གཙོས་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-06-29 16:26ལ་འགྲུབ།

གཙོས་གྲོང་ཁྱེར།

གཙོས་གྲོང་ཁྱེར།
གཙོས་གྲོང་ཁྱེར་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་དུ་གནས་ཡོད་པ་དང་། ཀན་སུའུ། མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཡིན། ཤར་ཅོ་ནེ་རྫོང་དང་འབྲེལ་བ། ལྷོ་ཀླུ་ཆུ་རྫོང་དང་འབྲེལ་ཡོད། ནུབ་བསང་ཆུ་རྫོང་དང་འབྲེལ་ཞིང་། བྱང་ལིན་ཞ(ཀ་ཅི)ཁུལ་གྱི་ཧོ་ཀྲེང་དང་ལིན་ཞ་རྫོང་དང་འབྲེལ་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་སུ་ཡུལ་ཚོ6གི་ཁྲོམ་གཞུང4དང་། གྲོང་མིའི་ཨུ་ཡོན་ལྷན་ཁང38 སྡེ་ཁུལ8 གྲོང་མིའི་ཚོགས་ཆུང249བཅས་ཡོད་པ་དང་། གྲོང་ཁྱེར་དེ་ཡོངས་སུ་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས18ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
合作市
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
མངའ་ཁོངས།
ཡུལ་ཚོ6 ཁྲོམ་གཞུང4
སྲིད་གཞུང་གནས་ཡུལ།
རེན་མིན་ཁྲོམ་ལམ་ཨང24བ།
ས་ཁོངས་ཁ་པར་ཨང་རྟགས།
0941
སྦྲག་སྲིད་ཨང་རྟགས།
747000
གནས་ཡུལ།
ཀན་སུའུ་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2670ཡོད།
མི་གྲངས།
མི་ཁྲི9.50ཡོད།
ནམ་ཟླ།
ས་མཐོའི་ནམ་ཟླ།
གནམ་གྲུ་ཐང་།
བསང་ཆུ་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
གཙོས་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ཀན(甘)P
1 ངོ་སྤྲོད།

གཙོས་གྲོང་ཁྱེར་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་དུ་གནས་ཡོད་པ་དང་། ཀན་སུའུ། མཚོ་སྔོན། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཡིན། ཤར་ཅོ་ནེ་རྫོང་དང་འབྲེལ་བ། ལྷོ་ཀླུ་ཆུ་རྫོང་དང་འབྲེལ་ཡོད། ནུབ་བསང་ཆུ་རྫོང་དང་འབྲེལ་ཞིང་། བྱང་ལིན་ཞ(ཀ་ཅི)ཁུལ་གྱི་ཧོ་ཀྲེང་དང་ལིན་ཞ་རྫོང་དང་འབྲེལ་ཡོད། རྒྱལ་ལམ213དང་ཞིང་ཆེན་ལམ306གྲོང་ཁྱེར་བརྒྱུད་ནས་བསྐྱོད་བཞིན་ཡོད། ནང་ལོགས་ནས་མཚོ་སྔོན་དང་བོད་ལྗོངས་སུ་སྐྱོད་པའི་འགྲིམ་འགྲུལ་གྱི་འགག་མདོ་ཡིན་ལ། ཞིང་ཆེན་ལྟེ་གནས་ལན་ཀྲོའུ་དང་བར་ཐག་སྤྱི་ལེ226ཡོད། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གི་གནས་ཡུལ་ཡིན་ལ་ཁུལ་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་རྩལ། དངུལ་རྩའི་ལྟེ་གནས་བཅས་ཤིག་ཀྱང་ཡིན། གཙོས་བོད་སྐད་ཀྱི་མིང་ནི“ཧེ་ཚུའོ(黑错)”ཞེས་པ་ལས་བསྒྱུར་བ་ཡིན་ལ། ནང་དོན་ནི་རི་དྭགས་གཙོད་འགྲོ་འོང་བྱས་སའི་ས་ཆ་ཡིན། སྤྱི་ལོ1956ལོར་གཙོས་གྲོང་རྡལ་བཙུགས་པ་དང་། བསང་ཆུ་རྫོང་གི་ཁོངས་སུ་གཏོགས། སྤྱི་ལོ1996ལོའི་ཟླ5བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཙོས་གྲོང་ཁྱེར་འཛུགས་རྒྱུའི་ཆོག་མཆན་བཀོད། སྤྱི་ལོ1997ལོར་གྲབས་འཛུགས་བྱས། སྤྱི་ལོ1998ལོའི་ཟླ1པོའི་ཚེས1ཉིན་དངོས་སུ་སྒོ་བྱང་བཀལ་ནས་ལས་གཉེར་བྱས། གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་སུ་ཡུལ་ཚོ6གི་ཁྲོམ་གཞུང4དང་། གྲོང་མིའི་ཨུ་ཡོན་ལྷན་ཁང38 སྡེ་ཁུལ8 གྲོང་མིའི་ཚོགས་ཆུང249བཅས་ཡོད་པ་དང་། གྲོང་ཁྱེར་དེ་ཡོངས་སུ་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས18ཡོད།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི9.50ཟིན་ཡོད། ལོ་གོང་མ་དང་བསྡུར་ན་མི་ཁྲི0.11འཕར་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི5.42ཡོད། ཁྲི0.21འཕར་སྣོན་བྱུང་།

གྲོང་ཁྱེར་དེ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2670ཟིན་པའི་ནང་འབྲོག་ལས་ཀྱི་ས་ཆ་མུའུ་ཁྲི261དང་། ཞིང་ལས་ཀྱི་ས་ཆ་མུའུ་ཁྲི15.36ནགས་ལས་ཀྱི་ས་ཆ་མུའུ་ཁྲི77.87བཅས་ཡོད་པ་དང་། གྲོང་ཁུལ་གྱི་པར་གཞི་གསར་པའི་འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ17.10ཟིན་པ་དང་བསྐྲུན་ཟིན་པའི་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ8.68ཟིན་ཡོད། ཁོངས་གཏོགས་ཁུལ་གྱི་ཆ་སྙོམས་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི2960ཟིན་པ་དང་ལོར་ཆ་སྙོམས་དྲོད་ཚད1.7℃ཟིན་ཡོད།    

སྤྱི་ལོ2018ལོའི་ཟླ9བའི་ཚེས29ཉིན་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོད་གྲོང་ཁྱེར་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུའི་ཆོག་མཆན་སྤྲད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1953ལོར། ཀན་ལྷོའི་བོད་རིགས་རང་སྐྱོང་ལྗོངས(རྗེས་སུ་ཁུལ་དུ་བསྒྱུར)བཙུགས་པའི་སྐབས་སུ། ཕྱོགས་བཞིའི་སྒང་གཤོང་ཐོར་བུར་བདམས་ཤིང་། རི་བོ་དམའ་པོས་བསྐོར་བ་དང་། ས་བབ་ཁོད་སྙོམས་པའི་དིམ་བསགས་གཞོང་སའི་ཧེ་ཚུའོ་ནི་ཁུལ་སྲིད་གཞུང་གི་གནས་ཡུལ་ཡིན།

སྤྱི་ལོ1954ལོར། ཀན་སུའུ་ཞིང་ཆེན་ཇུས་འགོད་ཀུང་སིས་གྲོང་ཁུལ་འཛུགས་སྐྲུན་ལ་འཆར་འགོད་རགས་ཙམ་བྱས་རྗེས་སྤྱི་ལོ1955ལོ་ནས་བཟུང་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད།

སྤྱི་ལོ1956ལོའི་ཟླ5པར། ཁུལ་མི་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་ཁ་ཤས་ཐོག་མར་བསང་ཆུ་བླ་བྲང་ནས་གནས་འདིར་སྤོས་ཏེ་གཞུང་ལས་སྒྲུབ་པར་ཡོང་བ་དང་། གྲོང་རྡལ་གྱི་མིང་ཡང་དུས་མཉམ་དུ་མཉམ་ལས་སུ་བསྒྱུར། བོད་སྐད་ཀྱི་སྒྲ་གདངས་མཐུན་ལ་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་ཡང་མཚོན་གྱིན་ཡོད།

སྤྱི་ལོ1996ལོའི་ཟླ6པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོས་གྲོང་ཁྱེར་འཛུགས་རྒྱུའི་བརྡ་ཐོ་དངོས་སུ་བཏང་བ་དང་ལོ་གཅིག་གི་གྲ་སྒྲིག་བྱས་པ་བརྒྱུད་གཙོད་གྲོང་ཁྱེར་སྤྱི་ལོ1998ལོའི་ཟླ1པོའི་ཚེས1ཉིན་དངོས་སུ་སྒོ་བྱང་བཀལ་ནས་ལས་གཉེར་བྱེད་འགོ་ཚུགས་པ་ཡིན། དེ་རྗེས་གཙོས་གྲོང་རྡལ་མེད་པ་བཟོས་ནས་སྤྱི་ལོ2000ལོའི་ཟླ1པོའི་ཚེས18ཉིན་ཁྲོམ་གཞུང་དོན་གཅོད་ཁྲུའུ4བཙུགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2010ལོར་གཙོས་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཡུལ་ཚོ6གི་ཁྲོམ་གཞུང4དང་། གྲོང་མིའི་ཨུ་ཡོན་ལྷན་ཁང38 སྡེ་ཁུལ8 གྲོང་མིའི་ཚོགས་ཆུང249བཅས་ཡོད།

4 གནས་ཡུལ།

གཙོས་གྲོང་ཁྱེར་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་རྒྱུད་དུ་ཆགས་ཡོད་པ་དང་། ཤར་གྱི་གཞུང་ཐིག100°44′45″~104°45′30″དང་བྱང་གི་འཕྲེད་ཐིག33°06′30″~35°32′35″བར་ཡིན། ཤར་ཅོ་ནེ་རྫོང་འབྲེལ་བ། ལྷོ་ཀླུ་ཆུ་རྫོང་དང་འབྲེལ་ཡོད། ནུབ་་བསང་ཆུ་རྫོང་དང་འབྲེལ་ཞིང་། བྱང་ལིན་ཞ་ཧུའེ་རིགས་རང་སྐྱོང་ཁུལ་གྱི་ཧོ་ཀྲེང་དང་ལིན་ཞ་རྫོང་གཉིས་དང་འབྲེལ་ཡོད། གཙོས་གྲོང་ཁྱེར་ནས་ལིན་ཞ་ཁུལ་དང་བར་ཐག་སྟོང་སྨི105ཡོད་པ་དང་། ཞིང་ཆེན་སྲིད་གཞུང་ལན་ཀྲོའུ་གྲོང་ཁྱེར་དང་བར་ཐག་སྟོང་སྨི267ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ2670ཡོད་པའི་ནང་རྩྭ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི16.45ཡོད་པ་དང་། རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི1.02དང་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་ཁྲི1.33བཅས་ཟིན་ཡོད།

5 ནམ་ཟླ།

གཙོས་གྲོང་ཁྱེར་ནི་གྲང་ངར་ཆེ་ཞིང་བརླན་གཤེར་ཆེ་བའི་རིགས་དབྱིབས་ཡིན་པ་དང་། དྲོ་དུས་ཐུང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི0.5℃ནས་3.5℃བར་ཡིན། དྲོད་ཚད་མཐོ་ཤོས28℃དང་དྲོད་ཚད་དམའ་ཤོས-23℃ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི545བཅས་ཡིན།

6 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི9.50ཟིན་ཡོད། ལོ་གོང་མ་དང་བསྡུར་ན་མི་ཁྲི0.11འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་ཀྱི57.10%ཟིན་ཡོད། ལོ་སྔོན་མ་ལས་བརྒྱ་ཆའི་གཞི་གྲངས1.62ཇེ་མཐོར་གྱུར། མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི9.57ཟིན་པ། མི་འབོར་སྐྱེ་ཚད་ཀྱི15.09‰ཟིན་ནས་ལོ་གོང་མ་ལས་སྟོང་ཆའི0.13འཕར་བ། མི་འབོར་ཤི་ཚད་ཀྱི5.52‰ཟིན་ནས་ལོ་གོང་མ་ལས་སྟོང་ཆའི0.14འཕར་ཡོད།

7 མི་རིགས།

གྲོང་ཁྱེར་ཡོངས་སུ་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། ས་ལར་རིགས། ཏུང་ཞང་རིགས། པའོ་ཨན་རིགས། མན་ཇུ་རིགས། ཧོར་རིགས། སོག་རིགས། ཡུས་ཀུའུ་རིགས། ཁྲའོ་ཞན་རིགས་སོགས་མི་རིགས་ཡོད།

8 དཔལ་འབྱོར།

སྤྱི་ལོ2017ལོར་རིམ་རྩིས་བྱས་ན་ནོར་སྲིད་ཡོང་འབབ་སྒོར་ཁྲི52000ཟིན་པ་དང་། ལོ་གོང་མ་ལས་སྒོར་ཁྲི2437མང་དུ་ཕྱིན་ནས4.92%འཕར་ཡོད། སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་ཁྲི15872ཟིན་པ་དེ་ལོ་གོང་མ་ལས13.5%ཆག་ཡོད།

9 སྤྱི་ཚོགས་ལས་དོན།
9_1 སློབ་གསོ།

སྤྱི་ལོ2017ལོར་གྲོང་ཁྱེར་ཡོངས་སུ་ད་ཆ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ53ཡོད་པ་དང་། དེའི་ནང་སློབ་འབྲིང1ཡོད་པ་དང་གཞོན་ནུ་ལོ་ཆུང་གི་བྱེད་སྒོའི་ལྟེ་གནས1ཡོད། གྲོང་ཁྱེར་ཐད་གཏོགས་སློབ་ཆུང6དང་ཡུལ་ཚོ་ལྟེ་བའི་སློབ་ཆུང6 གྲོང་ཚོ་རིམ་པའི་སློབ་ཆུང6དང་བུ་བཅོལ་ཁང33(དེའི་ནང་དམངས་བཙུགས་བུ་བཅོལ་ཁང2ཚུད་ཡོད)བཅས་ཡོད།

9_2 འཕྲོད་བསྟེན།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི14ཡོད་པ་དང་། ཆེད་ལས་ལག་རྩལ་མི་སྣ་ཁྱོན་བསྡོམས161ཡོད་པ་དང་། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཡོད་མཁན6ཡོད། འབྲིང་རིམ་གོ་མིང་མི16དང་དམའ་རིམ་གོ་མིང་མན་ཆད་དང་གོ་མིང་མེད་པའི་མི་སྣ139ཡོད། དེའི་ནང་ནད་ཐོག་གསོ་རིག་ཆེད་ལས་ཀྱི་མི101དང་ནད་གཡོག་ཆེད་ལས་ཀྱི་མི39བཅས་ཡོད།

10 ​གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ5བའི་ཚེས26ཉིན་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས“སྤྱི་ལོ2019ལོའི་ལོ་འཁོར་གྱི་ཀན་སུའུ་ཞིང་ཆེནETCའགྲེམས་སྤེལ་ཞབས་ཞུའི་ལས་དོན་གྱི་སྔོན་ཐོན་རྫོང”ལ་བདམས།


དཔྱད་གཞིའི་ཡིག་ཆ།