ཞི་ཧྲུའེ་རྫོང་།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-07-03 11:09ལ་འགྲུབ།

ཞི་ཧྲུའེ་རྫོང་།

ཞི་ཧྲུའེ་རྫོང་ནི་ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་གྱི་མངའ་འོག་གི་རྫོང་ཞིག་ཡིན། ཀུའེ་ཀྲོའུ་བྱང་རྒྱུད་དུ་གནས་པ་དང་སི་ཁྲོན་དང་ཀུའེ་ཀྲོའུ་དང་ཁྲུང་ཆིང་བཅས་ཀྱི་འབྲེལ་མཚམས་ཀྱི་ལྟེ་བའི་ས་ཁུལ་དུ་གནས་ཡོད། ཤར་ངོས་ཀུའེ་ཀྲོའུ་ཐུང་ཙི་རྫོང་དང་ཁྲུང་ཆིང་ཡུས་ཅང་ཆུས་དང་འབྲེལ་ཞིང་། ནུབ་ངོས་ཀུའེ་ཀྲོའུ་ཁྲི་ཧྲུའེ་གྲོང་ཁྱེར་དང་འབྲེལ་ཡོད། ལྷོ་ངོས་སུ་ཀུའེ་ཀྲོའུ་རེན་ཧོའེ་གྲོང་ཁྱེར་དང་སི་ཁྲོན་ཀུའུ་ལིན་རྫོང་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ3128ཟིན་ཡོད། དེའི་ཁོངས་སུ་ཁྲོམ་ལམ4དང་། གྲོང་རྡལ20 ཡུལ་ཚོ2བཅས་གཏོགས་ཡོད། སྤྱི་ལོ2010ལོར་ཞི་ཧྲུའེ་རྫོང་གི་མི་གྲངས་བསྡོམས་འབོར717534ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
习水县
ཕྱི་ཡིག་གི་མིང་།
xishuicounty
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ཀུའེ་ཀྲོའུ་བྱང་རྒྱུད།
སྲིད་གཞུང་གནས་ཡུལ།
ཧྲན་ཝང་ཁྲོམ་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0852
སྦྲག་སྲིད་ཨང་རྟགས།
564600
གནས་ཡུལ།
ཀུའེ་ཀྲོའུ་བྱང་རྒྱུད་དང་སི་ཁྲོན་དང་། ཀུའེ་ཀྲོའུ། ཁྲུང་ཆིང་བཅས་ཀྱི་འབྲེལ་མཚམས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3128ཡོད།
མི་གྲངས།
མི717534ཡོད།(སྤྱི་ལོ2010ལོ)
ནམ་ཟླ།
དགུན་དྲོ་ཞིང་དབྱར་བསིལ།
རླངས་འཁོར་ཚབ་ཨང་།
ཀུའེ(贵)C
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
520330
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར171.2ཡོད།(སྤྱི་ལོ2017ལོ)
1 ངོ་སྤྲོད་མདོར་བསྡུས།

ཞི་ཧྲུའེ་ནི་རྒྱལ་ཡོངས་ཀྱི་རྡོ་སོལ་གསར་སྤེལ་གྱི་གཙོ་གནད་རྫོང་ཡིན་ལ། རྫོང་ཡོངས་ཀྱི་རྡོ་སོལ་གསོག་ཚད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ920དང་། ས་གཤིས་གསོག་ཚད་ཏུན་དུང་ཕྱུར48.7ཟིན་ཡོད། ས་ངོས་དང་བར་ཐག་སྨི600ནང་དུ་རྩད་ཆོད་ཐུབ་པའི་གསོག་ཚད་ཏུན་དུང་ཕྱུར16ཟིན་ཡོད། རྡོ་སོལ་སྔོག་འདོན་གྱི་བང་རིམ4ནས6བར་ཡོད། རིམ་པ་རེར་ཆ་སྙོམས་མཐུག་ཚད་སྨི5ཡིན། བསགས་འབོར་ཆེ་བ་དང་། སྤུས་ཀ་ལེགས་པ། ཚ་ཚད་མཐོ་བ། མུ་ཟི་འདུས་ཚད་དམའ་བ། ཐལ་ཚད་ཆུང་བ། དྲོད་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། གློག་ཤུགས་དང་། རྫས་འགྱུར་བཟོ་ལས། བཙོ་སྦྱངས་སོགས་ཀྱི་ཕྱོགས་སུ་ཧ་ཅང་དཀོན་པའི་སྤུས་ལེགས་འབར་རྫས་ཤིག་ཡིན། སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར171.2ཟིན་ཡོད།

སྤྱི་ལོ2018ལོའི་ཟླ6པར་ཞི་ཧྲུའེ་རྫོང་མེད་པ་བཟོ་རྒྱུའི་ཡིག་ཐོག་སྙན་ཞུ་ཕུལ་ནས་རྫོང་རིམ་པའི་ཞི་ཧྲུའེ་གྲོང་ཁྱེར་འཛུགས་རྒྱུར་མོས་མཐུན་བྱུང་།

སྤྱི་ལོ2018ལོའི་ཟླ9པའི་ཚེས25ཉིན་ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བརྡ་ཁྱབ་བཏང་ནས་ཞི་ཧྲུའེ་རྫོང་སོགས་རྫོང(ཆུས)14དབུལ་ཐར་བྱས་པ་ཁྱབ་བསྒྲགས་བྱས།

2 ལོ་རྒྱུས་འཕེལ་རིམ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། སྤྱི་ལོ1951ལོར་ཞི་ཧྲུའེ་རྫོང་ཁོངས་སུ་ཁྲང་ཧྲ་དང་ཀོན་ཏུའུ། ཏུང་ཧོང་། ལིང་ཚུན། ཝུན་ཧྲུའེ། ཀྲའེ་པ། ཀོན་ཏེན། ཧྲོང་ལུང་བཅས་ཆུས8ཡོད། སྤྱི་ལོ1965ལོའི་ཟླ11པར། ཁྲི་ཧྲུའེ་རྫོང་གི་ཐུའུ་ཁྲེང་དང་། ཞིན་རྨིན། ལུང་ཞིན། རེན་ཧོའེ་རྫོང་གི་སང་མའོ་དང་། ཧུའེ་ལུང་། ཡུང་ཨན་བཅས་ཆུས6ཞི་ཧྲུའེ་རྫོང་གི་ཁོངས་སུ་བགོས། ཞི་ཧྲུའེ་རྫོང་གི་ཁྲང་ཧྲ་དང་ཀོན་ཏུའུ་ཆུས2ཁྲི་ཧྲུའེ་རྫོང་གི་ཁོངས་སུ་བགོས། ཞི་ཧྲུའེ་རྫོང་ཁོངས་གཏོགས་སུ་ཆུས12དང་གྲོང་རྡལ1བཅས་ཡོད། སྤྱི་ལོ1992ལོར་གྲོང་རྡལ་དང་ཡུལ་ཚོ་ཟླ་སྒྲིལ་བཏང་ཞིང་ཆུས་ཕྱིར་འཐེན་བྱས། སྤྱི་ལོ1998ལོར་མ་ལིན་བཟོ་ལས་དཔལ་འབྱོར་ཁུལ་བཙུགས། ཞི་ཧྲུའེ་རྫོང་ཁོངས་གཏོགས་སུ་ཡུལ་ཚོ་དང་གྲོང་རྡལ24ཡོད།

སྤྱི་ལོ2015ལོའི་ཟླ12པའི་ཚེས28ཉིན། ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཆན་བཀོད་ནས་སྔར་གྱི་ས་ཁུལ་དབྱེ་འབྱེད་ལེགས་སྒྲིག་བྱས། ཏུང་ཧོང་སོགས་ཁྲོམ་ལམ་དོན་གཅོད་ཁྲུའུ4གསར་འཛུགས་བྱས།

སྤྱི་ལོ2018ལོའི་ཟླ6པར། ཀྲུང་གུང་ཙུན་དབྱི་གྲོང་ཁྱེར་གྱི་སྐབས་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག ཞི་ཧྲུའེ་རྫོང་མེད་པར་བཟོ་རྒྱུའི་ཡིག་ཐོག་སྙན་ཞུ་ཕུལ་ནས་རྫོང་རིམ་པའི་ཞི་ཧྲུའེ་གྲོང་ཁྱེར་འཛུགས་རྒྱུར་མོས་མཐུན་བྱུང་།

3 ​སྲིད་འཛིན་ཁུལ་དབྱེ།

སྤྱི་ལོ2010ལོར་ཞི་ཧྲུའེ་རྫོང་གི་སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ3128ཟིན་པ་དང་དེའི་ཁོངས་གཏོགས་སུ་གྲོང་རྡལ14དང་ཡུལ་ཚོ9ཡོད།

སྤྱི་ལོ2015ལོའི་ཟླ12པའི་ཚེས28ཉིན། ཀུའེ་ཀྲོའུ་ཞིང་ཆེན་སྲིད་གཞུང་གིས་ཏུང་ཧོང་གྲོང་རྡལ་གྱི་སྒྲིག་གཞི་ཕྱིར་འཐེན་བྱ་རྒྱུའི་མཆན་བཀོད་བཀའ་ལན་གནང་བ་དང་། ཏུང་ཧོང་ཁྲོམ་ལམ་དང་། ཧྲན་ཝང་ཁྲོམ་ལམ། ཅིའུ་ལུང་ཁྲོམ་ལམ་བཅས་བཙུགས། ལུང་ཞིན་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་ནས་མ་ལིན་ཁྲོམ་ལམ་གྱི་ལམ་འཛུགས་རྒྱུར་འཐད་པ་བྱུང། མིན་ཧྭ་ཡུལ་ཚོ། ཨེར་ལང་ཡུལ་ཚོ། ཨེར་ལི་ཡུལ་ཚོ་བཅས་ཕྱིར་འཐེན་བྱས་ནས་སོ་སོར་གྲོང་རྡལ་བཙུགས། སྲིད་འཛིན་ཁུལ་དབྱེ་ལེགས་སྒྲིག་བྱས་རྗེས་ཞི་ཧྲུའེ་རྫོང་ཁོངས་གཏོགས་སུ་ཁྲོམ་ལམ4དང་། གྲོང་རྡལ20 ཡུལ་ཚོ2བཅས་ཡོད།

ནམ་ཟླ།

ཞི་ཧྲུའེ་རྫོང་ནི་ཚ་ཁུལ་ཕལ་བའི་བརླན་གཤེར་ཆེ་བའི་དུས་རླུང་གི་གནམ་ཟླ་ཡིན་ལ། དུས་བཞིའི་དབྱེ་བ་གསལ་ཞིང་། དབྱར་དུས་དྲོད་ཚད་མཐོ་ཞིང་ཐན་པ་མང་ལ། སྟོན་དུས་དྲོད་ཚད་མར་ཆག་པ་མགྱོགས་ཤིང་ཆར་ཆུ་མང་། དགུན་ཁར་དྲོད་ཚད་དམའ་ཞིང་ཆར་པ་འབབ། དཔྱིད་དུས་གནམ་གཤིས་གཏན་འཇགས་མིན་ལ་མཚན་མོ་ཆར་པ་མང་པོ་འབབ་ཅིང་། ཉི་འོད་ཕོག་ཚད་ཉུང་ལ་བརླན་བཤེར་ཆེ། ས་ཁུལ་ཆུང་བའི་ནམ་ཟླ་མངོན་གསལ་ཡིན་པ་དང་། གནམ་གཤིས་ཀྱི་དྲང་འཕྱང་ཁྱད་པར་ཧ་ཅང་མངོན་གསལ་ཡིན།

མི་གྲངས།

སྤྱི་ལོ2010ལོར་ཞི་ཧྲུའེ་རྫོང་གི་མི་གྲངས་བསྡོམས་འབོར717534ཟིན་ཡོད།

དཔལ་འབྱོར།

སྤྱི་ལོ2017ལོར་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར171.2ཟིན་ནས་ལོ་གོང་མ་ལས14.5%འཕར་ཡོད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར32810ཡིན། ལོ་གོང་མ་ལས་སྒོར5028འཕར་ཞིང་དེ་ལོ་གོང་མ་ལས18.1%འཕར་ཡོད། ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར32.58ཟིན་པ་དེ་ལོ་གོང་མ་ལས7%འཕར་ཡོད། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར70.03ལེགས་འགྲུབ་བྱུང་བ་དེ་ལོ་གོང་མ་ལས9.2%འཕར་ཡོད། སྒོར་ཁྲི500ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར228.14བཏང་བ་དེ་ལོ་གོང་མ་ལས24.5%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་ཕྱིར་འཚོང་བྱས་གྲངས་བསྡོམས་འབོར་སྒོར་དུང་ཕྱུར130.52ཡིན་ལ་ལོ་གོང་མ་ལས་བརྒྱ་ཆའི28འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར31.98ཟིན་པ་དེ་ལོ་གོང་མ་ལས17%འཕར་ཡོད། རྫོང་ཡོངས་སུ་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར25.57ཟིན་པ་དེ་ལོ་གོང་མ་ལས23.9%འཕར་ཡོད། རྫོང་ཡོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར8.55ཟིན་ནས་ལོ་གོང་མ་ལས20.72%འཕར་ཡོད། རྫོང་ཡོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར46.96ཟིན་པ་དེ་ལོ་གོང་མ་ལས18%འཕར་ཡོད། ལོ་མཇུག་ཏུ་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར204.58ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས16.3%འཕར་ཡོད། ལོ་མཇུག་ཏུ་དངུལ་རྩའི་སྒྲིག་གཞིར་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྣ་ཚོགས་ཀྱི་ལྷག་གྲངས་སྒོར་དུང་ཕྱུར167.03ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས35.28%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར27344ཟིན་པ་དེ་ལོ་གོང་མ་ལས9.7%འཕར་ཡོད། གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར9469ཟིན་པ་དེ་ལོ་སྔོན་མ་ལས10.4%འཕར་ཡོད། ཨེན་ཀེར་བཏགས་གྲངས28.4%ཡིན། 


དཔྱད་གཞིའི་ཡིག་ཆ།