ཧྥན་རུའེ་ཕིང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-03 15:18ལ་འགྲུབ།

ཧྥན་རུའེ་ཕིང་།

ཧྥན་རུའེ་ཕིང་།
ཧྥན་རུའེ་ཕིང་། ཕོ། རྒྱ་རིགས། སྤྱི་ལོ1966ལོའི་ཟླ4པར་འཁྲུངས། ཧུའུ་པེ་ཞིང་ཆེན་ཀྲུང་ཞང་ནས་ཡིན་ཞིང་སྤྱི་ལོ1985ལོའི་ཟླ5པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1984ལོའི་ཟླ8པར་ལས་ཀར་ཞུགས། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱི་སྲིད་འཛིན་དོ་དམ་ཆེད་ལས་དང་སིང་ཀ་ཕོར་ནན་དབྱང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་དོ་དམ་དཔལ་འབྱོར་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། དོ་དམ་རིག་པ། རང་བྱུང་རིག་པའི་རབ་འབྱམས་པའི་བསླབ་གནས་ལྡན། ད་ལྟ་སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཁྲིན་ཏུའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
范锐平
རྒྱལ་ཁོངས།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧུའུ་པེ་ཞིང་ཆེན་ཀྲུང་ཞང་།
སྐྱེས་ལོ།
སྤྱི་ལོ1966ལོའི་ཟླ4པ།
མཐར་ཕྱིན་སློབ་གྲྭ།
ཧྭ་ཀྲུང་ཚན་རྩལ་སློབ་ཆེན། སིང་ཀ་ཕོར་ནན་དབྱང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1984ལོའི་ཟླ8པ་ནས་སྤྱི་ལོ1990ལོའི་ཟླ10པའི་བར། ཧུའུ་པེ་ཞིང་ཆེན་ཀྲུང་ཞང་རྫོང་ཅིའུ་ཁོའུ་ཆུས(གྲོང་རྡལ)ལས་བྱེད་པ་དང་། གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞུང་ཆའོ་དོ་དམ་ཁུལ་གྱི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1990ལོའི་ཟླ10པ་ནས་སྤྱི་ལོ1993ལོའི་ཟླ2པའི་བར། ཧུའུ་པེ་ཞིང་ཆེན་ཀྲུང་ཤང་རྫོང་ཁྲང་ཧྲོའུ་གྲོང་རྡལ་ཏང་ཨུའི་རྩ་འཛུགས་ཨུ་ཡོན་དུ་བདམས།

སྤྱི་ལོ1993ལོའི་ཟླ2པ་ནས་སྤྱི་ལོ1996ལོའི་ཟླ3པའི་བར། ཧུའུ་པེ་ཞིང་ཆེན་ཀྲུང་ཞང་གྲོང་ཁྱེར་ཧྥེང་ལེ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1996ལོའི་ཟླ3པ་ནས་སྤྱི་ལོ1997ལོའི་ཟླ8པའི་བར། ཧུའུ་པེ་ཞིང་ཆེན་ཀྲུང་ཞང་གྲོང་ཁྱེར་ཧྥེང་ལེ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1997ལོའི་ཟླ8པ་ནས་སྤྱི་ལོ2000ལོའི་ཟླ10པའི་བར། གུང་གཞོན་ཚོགས་པ་ཧུའུ་པེ་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་ཏང་ཙུའུ་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2000ལོའི་ཟླ10པ་ནས་སྤྱི་ལོ2001ལོའི་ཟླ12པའི་བར། ཧུའུ་པེ་ཞིང་ཆེན་སུང་ཙི་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས།

སྤྱི་ལོ2001ལོའི་ཟླ12པ་ནས་སྤྱི་ལོ2004ལོའི་ཟླ4པའི་བར། ཧུའུ་པེ་ཞིང་ཆེན་གོང་སྤེལ་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

སྤྱི་ལོ2004ལོའི་ཟླ4པ་ནས་སྤྱི་ལོ2006ལོའི་ཟླ3པའི་བར། ཧུའུ་པེ་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་ཏང་ཙུའུ་ཡི་ཁོངས་མིའི་འགན་བཞེས།

སྤྱི་ལོ2006ལོའི་ཟླ3པ་ནས་སྤྱི་ལོ2006ལོའི་ཟླ5པའི་བར། ཧུའུ་པེ་ཞིང་ཆེན་ཨོ་ཀྲོའུ་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ལས་ཚབ་ཧྲི་ཀྲང་གི་འགན་བཞེས།

སྤྱི་ལོ2006ལོའི་ཟླ5པ་ནས་སྤྱི་ལོ2009ལོའི་ཟླ3པའི་བར། ཧུའུ་པེ་ཞིང་ཆེན་ཨོ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས།

སྤྱི་ལོ2009ལོའི་ཟླ3པ་ནས་སྤྱི་ལོ2009ལོའི་ཟླ6པའི་བརཧུའུ་པེ་ཞིང་ཆེན་ཨོ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2009ལོའི་ཟླ6པ་ནས་སྤྱི་ལོ2011ལོའི་ཟླ7པའི་བར། ཧུའུ་པེ་ཞིང་ཆེན་ཨོ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2011ལོའི་ཟླ7པ་ནས་སྤྱི་ལོ2011ལོའི་ཟླ8པའི་བར། ཧུའུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཨོ་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཀྱི་འགན་བཞེས’

སྤྱི་ལོ2011ལོའི་ཟླ8པ་ནས་སྤྱི་ལོ2012ལོའི་ཟླ1པའི་བར། ཧུའུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞང་དབྱང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2012ལོའི་ཟླ1པ་ནས་སྤྱི་ལོ2013ལོའི་ཟླ5པའི་བར། ཧུའུ་པེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞང་དབྱང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།

སྤྱི་ལོ2013ལོའི་ཟླ5པ་ནས་སྤྱི་ལོ2017ལོའི་ཟླ3པའི་བར། སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ3པ་ནས་སྤྱི་ལོ2017ལོའི་ཟླ4པའི་བར། སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཁྲིན་ཏུའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ4པ་ནས། སི་ཁྲོན་ཞིང་ཏང་ཨུའི་རྒྱུན་ཨུ། ཁྲིན་ཏུའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་འཐུས་མི། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི་དང་ཁྲིན་ཏུའུ་གྲོང་ཁྱེར་གྱི་གྲོང་ཁྱེར་ཏང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2017ལོའི་ཟླ5པའི་ཚེས27ཉིན་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཧྥན་རུའེ་ཕིང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་ལ་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་རིགས། རིག་གནས། མི་སྣ།