ལུའོ་ཆང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-07-03 15:15ལ་འགྲུབ།

ལུའོ་ཆང་།

ལུའོ་ཆང་།
ལུའོ་ཆང་། ཕོ། མིའོ་རིགས། སྤྱི་ལོ1970ལོའི་ཟླ5པར་སྐྱེས། ཀུའེ་ཀྲོའུ་སི་ནན་གྱི་མི་ཡིན། སྤྱི་ལོ1998ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1992ལོའི་ཟླ7པར་ལས་ཀར་ཞུགས། ཞིབ་འཇུག་སློབ་མ། བཟོ་རིག་འབུམ་རམས་པ་བཅས་ཡིན། ད་ལྟ་ཀུའེ་ཀྲོའུ་ཞིང་ཆེན་གྱི་ཏུང་ནན་ཁུལ་གྱི་ཧྲུའུ་ཅི་གཞོན་པ་དང་། ཀྲོའུ་ཀྲང་། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
罗强
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
མིའོ་རིགས།
སྐྱེས་ཡུལ།
ཀུའེ་ཀྲོའུ་སི་ནན།
སྐྱེས་ལོ།
སྤྱི་ལོ1970ལོའི་ཟླ5པར།
མཐར་ཕྱིན་སློབ་གྲྭ།
ཐུང་ཅི་སློབ་ཆེན།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ2004ལོའི་ཟླ12པ་ནས་སྤྱོ་ལོ2009ལོའི་ཟླ12བར། ཀུའེ་ཀྲོའུ་ཞིང་ཆེན་འགྲིམ་འགྲུལ་ཐིང་གཞི་རྩའི་འཛུགས་སྐྲུན་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།    

སྤྱི་ལོ2009ལོའི་ཟླ12པ་ནས་སྤྱི་ལོ2012ལོའི་ཟླ6པའི་བར། ཀུའེ་ཀྲོའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུ་ཡི་ཨུ་ཡོན་དང་སྤྱི་ཁྱབ་ལག་རྩལ་ཆེན་མོ་བའི་འགན་བཞེས།     

སྤྱི་ལོ2012ལོའི་ཟླ6པ་ནས་སྤྱི་ལོ2013ལོའི་ཟླ5པའི་བར་ཀུའེ་ཀྲོའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་དང་། ཏང་ཨུ་ཡི་ཨུ་ཡོན། སྤྱི་ཁྱབ་བཟོ་བཀོད་པ་བཅས་ཀྱི་འགན་བཞེས།    

སྤྱི་ལོ2013ལོའི་ཟླ5པ་ནས་སྤྱི་ལོ2016ལོའི་ཟླ11པའི་བར། ཀུའེ་ཀྲོའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་དང་ཏང་ཨུ་ཡི་ཨུ་ཡོན་གྱི་འགན་བཞེས།     

སྤྱི་ལོ2016ལོའི་ཟླ11པ་ནས་སྤྱི་ལོ2017ལོའི་ཟླ12པའི་བར་ཀུའེ་ཀྲོའུ་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་གཞོན་པ་དང་གཞུང་དོན་ཐིང་གི་ཏང་ཙུའུ་ཁོངས་མིའི་འགན་བཞེས།    

སྤྱི་ལོ2017ལོའི་ཟླ12པ་ནས་སྤྱི་ལོ2018ལོའི་ཟླ1པོའི་བར་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་ཁུལ་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་། ཀྲོའུ་ཀྲང་གཞོན་པ། ལས་ཚབ་ཀྲོའུ་ཀྲང་། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།     

སྤྱི་ལོ2018ལོའི་ཟླ1པོ་ནས་ད་བར་དུ་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་ཁུལ་ཏང་ཨུ་ཡི་ཧྲུའུ་ཅི་གཞོན་པ་དང་། ཀྲོའུ་ཀྲང་། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།     

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་དང་། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་ཡིན།

2 བསྐོ་འཐེན་གནས་ཚུལ།

སྤྱི་ལོ2018ལོའི་ཟླ1པོའི་ཚེས9ཉིན། ཆན་ཏུང་ནན་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ལུའོ་ཆང་ཆན་ཏུང་ནན་ཁུལ་མི་དམངས་སྲིད་གཞུང་གི་ཀྲོའུ་ཀྲང་ལ་བདམས།

3 བྱ་བའི་གྲུབ་འབྲས།

ཀུའེ་ཀྲོའུ་ཞིང་ཆེན་གྱི་ཁག་གཉིས་པའི་ལྟེ་བའི་རིགས་གཅིག་མཁས་ཅན་གྱིས་བྱས་རྗེས་རིམ་པ་གཉིས་པ་བཞག ཡུན་རིང་གཞུང་ལམ་ལས་གྲྭའི་རྩད་ཞིབ་ཇུས་འགོད་ལས་དོན་སྤེལ་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་ཕུལ་བྱུང་ལས་གྲྭའི་རྩད་ཞིབ་ཇུས་འགོད་བྱ་དགའ་ཐེངས་བཅུ་ལྷག་ཙམ་ཐོབ་པ་རེད། ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་རྣམ་གྲངས་བཅུ་ལྷག་ཙམ་གཙོ་སྐྱོང་དང་དེའི་ནང་ཞུགས། ཚན་རྩལ་ཡར་ཐོན་གྱི་བྱ་དགའ17ཐོབ་པའི་ནང་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གཉིས་པ1དང་། ཞིང་ཆེན་དང་པུའུ་རིམ་པའི་ཚན་རྩལ་ཡར་ཐོན་དམིགས་བསལ་རིམ་པ་དང་བྱ་དགའ་ཨང་དང་པོ6དང་། ཨང་གཉིས་པ་དང་གསུམ་པ8 ཆེད་ཁེ9བཅས་ཐོབ་ཡོད། རྒྱལ་ཁབ་ཕྱི་ནང་གི་དུས་དེབ་ཐོག་དཔྱད་རྩོམ30ལྷག་ཙམ་སྤེལ་བ་དང་། ཆེད་རྩོམ་ཁག་གཉིས་དཔེ་སྐྲུན་བྱས་ཡོད། སྒྲིག་ཁོངས་སུ་ཞུགས་མཁན་ས་གནས་ཁག་གཉིས་ཚད་ལྡན་དུ་བཏང་།

དཔྱད་གཞིའི་ཡིག་ཆ།