ལིའུ་ཀྲུང་པོ།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-03 15:27ལ་འགྲུབ།

ལིའུ་ཀྲུང་པོ།

ལིའུ་ཀྲུང་པོ།
ལིའུ་ཀྲུང་པོ། ཕོ། རྒྱ་རིགས། སྤྱི་ལོ1962ལོའི་ཟླ9པར་སྐྱེས། སི་ཁྲོན་དབྱི་ལུང་གི་མི། ལས་ཐོག་རབ་འབྱམས་པའི་ཞིབ་འཇུག་སློབ་མ། སྤྱི་ལོ1981ལོའི་ཟླ9པར་ལས་ཀར་ཞུགས། སྤྱི་ལོ1983ལོའི་ཟླ1པོར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ད་ལྟ་སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刘中伯
རྒྱལ་ཁོངས།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
སི་ཁྲོན་དབྱི་ལུང་།
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ9པ
དད་མོས།
གུང་ཁྲན་རིང་ལུགས།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1981ལོའི་ཟླ9པ་ནས་སྤྱི་ལོ1986ལོའི་ཟླ1པའི་བར། སི་ཁྲོན་ཞིང་ཆེན་དབྱི་ལུང་རྫོང་ཏ་ཧྭ་ཤང་གི་ལས་བྱེད་པ་བྱས།

སྤྱི་ལོ1986ལོའི་ཟླ1པ་ནས་སྤྱི་ལོ1990ལོའི་ཟླ2པའི་བར། སི་ཁྲོན་ཞིང་ཆེན་དབྱི་ལུང་རྫོང་ཧུའེ་ཁྲུན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1990ལོའི་ཟླ2པ་ནས་སྤྱི་ལོ1993ལོའི་ཟླ7པའི་བར། སི་ཁྲོན་ཞིང་ཆེན་དབྱི་ལུང་རྫོང་ལའེ་སུའུ་ཤང་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1993ལོའི་ཟླ7པ་ནས་སྤྱི་ལོ1995ལོའི་ཟླ8པའི་བར། སི་ཁྲོན་ཞིང་ཆེན་དབྱི་ལུང་རྫོང་ཧུའེ་ཁྲུན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་དང་ཀྲེན་ཀྲང་གི་འགན་བཞེས།

སྤྱི་ལོ1995ལོའི་ཟླ8པ་ནས་སྤྱི་ལོ1997ལོའི་ཟླ5པའི་བར། སི་ཁྲོན་ཞིང་ཆེན་དབྱི་ལུང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ1997ལོའི་ཟླ5པ་ནས་སྤྱི་ལོ2001ལོའི་ཟླ8པའི་བར། སི་ཁྲོན་ཞིང་ཆེན་དབྱི་ལུང་རྫོང་ཨུའི་རྒྱུན་ཨུ། རྫོང་མི་དམངས་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ8པ་ནས་སྤྱི་ལོ2002ལོའི་ཟླ10པའི་བར། སི་ཁྲོན་ཞིང་ཆེན་ནན་ཁྲུང་གྲོང་ཁྱེར་ཆུ་བེད་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2002ལོའི་ཟླ10པ་ནས་སྤྱི་ལོ2002ལོའི་ཟླ12པའི་བར། སི་ཁྲོན་ཞིང་ཆེན་ཕེང་ཨན་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2002ལོའི་ཟླ12པ་ནས་སྤྱི་ལོ2006ལོའི་ཟླ10པའི་བར། སི་ཁྲོན་ཞིང་ཆེན་ཕེང་ཨན་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2006ལོའི་ཟླ10པ་ནས་སྤྱི་ལོ2012ལོའི་ཟླ11པའི་བར། སི་ཁྲོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2012ལོའི་ཟླ11པ་ནས་སྤྱི་ལོ2013ལོའི་ཟླ1པའི་བར། སི་ཁྲོན་ཞིང་ཆེན་ཚོང་འགུགས་མ་འདྲེན་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་གི་འགན་བཞེས།

སྤྱི་ལོ2013ལོའི་ཟླ1པ་ནས་སྤྱི་ལོ2016ལོའི་ཟླ6པའི་བར། སི་ཁྲོན་ཞིང་ཆེན་མ་འཇོག་སྐུལ་སྤེལ་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཅུས་ཀྲང་གི་འགན་བཞེས།

སྤྱི་ལོ2016ལོའི་ཟླ6པ་ནས་། སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། སྐབས་བཅུ་གཅིག་པའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2016ལོའི་ཟླ10པའི་ཚེས28ཉིན། ཀྲུང་གོ་གུང་ཁྲན་ཏང་གི་དབྱི་པིན་གྲོང་ཁྱེར་སྐབས་ལྔ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་ལིའུ་ཀྲུང་པོ་ནི་སྐབས་གསར་པའི་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིར་བདམས་ཐོན་བྱུང་།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཆབ་སྲིད། མི་སྣ། རིག་གནས། མི་རིགས།