ཝུའུ་ཞུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-03 15:22ལ་འགྲུབ།

ཝུའུ་ཞུས།

ཝུའུ་ཞུས།
ཝུའུ་ཞུས། མོ། རྒྱ་རིགས། སྤྱི་ལོ1970ལོའི་ཟླ4པར་སྐྱེས། སི་ཁྲོན་ཙི་ཀུང་ནས་ཡིན་ཞིང་སྤྱི་ལོ1990ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1991ལོའི་ཟླ7པར་ལས་ཀར་ཞུགས། སིང་ཀ་ཕོར་ནན་དབྱང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སྤྱི་པའི་དོ་དམ་ཆེད་ལས་ནས་མཐར་ཕྱིན། ཀྲུང་དབྱང་ཏང་གི་སློབ་གྲྭའི་མཚན་ཉིད་རིག་པའི་ཞིབ་འཇུག་སློབ་མ། ལས་ཐོག་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། སྤྱི་པའི་དོ་དམ་རབ་འབྱམས་པའི་བསླབ་གནས་ལྡན། ད་ལྟའི་ནོར་སྲིད་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
吴旭
རྒྱལ་ཁོངས།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
སི་ཁྲོན་ཞིང་ཆེན་ཙི་ཀུང་གྲོང་ཁྱེར།
སྐྱེས་ལོ།
སྤྱི་ལོ1970ལོའི་ཟླ4པ།
མཐར་ཕྱིན་སློབ་གྲྭ།
སིང་ཀ་ཕོར་ནན་དབྱང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1988ལོའི་ཟླ9པ་ནས་སྤྱི་ལོ1991ལོའི་ཟླ7པའི་བར། ཙི་ཀུང་དགེ་འོས་ཆེད་ལས་དབྱིན་ཡིག་ཚན་ཁག་གི་དབྱིན་ཡིག་ཆེད་ལས་སློབ་སྦྱོང་བྱས།

སྤྱི་ལོ1991ལོའི་ཟླ7པ་ནས་སྤྱི་ལོ1996ལོའི་ཟླ10པའི་བར། སི་ཁྲོན་ཞིང་ཆེན་ཙི་ཀུང་འཕྲོད་བསྟེན་སློབ་གྲྭའི་ཚོགས་པ་ཨུ་ལྷན་གྱི་ཀན་ཧྲི་དང་། ཧྲུའུ་ཅི་གཞོན་པ། ཧྲུའུ་ཅི། སློབ་མའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི། དབྱིན་ཡིག་དགེ་རྒན་སོགས་ཀྱི་འགན་བཞེས། 

སྤྱི་ལོ1996ལོའི་ཟླ10པ་ནས་སྤྱི་ལོ1998ལོའི་ཟླ5པའི་བར། གུང་གཞོན་ཚོགས་པ་སི་ཁྲོན་ཞིང་ཆེན་ཙི་ཀུང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1998ལོའི་ཟླ5པ་ནས་སྤྱི་ལོ2000ལོའི་ཟླ5པའི་བར། སི་ཁྲོན་ཞིང་ཆེན་ཙི་ཀུང་གྲོང་ཁྱེར་ཏ་ཨན་ཆུས་ཨུའི་ཧྲུའུ་ཅི་གཞོན་པ་དང་གུང་གཞོན་ཚོགས་པ་སི་ཁྲོན་ཞིང་ཆེན་ཙི་ཀུང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2000ལོའི་ཟླ5པ་ནས་སྤྱི་ལོ2006ལོའི་ཟླ11པའི་བར། གུང་གཞོན་ཚོགས་པའི་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2006ལོའི་ཟླ11པ་ནས་སྤྱི་ལོ2009ལོའི་ཟླ10པའི་བར། སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2009ལོའི་ཟླ10པ་ནས་སྤྱི་ལོ2009ལོའི་ཟླ12པའི་བར། སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2009ལོའི་ཟླ12པ་ནས་སྤྱི་ལོ2011ལོའི་ཟླ8པའི་བར། སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2011ལོའི་ཟླ8པ་ནས་སྤྱི་ལོ2012ལོའི་ཟླ5པའི་བར། སི་ཁྲོན་ཞིང་ཆེན་པ་ཀྲུང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2012ལོའི་ཟླ5པ་ནས་སྤྱི་ལོ2013ལོའི་ཟླ5པའི་བར། སི་ཁྲོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ5པ་ནས་སྤྱི་ལོ2018ལོའི་ཟླ7པའི་བར། ཙི་དབྱང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། སི་ཁྲོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2018ལོའི་ཟླ7པ་ནས་སྤྱི་ལོ2019ལོའི་ཟླ1པའི་བར། ཙི་དབྱང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་། ཧྲི་ཀྲང་ཚབ་མ། ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2019ལོའི་ཟླ1པ་ནས། ཙི་དབྱང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཨུ་ཡོན།

2 གོ་གནས་བསྐོ་འཐེན

སྤྱི་ལོ2018ལོའི་ཟླ7པའི་ཚེས9ཉིན། སི་ཁྲོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལས་བྱེད་པ་ཡོངས་ཀྱི་ཚོགས་ཆེན་འཚོགས། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་གཙོ་བོ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཞིང་ཆེན་ཏང་ཨུའི་ཆོད་དོན་ཁྱབ་བསྒྲགས་བྱས་པ་སྟེ། བློ་མཐུན་ཝུའུ་ཞུས་ཀྱིས་སི་ཁྲོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞིའི་གོ་གནས་འཐེན་རྒྱུ་དང་། བློ་མཐུན་ཀྲེང་པེ་སི་ཁྲོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅིར་བསྐོ་གཞག་བྱེད་རྒྱུ་དང་ཀྲུའུ་ཞི་མིང་འདོན་བྱེད་རྒྱུར་ཐག་བཅད།

སྤྱི་ལོ2019ལོའི་ཟླ1པའི་ཚེས9ཉིན་གྱི་སྔ་དྲོ། ཙི་དབྱང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཞི་པའི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་ཚོགས་ཆེན་གྱི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་རྗེས་གྲོལ་བ་རེད། མིང་མ་བཀོད་པའི་འདེམས་ཤོག་འཕངས་པ་བརྒྱུད་བློ་མཐུན་ཝུའུ་ཞུས་ཙི་དབྱང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་ལ་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། མི་སྣ། ཆབ་སྲིད་པ།