སུང་ཁྲའོ་ཧྭ།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-03 15:29ལ་འགྲུབ།

སུང་ཁྲའོ་ཧྭ།

སུང་ཁྲའོ་ཧྭ།
སུང་ཁྲའོ་ཧྭ། ཕོ། རྒྱ་རིགས། སྤྱི་ལོ1962ལོའི་ཟླ5པར་སྐྱེས། སི་ཁྲོན་ཆུང་ལའེ་ནས་ཡིན་ཞིང་། སྤྱི་ལོ1983ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1983ལོའི་ཟླ7པར་ལས་ཀར་ཞུགས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་བཅའ་ཁྲིམས་ཆེད་ལས་ནས་མཐར་ཕྱིན། ད་ལྟ་སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་། ནན་ཁྲུང་ཡན་ལག་དམག་ཁུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宋朝华
རྒྱལ་ཁོངས།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
སི་ཁྲོན་ཆུང་ལའེ།
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ5པ།
མཐར་ཕྱིན་སློབ་གྲྭ།
ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1980ལོའི་ཟླ9པ་ནས་སྤྱི་ལོ1983ལོའི་ཟླ7པའི་བར། ཝིན་ཅང་དགེ་འོས་ཆེད་ཚན་སློབ་གྲྭར་རྒྱ་ཡིག་ཆེད་ལས་སློབ་སྦྱོང་བྱས།

སྤྱི་ལོ1983ལོའི་ཟླ7པ་ནས་སྤྱི་ལོ1984ལོའི་ཟླ2པའི་བར། ཕུའུ་ཅང་རྫོང་ཏ་ཞིན་སློབ་འབྲིང་དང་ཕུའུ་ཅང་རྫོང་གི་དགེ་རྒན་ཟབ་སྦྱོང་སློབ་གྲྭའི་དགེ་རྒན་བྱས།

སྤྱི་ལོ1984ལོའི་ཟླ2པ་ནས་སྤྱི་ལོ1985ལོའི་ཟླ3པའི་བར། ཕུའུ་ཅང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ལས་བྱེད་པ་བྱས།

སྤྱི་ལོ1985ལོའི་ཟླ3པ་ནས་སྤྱི་ལོ1993ལོའི་ཟླ3པའི་བར། ཁྲིན་ཏུའུ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་བྱས།

སྤྱི་ལོ1993ལོའི་ཟླ3པ་ནས་སྤྱི་ལོ1993ལོའི་ཟླ7པའི་བར། ཁྲིན་ཏུའུ་གྲོང་ཁྱེར་ཏང་ཨུ་རྩ་འཛུགས་པུའི་གཞོན་ནུ་ལས་བྱེད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་ཏ་དབྱི་རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1993ལོའི་ཟླ7པ་ནས་སྤྱི་ལོ1995ལོའི་ཟླ10པའི་བར། ཏ་དབྱི་རྫོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1995ལོའི་ཟླ10པ་ནས་སྤྱི་ལོ1996ལོའི་ཟླ11པའི་བར། ཏ་དབྱི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1996ལོའི་ཟླ11པ་ནས་སྤྱི་ལོ1997ལོའི་ཟླ3པའི་བར། ཏ་དབྱི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1997ལོའི་ཟླ3པ་ནས་སྤྱི་ལོ1997ལོའི་ཟླ10པའི་བར། ཏ་དབྱི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཚབ་མ། ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1997ལོའི་ཟླ10པ་ནས་སྤྱི་ལོ2002ལོའི་ཟླ12པའི་བར། ཏ་དབྱི་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2002ལོའི་ཟླ12པ་ནས་སྤྱི་ལོ2006ལོའི་ཟླ8པའི་བར། ཞིན་ཅིན་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2006ལོའི་ཟླ8པ་ནས་སྤྱི་ལོ2006ལོའི་ཟླ12པའི་བར། ཁྲིན་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ཆུས་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2006ལོའི་ཟླ12པ་ནས་སྤྱི་ལོ2008ལོའི་ཟླ8པའི་བར། ཁྲིན་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ཆུས་ཨུའི་ཧྲུའུ་ཅི་དང་ཆུས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2008ལོའི་ཟླ8པ་ནས་སྤྱི་ལོ2010ལོའི་ཟླ11པའི་བར། མེ་ཧྲན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ11པ་ནས་སྤྱི་ལོ2011ལོའི་ཟླ11པའི་བར། མེ་ཧྲན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ11པ་ནས་སྤྱི་ལོ2016ལོའི་ཟླ2པའི་བར། མེ་ཧྲན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་། ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ2པ་ནས་སྤྱི་ལོ2016ལོའི་ཟླ3པའི་བར། ནན་ཁྲུང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་ཚབ་མ། ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ3པ་ནས་སྤྱི་ལོ2016ལོའི་ཟླ7པའི་བར། ནན་ཁྲུང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་། ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ7པ་ནས་སྤྱི་ལོ2016ལོའི་ཟླ9པའི་བར། ནན་ཁྲུང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་། ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ9པ་ནས། ནན་ཁྲུང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ནན་ཁྲུང་ཡན་ལག་དམག་ཁུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་པོའི་འགན་བཞེས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་པ་དང་སྐབས་བཅུ་གཅིག་པའི་ཨུ་ཡོན། ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2018ལོའི་ཟླ12པའི་ཚེས19ཉིན་གྱི་སྔ་དྲོ་ནན་ཁྲུང་ཡན་ལག་དམག་ཁུལ་ཁང་གིས་ཚན་ཁག་ལེགས་སྒྲིག་དང་བཀའ་རྒྱ་གཏོང་བའི་ཚོགས་ཆེན་འཚོགས་པ་རེད། ཀྲུང་གུང་ནན་ཁྲུང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ནན་ཁྲུང་ཡན་ལག་དམག་ཁུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་པོ་སུང་ཁྲའོ་ཧྭ་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་ཡོད་ཀྱི་གསུང་བཤད་ཀྱང་གནང་བ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། ཆབ་སྲིད། རིག་གནས།