ཏུའུ་ཙི་ཕིང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-03 15:22ལ་འགྲུབ།

ཏུའུ་ཙི་ཕིང་།

ཏུའུ་ཙི་ཕིང་།
ཏུའུ་ཙི་ཕིང་། ཕོ། རྒྱ་རིགས། སྤྱི་ལོ1962ལོའི་ཟླ9པར་སྐྱེས། སི་ཁྲོན་ཧུང་ཡ་ཡི་མི། ལས་ཐོག་ཞིབ་འཇུག་སློབ་མ། སྤྱི་ལོ1984ལོའི་ཟླ7པར་ལས་ཀར་ཞུགས། སྤྱི་ལོ1984ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ད་ལྟ་སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杜紫平
རྒྱལ་ཁོངས།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
སི་ཁྲོན་ཧུང་ཡ།
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ9པ།
མཐར་ཕྱིན་སློབ་གྲྭ།
སི་ཁྲོན་ཞིང་ཆེན་ཏང་གི་སློབ་གྲྭ།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1980ལོའི་ཟླ9པ་ནས་སྤྱི་ལོ1984ལོའི་ཟླ7པའི་བར། སི་ཁྲོན་དགེ་འོས་སློབ་ཆེན(དེ་སྔའི་སི་ཁྲོན་དགེ་འོས་སློབ་གླིང)གྱི་ཆབ་སྲིད་སློབ་གསོ་ཚན་ཁག་གི་ཆབ་སྲིད་སློབ་གསོའི་ཆེད་ལས་སློབ་སྦྱོང་བྱས།

སྤྱི་ལོ1984ལོའི་ཟླ7པ་ནས་སྤྱི་ལོ1985ལོའི་ཟླ2པའི་བར། སི་ཁྲོན་ཞིང་ཆེན་ཆིན་ཧྲེན་རྫོང་ཁོངས་གཞོན་ནུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།    

སྤྱི་ལོ1984ལོའི་ཟླ9པ་ནས་སྤྱི་ལོ1985ལོའི་ཟླ9པའི་བར། སི་ཁྲོན་ཞིང་ཆེན་ཆིང་ཧྲེན་རྫོང་ཆིང་ཁྲེང་ཤང་གི་ཤང་ཀྲང་གཞོན་པ། ཤང་ཀྲང་ཚབ་མའི་འགན་བཞེས།

སྤྱི་ལོ1985ལོའི་ཟླ9པ་ནས་སྤྱི་ལོ1987ལོའི་ཟླ2པའི་བར། སི་ཁྲོན་ཞིང་ཆེན་ཆིང་ཧྲེན་རྫོང་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།    

སྤྱི་ལོ1987ལོའི་ཟླ2པ་ནས་སྤྱི་ལོ1993ལོའི་ཟླ1པའི་བར། སི་ཁྲོན་ཞིང་ཆེན་ཆིང་ཧྲེན་རྫོང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ1993ལོའི་ཟླ1པ་ནས་སྤྱི་ལོ1995ལོའི་ཟླ1པའི་བར། སི་ཁྲོན་ཞིང་ཆེན་ཆིང་ཧྲེན་རྫོང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1995ལོའི་ཟླ9པ་ནས་སྤྱི་ལོ2002ལོའི་ཟླ10པའི་བར། སི་ཁྲོན་ཞིང་ཆེན་ཆིང་ཧྲེན་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2002ལོའི་ཟླ10པ་ནས་སྤྱི་ལོ2005ལོའི་ཟླ5པའི་བར། སི་ཁྲོན་ཞིང་ཆེན་ཆིང་ཧྲེན་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གྱི་འགན་བཞེས།

སྤྱི་ལོ2005ལོའི་ཟླ5པ་ནས་སྤྱི་ལོ2006ལོའི་ཟླ1པའི་བར། སི་ཁྲོན་ཞིང་ཆེན་ཕེང་ཧྲན་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2006ལོའི་ཟླ1པ་ནས་སྤྱི་ལོ2006ལོའི་ཟླ3པའི་བར། སི་ཁྲོན་ཞིང་ཆེན་ཕེང་ཧྲན་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2006ལོའི་ཟླ3པ་ནས་སྤྱི་ལོ2006ལོའི་ཟླ10པའི་བར། སི་ཁྲོན་ཞིང་ཆེན་མེ་ཧྲན་གྲོང་ཁྱེར་ཏུང་ཕོ་ཆུས་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2006ལོའི་ཟླ10པ་ནས་སྤྱི་ལོ2008ལོའི་ཟླ7པའི་བར། སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2008ལོའི་ཟླ7པ་ནས་སྤྱི་ལོ2009ལོའི་ཟླ11པའི་བར། སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས།

སྤྱི་ལོ2009ལོའི་ཟླ11པ་ནས་སྤྱི་ལོ2011ལོའི་ཟླ11པའི་བར། སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ11པ་ནས་སྤྱི་ལོ2013ལོའི་ཟླ5པའི་བར། སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ། གྲོང་ཁྱེར་མི་དམངས་སྲིད་གཞུང་ཧྲི་ཀྲང་། ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ5པ་ནས་སྤྱི་ལོ2013ལོའི་ཟླ10པའི་བར། སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཧྲི་ཀྲང་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ10པ་ནས་སྤྱི་ལོ2016ལོའི་ཟླ2པའི་བར། སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ2པ་ནས་སྤྱི་ལོ2016ལོའི་ཟླ3པའི་བར། སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཧྲི་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ3པ་ནས། སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2017ལོའི་ཟླ1པའི་ཚེས11ཉིན། དབྱི་པིན་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་ཚོགས་འདུ་ཐེངས་དང་པོ་རྒྱལ་ཁའི་ངང་གྲོལ་བ་དང་ཏུའུ་ཙི་ཕིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་ལ་བདམས་ཐོན་བྱུང་།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཆབ་སྲིད། སྲིད་འཛིན། མི་སྣ།