.9དང་ཤོག་འདམ་མ་བཅོས་རྒྱུ་ཆའི་རྟེན་གཞི་མུའུ་ཁྲི22བསྐྲུན་ནས་ནགས་ཚལ་ཁྱབ་ཚད36.7%ཟིན་པ་དེ་སྤྱི་ལོ2005ལོ་ལས་བརྒྱ་ཆའི་གྲངས2.6མཐོ་རུ་ཕྱིན་ཡོད་པ་རེད། རྫོང་དེ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་གསར་སྤེལ་ཁུལ་དུ་གཏན་འཁེལ་བྱས་ཡོད། གཏེར་ཁའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད་བྱས་པས། བྱེ་སེར་གྱི་ཡོང་འབབ་སྤྱི་ལོ2005ལོའི་སྒོར་ཁྲི5191ནས་སྒོར་དུང་ཕྱུར1.5བར་འཕར་ནས་ལྡབ2ཙམ་འཕར་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ཧུའུ་པའེ། ས་ཁོངས།