ཞོན་ཧན་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-30 10:23ལ་འགྲུབ།

ཞོན་ཧན་རྫོང་།

ཞོན་ཧན་རྫོང་།
​ཞོན་ཧན་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་དུ་གཏོགས་པའི་རྫོང་ཞིག་ཡིན་པ་དང་། སི་ཁྲོན་གཤོངས་སའི་བྱང་ཤར་གྱི་ཏ་པ་རི་བོའི་ལྷོ་འདབས་དང་ཁྲུང་ཆིང་དང་། སི་ཁྲོན། ཧྲའན་ཤིས། ཧུའུ་པེ་བཅས་ཀྱི་འབྲེལ་མཚམས་སུ་གནས། བྱང་ཤར་ཕྱོགས་སུ་ཁྲུང་ཆིང་གྲོང་ཁྱེར་ཁྲེང་ཁོའུ་རྫོང་འབྲེལ་ཡོད། ཤར་ངོས་ཕྱོགས་ནི་ཁྲུང་ཆིང་གྲོང་ཁྱེར་ཁའེ་ཀྲོའུ་ཆུས་དང་འབྲེལ་ཞིང་། ལྷོ་ངོས་ཕྱོགས་ནི་ཁའེ་ཅང་རྫོང་དང་འབྲེལ་ཡོད། ནུབ་ངོས་ཕྱོགས་སུ་ཏ་ཁྲོན་ཆུས་དང་ཐུང་ཁྲོན་ཆུས། ཕིང་ཁྲང་རྫོང་བཅས་ལ་འབྲེལ་ཞིང་། བྱང་ངོས་ཕྱོགས་སུ་ཝན་ཡོན་འབྲེལ་ཡོད། རྫོང་མཁར་ནས་ཏ་ཀྲོའུ་གྲོང་ཁྱེར་ཁུལ་དང་བར་ཐག་སྤྱི་ལེ32དང་ཏ་ཀྲོའུ་གནམ་ཐང་དང་བར་ཐག་སྤྱི་ལེ42ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཞོན་ཧན་རྫོང་།
རྒྱ་ཡིག་གི་མིང་།
宣汉县
ཕྱི་ཡིག་གི་མིང་།
Xuanhan County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ31 ཤང19
སྲིད་གཞུང་སྡོད་གནས།
ཡ་ཆིང་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0818
སྦྲག་སྲིད་ཚབ་ཨང་།
636150
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4271
མི་གྲངས།
ཁྲི127.82
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཁྲོན་།S 川S
སྲིད་འཛིན་ཚབ་ཨང་།
511722
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ12པའི་ཚེས17ཉིན། བཅིངས་འགྲོལ་དམག་མཁར་དུ་སླེབས་ནས་ཞོན་ཧན་བཅིངས་འགྲོལ་བཏང་ཞིང་། སི་ཁྲོན་བྱང་ཁུལ་ཏ་རྫོང་ཡན་ལག་དམག་ཁུལ་གྱི་ཁོངས་སུ་གཏོགས།

སྤྱི་ལོ1952ལོའི་ཟླ9པའི་ཚེས1ཉིན། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་དབུ་བརྙེས། སི་ཁྲོན་ཞིང་ཆེན་ཏ་རྫོང་ཀྲོན་ཆུས་ཀྱི་ཁོངས་སུ་བཅུགས།

སྤྱི་ལོ1968ལོའི་ཟླ9པར་ཏ་རྫོང་ཀྲོན་ཆུས་ནས་ཏ་རྫོང་ས་ཁུལ་དུ་བསྒྱུར་ཞིང་། ཞོན་ཧན་སྔར་བཞིན་དེའི་ཁོངས་སུ་གཏོགས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོ་བར་ཤོན་ཧན་རྫོང་ཁོངས་ཀྱི་གྲོང་རྡལ31དང་། ཤང19 མི་རིགས་ཤང4བཅས་ཡོད་པ་དང་། རྫོང་སྲིད་གཞུང་ནི་ཏུང་ཤང་གྲོང་རྡལ་ཡན་ཆང་ཁྲོམ་གཞུང་ཨང་རྟགས1པོར་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཆ་རྐྱེན།
3_1 གནས་ས།

སི་ཁྲོན་གཤོངས་སའི་བྱང་ཤར་གྱི་ཏ་པ་རི་བོའི་ལྷོ་འདབས་དང་ཁྲུང་ཆིང་དང་། སི་ཁྲོན། ཧྲའན་ཞི། ཧུའུ་པེ་བཅས་ཀྱི་འབྲེལ་མཚམས་སུ་གནས། བྱང་ཤར་ཕྱོགས་སུ་ཁྲུང་ཆིང་གྲོང་ཁྱེར་ཁྲེང་ཁོའུ་རྫོང་འབྲེལ་ཡོད། ཤར་ངོས་ཕྱོགས་ནི་ཁྲུང་ཆིང་གྲོང་ཁྱེར་ཁའེ་ཀྲོའུ་ཆུས་དང་འབྲེལ་ཞིང་། ལྷོ་ངོས་ཕྱོགས་ནི་ཁའེ་ཅང་རྫོང་དང་འབྲེལ་ཡོད། ནུབ་ངོས་ཕྱོགས་སུ་ཏ་ཁྲོན་ཆུས་དང་ཐུང་ཁྲོན་ཆུས། ཕིང་ཁྲང་རྫོང་བཅས་ལ་འབྲེལ་ཞིང་། བྱང་ངོས་ཕྱོགས་སུ་ཝན་ཡོན་འབྲེལ་ཡོད།

3_2 ས་གཤིས།   

ཞོན་ཧན་རྫོང་ཁོངས་ཀྱི་ས་དབྱིབས་རྙོག་འཛིང་ཆེ་བ་དང་རི་རྒོད་སྐྱ་ཐེར་ཡིན། བྱང་ཤར་ནས་ལྷོ་ནུབ་ཏུ་གསེག་ཅིང་། “རི་བོ་བདུན་དང་ཆུ་བོས་ཞིང་ས་བགོས་པའི”སྤྱིའི་ས་བབ་ཆགས་ཡོད།

3_3 ནམ་ཟླ།

ཞོན་ཧན་རྫོང་ནི་ཚ་ཁུལ་བར་མའི་བརླན་གཤེར་ཅན་གྱི་དུས་རླུང་གི་ནམ་ཟླའི་ཁུལ་དུ་གཏོགས་ལ། སད་མེད་པའི་དུས་ཡུན་རིང་ཞིང་། ལོ་རེའི་ཆ་སྙོམས་དྲོད་ཚད16.8℃དང་། ཉི་འོད་ཕོག་ཚད་ཆུ་ཚོད1488ཡིན། ཆར་ཆུ་འབབ་ཚད་ཧའོ་སྨི1230དང་སད་མེད་དུས་ཀྱི་ཉིན296ཡིན།

4 མི་གྲངས་གནས་ཚུལ།
4_1 མི་གྲངས།

སྤྱི་ལོ2019ལོའི་ལོ་མཇུག་ཏུ་ཤོན་ཧན་རྫོང་གི་ཐེམ་ཐོའི་མི་གྲངས་ཁྲི127.82ལ་སླེབས་ཡོད། ལོ་གོང་མ་དང་བསྡུར་ན་མི16600ཉུང་དུ་ཕྱིན་པ་དེའི་ནང་བུད་མེད་མི་གྲངས་ཁྲི60.32ལ་སླེབས་ཡོད་པ་རེད། གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱིས་ལྡོག་འདྲེན་བྱས་པ་ལྟར་ན། ཞོན་ཧན་རྫོང་གི་སྤྱི་ལོ2019ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་གྲངས་ཁྲི102.3ལ་སླེབས་པ་དང་རྒྱུན་སྡོད་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད42.35%ལ་སླེབས། ལོ་སྔོན་མ་ལས1.6%ཇེ་མཐོར་གྱུར།  ལོ་ཧྲིལ་པོར་སྐྱེས་པའི་མི་གྲངས8838ཡོད་པ་དང་སྐྱེས་ཚད6.86‰ལ་སླེབས་ནས་ལོ་གོང་མ་ལས2.81‰མར་ཆག རྐྱེན་ལམ་དུ་ཤོར་བའི་མི་གྲངས5915དང་ཤི་ཚད4.59‰ལ་སླེབས། རང་བྱུང་འཕར་ཚད2.27‰ལ་སླེབས་ཡོད།

4_2 མི་རིགས།

སྤྱི་ལོ2019ལོའི་ལོ་མཇུག་བར་ཞོན་ཧན་རྫོང་དུ་རྒྱ་རིགས་དང་། དབྱིས་རིགས། བོད་རིགས། ཆའང་རིགས། མིའོ་རིགས། ཧུའེ་རིགས། སོག་རིགས། ཐུའུ་ཅ་རིགས། ལི་སུའུ་རིགས། མན་ཇུ་རིགས། ཏུང་རིགས། ཡའོ་རིགས། འཇང་རིགས། པུའུ་དབྱི་རིགས། པའེ་རིགས། ཀྲོང་རིགས། ཏའེ་རིགས་སོགས་མི་རིགས་བཅུ་ཕྲག་ལྷག་ཡོད།

5 དཔལ་འབྱོར་རགས་བཤད།

སྤྱི་ལོ2019ལོར། ཞོན་ཧན་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་ཁྲི3699090ལ་སླེབས་པ་དེ་ལོ་གོང་མ་ལས8.0%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི696123ལ་སླེབས་ནས3.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི1413637ལ་སླེབས་ནས9.8%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི1589330ལ་སླེབས་ནས8.7%འཕར་ཡོད། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་སོ་སོར8.1%དང་། 54.5% 37.4%བཅས་ཡིན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སོ་སོར0.6%དང་། 4.4% 3%བཅས་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱས། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི20.5:40.7:38.8ནས18.8:38.2:43.0བར་ལེགས་སྒྲིག་བྱས་ཡོད། མི་རེའི་ཆ་སྙོམས་ཀྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར36159ལ་སླེབས་ནས8.8%འཕར་ཡོད། ལོ་ཧྲིལ་པོའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་(1:6.8985)ལྟར་ཕབ་རྩིས་བརྒྱབ་ན་ཧ་ལམ་ཨ་སྒོར5242ཡིན།

སྤྱི་ལོ2019ལོར། ཞོན་ཧན་རྫོང་གི་དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་སྒོར་ཁྲི2177271ལ་སླེབས་པ་དེ་ལོ་གོང་མ་ལས8.2%འཕར། GDPཡི58.9%ལ་སླེབས་པ་དེསGDPལ་སྐྱེས་འབུལ་ཚད64.4%ལ་སླེབས་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི187066ལ་སླེབས་ནས4.6%མར་ཆག་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི1063912ལ་སླེབས་ནས10.6%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི926293ལ་སླེབས་ནས8.3%འཕར་ཡོད།

སྤྱི་ལོ2019ལོར། ཞོན་ཧན་རྫོང་གིས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི200188ལེགས་སྒྲུབ་བྱས་པའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་ཁྲི121877ལ་སླེབས་པ་དང་། ལོ་ཧྲིལ་པོའི་ཁྲལ་འབབ་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི218251ལ་སླེབས་པ་དང་། ལོ་ཧྲིལ་པོར་ས་གནས་ཀྱི་སྤྱི་པའི་ནོར་སྲིད་གཏོང་སྒོ་སྒོར་ཁྲི630820ལ་སླེབས་ཡོད།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ12པའི་ཚེས14ཉིན་ཞོན་ཧན་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་སྐབས་བཞི་པའི་ཤེས་རིག་དཔལ་ཡོན་ལྡན་པའི་གྲོང་ཁྱེར་དུ་བདམས།

སྤྱི་ལོ2019ལོའི་ཟླ9པའི་ཚེས27ཉིན། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་སི་ཁྲོན་ཞིང་ཆེན་ཞོན་ཧན་རྫོང་མི་དམངས་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ལ་གཟེངས་བསྟོད་བྱས་པ་རེད།

སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ཆུས། གྲོང་ཁྱེར།