མིང་ཧྲན།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-30 10:26ལ་འགྲུབ།

མིང་ཧྲན།

མིང་ཧྲན།
​མིང་ཧྲན་ཆུས་ནི་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཁྲིན་ཏུའུ་བདེ་ཐང་ལྷོ་ནུབ་མཚམས་སུ་གནས་ཡོད། དེའི་ཁོངས་སུ་གྲོང་རྡལ9དང་ཤང11ཡོད་པ་དང་། ཤར་ངོས་ཁྲིན་ཏུའུ་དང་བར་ཐག་སྟོང་སྨི90ཡོད་པ་དང་། ནུབ་ངོས་སུ་གཡག་རྔ་དང་བར་ཐག་སྟོང་སྨི13(སྤྱི་ལོ2012ལོར)ཡོད་པ་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
མིང་ཧྲན།
རྒྱ་ཡིག་གི་མིང་།
名山区
ཕྱི་ཡིག་གི་མིང་།
Mingshan District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང2 གྲོང་རྡལ11
སྲིད་གཞུང་སྡོད་གནས།
མེང་དབྱང་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0835
སྦྲག་སྲིད་ཚབ་ཨང་།
625100
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ614.27
མི་གྲངས།
ཁྲི27.87
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཁྲོན།T 川T
སྲིད་འཛིན་ཚབ་ཨང་།
511803
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ 1950ལོའི་ཟླ1པར། མིང་ཧྲན་བཅིངས་འགྲོལ་ཐོབ་ཅིང་། མིང་ཧྲན་ནི་ཁྲོན་ནུབ་སྲིད་འཛིན་ཀུང་ཧྲུའུ་མེ་ཧྲན་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1953ལོར་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་ཏེ་སི་ཁྲོན་ཞིང་ཆེན་ཝུན་ཅང་ཀྲོན་ཆུས་སུ་བགོས།

སྤྱི་ལོ1955ལོའི་ཟླ1པོར་ཞི་ཁང་ཞིང་ཆེན་གྱི་གཡག་རྔ་ཀྲོན་ཆུས་སུ་བསྒྱུར། ཟླ10པར་ལོ་དེར་སི་ཁྲོན་དང་ཞི་ཁང་གཉིས་མཉམ་དུ་བསྲེས་པས་སི་ཁྲོན་ཞིང་ཆེན་གཡག་རྔ་ཀྲོན་ཆུས(རྗེས་སུ་ས་ཁུལ་བསྒྱུར)ཀྱི་མངའ་འོག་ཏུ་གཏོགས།    

སྤྱི་ལོ1981ལོར་གཡག་རྔ་ཆེད་ཁུལ་དེ་གཡག་རྔ་ས་ཁུལ་དུ་བསྒྱུར།

སྤྱི་ལོ2000ལོར་གཡག་རྔ་ས་ཁུལ་གཡག་རྔ་གྲོང་ཁྱེར་དུ་བསྒྱུར་བ་དང་། མིང་ཧྲན་ཐད་ཀར་གཡག་རྔ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

སྤྱི་ལོ2012ལོའི་ཟླ11པའི་ཚེས6ཉིན་མིང་ཧྲན་རྫོང་མེད་པ་བཟོས་ནས་གཡག་རྔ་གྲོང་ཁྱེར་མིང་ཧྲན་ཆུས་བཙུགས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོའི་ཟླ12པའི་ཚེས11ཉིན། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང(སི་ཁྲོན་ཞིང་ཆེན་དམངས་སྲིད〔2019〕ཨང14པ)གིས་མཆན་འགོད་བཀའ་ལན་གནང་བར། མིང་ཧྲན་ཆུས་ཀྱི་སྔའི་གྲོང་རྡལ9དང་ཤང11ནས་ཁྲོམ་གཞུང་དོན་གཅོད་ཁང་དང་གྲོང་རྡལ11བར་ལེགས་སྒྲིག་བྱས་པ་སྟེ། མོང་དབྱང་ཁྲོམ་གཞུང་དོན་གཅོད་ཁང་དང་། ཡུང་ཤིང་ཁྲོམ་གཞུང་དོན་གཅོད་ཁང་། མོང་ཏིང་ཧྲན་གྲོང་རྡལ། ཞིན་ཏེན་གྲོང་རྡལ། ཝན་ཀུའུ་གྲོང་རྡལ། ཀྲུང་ཧྥུང་གྲོང་རྡལ། པའེ་ཀྲང་གྲོང་རྡལ། ཧེ་ཀྲུའུ་གྲོང་རྡལ། མའོ་ཧོ་གྲོང་རྡལ། མ་ལིང་གྲོང་རྡལ། ཧུང་ཤིང་གྲོང་རྡལ། ཁྲེ་ལིང་གྲོང་རྡལ། ཆན་ཅིང་གྲོང་རྡལ་བཅས་རེད།

སྤྱི་ལོ2019ལོ་བར་མིང་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང་དོན་གཅོད་དང་། གྲོང་རྡལ11ཡོད། ཆུས་མི་དམངས་སྲིད་གཞུང་ནི་མོང་དབྱང་གྲོང་རྡལ་ཁྲ་ཏུའུ་ལམ་ཆེན་ཨང་རྟགས481ཡོད་པ་རེད།

3 ས་ཁམས་ཆ་རྐྱེན།
3_1 གནས་ས།

མིང་ཧྲན་ཆུས་ནི་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་ཁྲིན་ཏུའུ་བདེ་ཐང་ལྷོ་ནུབ་མཚམས་སུ་གནས་ཡོད། དེའི་ཁོངས་སུ་གྲོང་རྡལ9དང་ཤང11ཡོད་པ་དང་། ཤར་ངོས་ཁྲིན་ཏུའུ་དང་བར་ཐག་སྟོང་སྨི90ཡོད་པ་དང་། ནུབ་ངོས་སུ་གཡག་རྔ་དང་བར་ཐག་སྟོང་སྨི13(སྤྱི་ལོ2012ལོར)ཡོད་པ་རེད།

3_2 ས་གཤིས།

མིང་ཧྲན་ཆུས་ནི་སི་ཁྲོན་གཤོང་ས་ནས་མཚོ་བོད་མཐོ་སྒང་གི་བར་བརྒལ་ས་ཁུལ་དུ་གནས་ཡོད། ཁྲིན་ཏུའུ་བདེ་ཐང་དང་ཝན་ཀྲོའུ་རི་ཁུལ་གྱི་བར་བརྒལ་ས་རྒྱུད་ཀྱི་ས་དབྱིབས་ས་དབྱིབས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རི་འབུར་གྱི་ས་དབྱིབས་གཙོ་བོ་ནི་ཙུང་ཀང་རི་བོ་དང་མེང་ཏིང་རི་བོ། ལེན་ཧྭ་རི་འདབས་བཅས་ཡོད་པ་དང་། ས་དབྱིབས་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་གསེག་ནས་ཡོད།

3_3 ནམ་ཟླ།

མིང་ཧྲན་ཆུས་ནི་ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་བརླན་གཤེར་གནམ་གཤིས་ཁུལ་དུ་གཏོགས། གནམ་གཤིས་དྲོ་ཞིང་ཆར་ཆུ་འབེལ་བ་དང་སད་མེད་པའི་དུས་ཡུན་རིང་། དུས་བཞི་རྨོ་འོས་ལ། སྔོ་ཁེབས་སྟུག་པོར་ཆགས་པའི་ཁྱད་ཆོས་ལྡན་པ་དང་། ལོ་རེར་ཆ་སྙོམས་ཆར་པ་ཧའོ་སྨི1500བབས་པ་དང་ཆར་ཉིན225ཡིན་པ་དེས80%བཟུང་ཡོད་ལ། ནགས་ཚལ་ཁེབས་ཚད32%ལ་སླེབས་ཡོད།

4 མི་གྲངས་གནས་ཚུལ།

སྤྱི་ལོ2018ལོའི་སྤྱི་བདེའི་ཐེམ་ཐོའི་རེའུ་མིག་ལས་མངོན་པར་གཞིགས་ན། ལོ་མཇུག་ཏུ་དུད་ཚང94092ཡོད་པ་རེད། སྤྱིའི་མི་གྲངས་ཁྲི27.87ལ་སླེབས་ཡོད། དེའི་ནང་ཞིང་ལས་མི་གྲངས་ཁྲི18.93དང་ཞིང་ལས་མི་གྲངས་མིན་པའི་མི་གྲངས་ཁྲི8.93ཡོད་པ་དང་། སྐྱེས་པའི་མི་གྲངས་ཁྲི142209ཡོད། བུད་མེད་མི་གྲངས་ཁྲི136405ལ་སླེབས་པ་དང་ཕོ་མོའི་བསྡུར་ཚད104.3:100ཡིན།

སྤྱི་ལོ2018ལོར་ལོ་ཧྲིལ་པོར་མི་གྲངས་སྐྱེ་ཚད9.47‰ལ་སླེབས་པ་དང་། ཤི་ཚད7.46‰ལ་སླེབས། མི་གྲངས་རང་ཤུགས་སུ་འཕར་ཚད2.01‰ལ་སླེབས།

སྤྱི་ལོ2018ལོར་ལོ་མཇུག་ཏུ་རྒྱུན་སྡོད་མི་གྲངས་ཁྲི26.9ཡོད་པ་རེད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི11.14དང་། གྲོང་གསེབ་ཀྱི་མི་གྲངས་ཁྲི15.76ཡོད་པ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད41.4%ལ་སླེབས་ཡོད།

5 དཔལ་འབྱོར་རགས་བཤད།

སི་ཁྲོན་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། སྤྱི་ལོ2018ལོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་ཁྲི812239ལེགས་གྲུབ་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་ན8.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི210777ལ་སླེབས་ནས3.8%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི332768ལ་སླེབས་ནས10.3%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི268694ལ་སླེབས་ནས9.6%འཕར་ཡོད། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐྱེས་འབུལ་ཚད་སོ་སོར11.5%དང་། 54.2% 34.3%བཅས་ཡིན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སོ་སོར1.0%དང་། 4. % 2.9%བཅས་འཕར་སྣོན་བྱུང་། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར30240ཡིན་པས8.2%འཕར། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི26.3:41.1:32.6ནས25.9:41.0:33.1བར་ལེགས་སྒྲིག་བྱས་ཡོད།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཀྲུང་གོའི་ཆུ་བོ་གཙང་བའི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས།

སྤྱི་ལོ2020ལོར་ཀྲུང་གོའི་དགེ་སྒྲུབ་སྤྱི་ཕན་རྫོང་དང་གྲོང་ཁྱེར་ཡག་ཡོས་བརྒྱའི་གྲས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ཆུས། གྲོང་ཁྱེར།