ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-30 10:23ལ་འགྲུབ།

ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ།

ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ།
ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་ནི་སི་ཁྲོན་གྱི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ21གི་གྲས་ཤིག་རེད། སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་ཕྱོགས་སུ་གནས། བྱང་ངོས་ཕྱོགས་སུ་རྒྱལ་མོ་རྔུལ་ཆུ་ནས་གཡག་རྔ་གྲོང་ཁྱེར་དང་དཀར་མཛེས་ཁུལ་གཉིས་ལ་ས་མཚམས་འབྲེལ་བ་དང་། ལྷོ་ངོས་སུ་འབྲི་ཆུའི་བར་བཅད་དེ་ཡུན་ནན་ཞིང་ཆེན་དང་ཁ་སྤྲོད་དུ་གནས་ཡོད། ཤར་དུ་ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་དང་སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར། ལེ་ཧྲན་གྲོང་ཁྱེར་བཅས་སུ་འབྲེལ་ཡོད། ནུབ་འབྲེལ་དཀར་མཛེས་ཁུལ་དང་འབྲེལ། ས་བབ་ནུབ་བྱང་མཐོ་བ་དང་ཤར་ལྷོ་དམའ། བྱང་རྒྱུད་མཐོ་བ་དང་ལྷོ་རྒྱུད་དམའ་བ་འི་ཁྱད་ཆོས་ལྡན། གནམ་གཤིས་ནི་ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི6.04ཡི་འོག་ཏུ་རྫོང་རིམ་པའི་གྲོང་ཁྱེར1ཡོད། རྫོང15དང་རང་སྐྱོང་རྫོང1བཅས་ཡོད། སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས་ཁྲི529.94ཡོད་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ།
རྒྱ་ཡིག་གི་མིང་།
凉山彝族自治州
ཕྱི་ཡིག་གི་མིང་།
Liangshan Yi Autonomous Prefecture
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཁུལ།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན།
མངའ་ཁོངས།
རྫོང་རིམ་པའི་གྲོང་ཁྱེར1 རྫོང15 རང་སྐྱོང་རྫོང1
སྲིད་གཞུང་སྡོད་གནས།
ཞི་ཁྲང་གྲོང་ཁྱེར།
ས་ཁོངས་ཁ་པར་ཨང་རྟགས།
0834
སྦྲག་སྲིད་ཚབ་ཨང་།
615000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི6.04
མི་གྲངས།
ཁྲི529.94
ནམ་ཟླ། 
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ
རླངས་འཁོར་ཚབ་ཨང་།
ཁྲོན།W 川W
སྲིད་འཛིན་ཚབ་ཨང་།
513400
1 ལོ་རྒྱུས་འཕེལ་རིམ།​

སྤྱི་ལོ1955ལོར། ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་ནི་ཞི་ཁང་ཞིང་ཆེན་ནས་སི་ཁྲོན་ཞིང་ཆེན་ལ་བགོས་པ་དང་། རང་སྐྱོང་ཁུལ་མི་དམངས་ཨུ་ཡོན་ལྷན་ཁང་ཀྲའོ་ཅུའེ་རྫོང་དུ་བཅའ་སྡོད་བྱས།

སྤྱི་ལོ1959ལོར་ཡུའེ་ཡུས་རྫོང་གི་མིང་ཡུའེ་ཞི་རྫོང་དུ་བསྒྱུར། ཀ་ལོ་རྫོང་གི་མིང་དེ་ཀན་ལོ་རྫོང་ཞེས་པར་བསྒྱུར།

སྤྱི་ལོ1978ལོར་ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་ཞི་ཁྲང་རྫོང་དུ་སྤོས།

སྤྱི་ལོ1979ལོར་ཞི་ཁྲང་རྫོང་གིས་ཞི་ཁྲང་གྲོང་ཁྱེར་དུ་བསྒྱུར་ཞིང་། ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་ལ་དོ་དམ་བྱས་པ་དང་། དེའི་ཁོངས་སུ་གྲོང་ཁྱེར1དང་རྫོང16(རང་སྐྱོང་རྫོང་གཅིག་ཚུད་ཡོད)ཡོད།

སྤྱི་ལོ1986ལོར་ཞི་ཁྲང་རྫོང་མེད་པར་བཟོས་ནས་སྲིད་འཛིན་ས་ཁོངས་དེ་ཞི་ཁྲང་གྲོང་ཁྱེར་དུ་ཟླ་སྒྲིལ་བཏང་བ་རེད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོའི་ཟླ6པའི་བར། ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་ཡི་ཁོངས་གཏོགས་སུ་རྫོང་རིམ་པའི་སྲིད་འཛིན་ཁུལ17ཡོད་པའི་ནང་རྫོང་རིམ་པའི་གྲོང་ཁྱེར1དང་། རྫོང15རང་སྐྱོང་རྫོང1བཅས་ཚུད་ཡོད། དེ་དག་ནི་ཞི་ཁྲང་གྲོང་ཁྱེར་དང་། ཡན་ཡོན་རྫོང་། ཏེ་ཁྲང་རྫོང་། ཧུའེ་ལི་རྫོང་། ཧུའེ་ཏུང་རྫོང་། ཉིང་ནན་རྫོང་། ཕུའུ་ཀེ་རྫོང་། པུའུ་ཐུའོ་རྫོང་། ཅིན་དབྱང་རྫོང་། ཀྲའོ་ཅུའེ་རྫོང་། ཞི་བདེ་རྫོང་། མན་ཉིང་རྫོང་། ཡུའེ་ཤིས་རྫོང་། ཀན་ལུའོ་རྫོང་། མེ་ཀུའུ་རྫོང་། ལེ་པོ་རྫོང་། མུ་ལི་བོད་རིགས་རང་སྐྱོང་རྫོང་བཅས་རེད། ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ནི་ཞི་ཁྲང་གྲོང་ཁྱེར་དུ་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཆ་རྐྱེན།
3_1 གནས་ས།

སི་ཁྲོན་ཞིང་ཆེན་གྱི་ལྷོ་ནུབ་ཕྱོགས་སུ་གནས། བྱང་ངོས་ཕྱོགས་སུ་རྒྱལ་མོ་རྔུལ་ཆུ་ནས་གཡག་རྔ་གྲོང་ཁྱེར་དང་དཀར་མཛེས་ཁུལ་གཉིས་ལ་ས་མཚམས་འབྲེལ་བ་དང་། ལྷོ་ངོས་སུ་འབྲི་ཆུའི་བར་བཅད་དེ་ཡུན་ནན་ཞིང་ཆེན་དང་ཁ་སྤྲོད་དུ་གནས་ཡོད། ཤར་དུ་ཡུན་ནན་ཞིང་ཆེན་ཀྲའོ་ཐུང་གྲོང་ཁྱེར་དང་སི་ཁྲོན་ཞིང་ཆེན་དབྱི་པིན་གྲོང་ཁྱེར། ལེ་ཧྲན་གྲོང་ཁྱེར་བཅས་སུ་འབྲེལ་ཡོད། ནུབ་འབྲེལ་དཀར་མཛེས་ཁུལ་དང་འབྲེལ། 

3_2 ས་བབ།

ས་བབ་ནུབ་བྱང་མཐོ་བ་དང་ཤར་ལྷོ་དམའ། བྱང་རྒྱུད་མཐོ་བ་དང་ལྷོ་རྒྱུད་དམའ་བ་འི་ཁྱད་ཆོས་ལྡན།

3_3 ནམ་ཟླ།

གནམ་གཤིས་ནི་ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས། 

4 ཆབ་སྲིད་འགོ་ཁྲིད།

ཁུལ་ཏང་ཨུའི་རྒྱུན་ཨུ། ཁུལ་ཏང་ཨུའི་ཧྲུའུ་ཅི། ལིན་ཧྲུའུ་ཁྲེང་།

ཁུལ་ཏང་ཨུའི་རྒྱུན་ཨུ། ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། སུའུ་དཀར་པོ།

ཁུལ་ཏང་ཨུའི་རྒྱུན་ཨུ། རྒྱུན་ཨུའི་ཁུལ་དཔོན་གཞོན་པ། ཅང་ཀང་།

ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུ། ཁུལ་དཔོན་གཞོན་པ། ཀོ་ཁྲེང་ཧྲུའུ།(གནས་སྦྱར) ཕེ་ཆི་པིན།(གནས་སྦྱར) ལིའང་ཧུང་ཀྲི།(གནས་སྦྱར)

5 མི་གྲངས་གནས་ཚུལ།
5_1 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་བར། ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་ཡི་ཐེམ་ཐོའི་མི་གྲངས་ཁྲི521.29ལ་སླེབས་ནས1.71%འཕར་ཡོད། དེའི་ནང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྲི293.61ལ་སླེབས་པ་དེས་སྤྱིའི་མི་གྲངས་གྱི་56.32%བཟུང་བ་དང་། དབྱིས་རིགས་མི་གྲངས་ཁྲི275.73ལ་སླེབས་པ་དེས་སྤྱིའི་མི་གྲངས་གྱི52.89%བཟུང་ཡོད།

སྤྱི་བདེའི་མི་གྲངས་བསྡོམས་རྩིས་བྱས་པར་གཞིགས་ན། ཁུལ་དེ་ཡོངས་ཀྱི་སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཐེམ་ཐོའི་མི་གྲངས་ཁྲི529.94ཡོད་པ་དང1.66‰འཕར་ཡོད། དེའི་ནང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྲི302.17ཡོད། མི་གྲངས་བསྡོམས་འབོར་གྱི57.02%ལ་སླེབས། དབྱིས་རིགས་མི་གྲངས་ཁྲི284.13ལ་སླེབས་པ་དེས་སྤྱིའི་མི་གྲངས་གྱི53.62%བཟུང་ཡོད།

5_2 མི་རིགས།

ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་ལ་དབྱི་རིགས་དང་། རྒྱ་རིགས། བོད་རིགས། ཧུའེ་རིགས། སོག་རིགས། མིའོ་རིགས། ལི་སུའུ་རིགས། ཏའེ་རིགས། འཇང་རིགས། པུའུ་དབྱི། ཀྲོང་རིགས། པའེ་རིགས། མན་རིགས། ཐུའུ་ཅ་རིགས་སོགས་མི་རབས་ནས་མི་རབས་བར་གནས་པའི་མི་རིགས14ཡོད། སྤྱིའི་མི་གྲངས་ཁྲི521ཡོད་པའི་ནང་དབྱིས་རིགས་མི་གྲངས་ཁྲི275.7གྱིས52.92%བཟུང་ཡོད།

6 དཔལ་འབྱོར་རགས་བཤད།

%2018ལོར། ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་ཡིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར1533.19ལ་སླེབས་ནས4.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར307.61ལ་སླེབས་ནས3.8%འཕར་ཏེ་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད18.8%ལ་སླེབས་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར613.13ལ་སླེབས་ནས0.6%འཕར་བ་དེས་དཔལ་འབྱོར་འཕར་རྒྱུར་སྐྱེས་འབུལ་ཚད6.5%ལ་སླེབས། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར612.45ལ་སླེབས་ནས7.9%འཕར་ནས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད74.7%ལ་སླེབས་ཡོད། མི་རེའི་ཆ་སྙོམསGDPསྒོར31472ལ་སླེབས་པ་དེ་ལོ་གོང་མ་ལས3.1%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་ནི20.1:40.0:39.9ཡིན།

སྤྱི་ལོ2018ལོར། ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་ཡིས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར223.15ལ་སླེབས་ནས12.0%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར146.2ལེགས་གྲུབ་བྱུང་བས8.7%འཕར་ཡོད། དེའི་ནང་ཁྲལ་བསྡུའི་རང་བཞིན་གྱི་ཡོང་འབབ་སྒོར་དུང་ཕྱུར91.33ལ་སླེབས་ནས་12.2%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར681.71ཡིན་པས42.1%འཕར་ཡོད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ12པའི་ཚེས15ཉིན་ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་ཀྲུང་གོའི་ཡིད་དབང་འཕྲོག་ཤུགས་ལྡན་པའི་གྲོང་ཁྱེར་བཅུའི་གྲས་སུ་ཚུད།

སྤྱི་ལོ2018ལོའི་ཟླ12པར་སྤྱི་ལོ2018ལོའི་ཀྲུང་གོའི་གྲོང་ལོ་འཁོར་གྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་མི་མངོན་པའི་ནུས་པ་ལྡན་པའི་གྲོང་ཁྱེར།

སྤྱི་ལོ2018ལོའི་ཟླ7པའི་ཚེས11ཉིན་ལིའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ(ཀྲའོ་ཅུའེ་རྫོང་དང་པུའུ་ཐུའོ་རྫོང་གཙོ་གནད་དུ་བྱས་པ)ཁག་དང་པོའི“མངོན་མིན་རིག་གནས་ཤུལ་བཞག+དབུལ་སྐྱོར”གྱི་གཙོ་གནད་རྒྱབ་སྐྱོར་ས་ཁུལ་གྱི་མིང་ཐོའི་ནང་བཅུག་པ་རེད།

སྤྱི་ལོ2020ལོའི་ཟླ4པར“སྤྱི་ལོ2020ལོའི་ཀྲུང་གོའི་ཚ་གཡོལ་གྲགས་ཅན་གྲོང་ཁྱེར”གྱི་གྲས་སུ་ཚུད་ཡོད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ཆུས། སྲིད་གཞུང་། ཁུལ།