ཏ་ཀྲུའུ་རྫོང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-30 10:25ལ་འགྲུབ།

ཏ་ཀྲུའུ་རྫོང་།

ཏ་ཀྲུའུ་རྫོང་།
​ཏ་ཀྲུའུ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན། སི་ཁྲོན་ཞིང་ཆེན་གྱི་ཤར་རྒྱུད་དང་ཏ་ཀྲོའུ་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་ཆགས་ཡོད་པ་དང་། ཤར་ངོས་ཕྱོགས་སུ་ཁྲུང་ཆིང་གྲོང་ཁྱེར་གྱི་ལིའང་ཕིང་ཆུས་དང་ཏིང་ཅང་རྫོང་དང་འབྲེལ་ཞིང་། ལྷོ་ངོས་ཕྱོགས་སུ་ལེན་ཧྲུའེ་རྫོང་དང་འབྲེལ་ཡོད། ནུབ་ངོས་མཚམས་སུ་ཀོང་ཨན་ཆུས་དང་ཆུས་རྫོང་གཉིས་ལ་འབྲེལ་ཡོད། བྱང་ངོས་ཕྱོགས་སུ་ཏ་ཁྲོན་ཆུས་འབྲེལ་ཡོད། ཆིན་པ་རི་ཁུལ་ཡུག་འབྲེལ་དབུལ་སྐྱོར་གསར་སྤེལ་ཁུལ་དང་། ཁྲིན་ཡུས་དཔལ་འབྱོར་ཁུལ་ཡུས་ཀོང་ཏ་དཔལ་འབྱོར་འཕེལ་རྒྱས་རྒྱུད། སི་ཁྲོན་ཞིང་ཆེན་སི་ཁྲོན་བྱང་ཤར་གྲོང་ཁྱེར་ཚོམས་སུ་ཚུད། སྤྱི་ལོ2015ལོར་རྫོང་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2076ཡོད། དེའི་ནང་རྫོང་གྲོང་དུ་སྤྱི་ལེ་གྲུ་བཞི་མ24.2བསྐྲུན་པ་དང་མི་གྲངས་ཁྲི24.1ལ་སླེབས་པ་དང་། ཁོངས་གཏོགས་ཀྱི་ཁྲོམ་གཞུང3དང་། གྲོང་རྡལ22 ཤང7བཅས་ཡོད། སྤྱི་ལོ2019ལོར་ཐེམ་ཐོའི་མི་གྲངས་ཁྲི108.27ལ་སླེབས་པ་དང་། རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར370.9ལ་སླེབས་པ་དེ་སྤྱི་ལོ2018ལོ་ལས8.0%འཕར་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཏ་ཀྲུའུ་རྫོང་།
རྒྱ་ཡིག་གི་མིང་།
大竹县
ཕྱི་ཡིག་གི་མིང་།
Dazhu County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང3 གྲོང་རྡལ22 ཤང6
སྲིད་གཞུང་སྡོད་གནས།
ཀྲུའུ་དབྱང་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0818
སྦྲག་སྲིད་ཚབ་ཨང་།
635100
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2076
མི་གྲངས།
ཁྲི108.27
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཁྲོན་།S 川S
སྲིད་འཛིན་ཚབ་ཨང་།
511724
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ12པར་ཏ་ཀྲུའུ་བཅིངས་འགྲོལ་བཏང་རྗེས། ཁྲོན་ཏུང་སྲིད་འཛིན་ཀུང་ཧྲུའུ་འོག་གི་ཏ་ཀྲུའུ་ཀྲོན་ཆུས་སུ་གཏོགས། སྲིད་འཛིན་ཀུང་ཧྲུའུ་ནི་ཁྲུང་ཆིང་དུ་བཙུགས། ཀྲོན་ཧྲུའུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཁྲེང་ཀོན་གྲོང་རྡལ(ཀྲུའུ་དབྱང་ཁྲོམ་གཞུང་དོན་གཅོད་ཁྲུའུ)དུ་བཙུགས་ཡོད། ཀྲོན་ཆུས་ཀྱི་ཁོངས་སུ་ཏ་ཀྲུའུ་དང་། ཆུས་རྫོང་། ལེན་ཧྲུའེ། ཏེན་ཅང་། ལིའང་ཧྲན། ཀོང་ཨན། ཁྲང་ཧྲོའུ་བཅས་རྫོང7ཡོད།

སྤྱི་ལོ1952ལོའི་ཟླ9པར་སྲིད་འཛིན་ཀུང་ཧྲུའུ་མེད་པར་བཟོས་ཏེ་སི་ཁྲོན་ཞིང་ཆེན་གྱི་སྒྲིག་གཞི་སླར་གསོ་བྱས།

སྤྱི་ལོ1953ལོའི་ཟླ2པར། ཏ་ཀྲུའུ་ཀྲོན་ཆུས་མེད་པར་བཟོས་པ་དང་། ཏ་རྫོང་ཀྲོན་ཆུས་སུ་བསྒྱུར།

སྤྱི་ལོ1968ལོའི་ཟླ9པར་ཏ་རྫོང་ཀྲོན་ཆུས་ཏ་རྫོང་ས་ཁུལ་དུ་བསྒྱུར།

སྤྱི་ལོ1993ལོའི་ཟླ9པར་ཏ་རྫོང་གི་ས་ཁུལ་མེད་པར་བཟོས་ནས་ཏ་ཁྲོན་ས་ཁུལ་བཙུགས། ཏ་ཀྲུའུ་རྫོང་ནི་ཏ་ཁྲོན་ས་ཁུལ་དུ་གཏོགས།

སྤྱི་ལོ2000ལོའི་ཟླ1པོར་ཏ་ཁྲོན་ས་ཁུལ་མེད་པར་བཟོས་ནས་ཏ་ཀྲོའུ་གྲོང་ཁྱེར་བཙུགས་པ་དང་ཏ་ཀྲུའུ་རྫོང་ནི་ཏ་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་རེད།

2 སྲིད་འཛིན་ཁོངས་བགོས།

ཏ་ཀྲུའུ་རྫོང་ཁོངས་སུ་ཁྲོམ་གཞུང3དང་། གྲོང་རྡལ23 ཤང5བཅས་ཡོད། སྲིད་འཛིན་གྲོང་ཚོ382དང་སྡེ་ཁུལ60བཅས་ཡོད། རྫོང་མི་དམངས་སྲིད་གཞུང་ནི་གིས་ཏ་ཀྲུའུ་རྫོང་གི་ཞིན་ཧྭ་ལམ98ལ་བཅའ་སྡོད་བྱས་པ་རེད།

3 ས་ཁམས་ཆ་རྐྱེན།
3_1 གནས་ས།

སི་ཁྲོན་ཞིང་ཆེན་གྱི་ཤར་རྒྱུད་དང་ཏ་ཀྲོའུ་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་ཆགས་ཡོད་པ་དང་། ཤར་ངོས་ཕྱོགས་སུ་ཁྲུང་ཆིང་གྲོང་ཁྱེར་གྱི་ལིའང་ཕིང་ཆུས་དང་ཏིང་ཅང་རྫོང་དང་འབྲེལ་ཞིང་། ལྷོ་ངོས་ཕྱོགས་སུ་ལེན་ཧྲུའེ་རྫོང་དང་འབྲེལ་ཡོད། ནུབ་ངོས་མཚམས་སུ་ཀོང་ཨན་ཆུས་དང་ཆུས་རྫོང་གཉིས་ལ་འབྲེལ་ཡོད། བྱང་ངོས་ཕྱོགས་སུ་ཏ་ཁྲོན་ཆུས་འབྲེལ་ཡོད།

3_2 ས་གཤིས།

ཏ་ཀྲུའུ་རྫོང་ནི་ཧྭ་ཞ་གསར་པའི་སི་ཁྲོན་ཤར་རྒྱུད་ཀྱི་གཉེར་མའི་རྣམ་པའི་ཁོངས་སུ་གཏོགས་པ་དང་ཧྭ་ཡོན་རི་རྒྱུད་ཀྱི་བྱང་ཤར་ནས་ལྷོ་ནུབ་ཏུ་སྣུར་སྲིང་བྱེད་པའི་རི་མ་ཐང་གི་མ་ཡན་ལག་ཅིག་ཡིན། ས་གྲུབ་བྲག་རྡོ་ནི་རྒྱབ་གསེག་ནས་ཕྱོགས་སུ་གསེག་སྟེ་ས་གཤིས་བྲག་རིམ་མི་འདྲ་བར་གཞིགས་ནས་ཁུལ་དབྱིབས་སུ་ཁྱབ་ཡོད།

3_3 ས་དབྱིབས།

ཏ་ཀྲུའུ་རྫོང་ནི་སི་ཁྲོན་ཞིང་ཆེན་གཤོངས་སའི་ཤར་རྒྱུད་དང་མཉམ་གཤིབ་ཀྱི་གྲོག་རོང་ཁུལ་དུ་ཚུད་ཡོད། “རི་བོ་གསུམ་དང་ཤུར་ཁ་གཉིས”བརྒལ་ན་“ཁྲོན”ཞེས་པའི་ཡིག་གཟུགས་སུ་གྱུར། རི་རྒྱུད་གསུམ་མཉམ་གཤིབ་ཏུ་གནས་པ་དང་། བྱང་ཤར་ནས་ལྷོ་ནུབ་ཕྱོགས་སུ་བསྐྱོད།

3_4 ནམ་ཟླ།

ཏ་ཀྲུའུ་རྫོང་ནི་ཚ་བའི་ཁུལ་གྱི་བརླན་གཤེར་ཆེ་བའི་ནམ་ཟླའི་ཁུལ་དུ་གཏོགས།   ཉི་འོད་ཕོག་ཚད་འཚམ་པ། དྲོད་ཚད་ཕུན་སུམ་ཚོགས་པ། ཆར་ཆུ་འབེལ་བ། དྲོ་ཞིང་བཞའ་ཚན་ཆེ་བ་དང་སད་མེད་པའི་དུས་ཡུན་རིང་བ། སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་མངོན་གསལ་ཡིན་པའི་ཁྱད་ཆོས་ལྡན།

3_5 ཆུ་དཔྱད།

ཏ་ཀྲུའུ་རྫོང་དུ་ཏུང་ལིའུ་ཧོ་གཙང་པོ་དང་། ཐུང་ཕུའུ་གཙང་པོ། ཧོང་ཐན་ཆུ་བོ། ཤིས་ཧོ་གཙང་པོ་སོགས་ཆུ་བོ་ཆེ་གྲས4ཡོད།

4 མི་གྲངས་གནས་ཚུལ།

སྤྱི་ལོ2019ལོར་རྫོང་དེ་ཡོངས་ཀྱི་ཐེམ་ཐོའི་མི་གྲངས་ཁྲི112.2853ཡོད་པ་དང་། དེའི་ནང་བུད་མེད་མི་གྲངས520473དང་ཞིང་ལས་མི་གྲངས895316ཡོད་པ་རེད། རྒྱུན་སྡོད་མི་གྲངས885487ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས331127ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད37.4%ལ་སླེབས། ལོ་ཧྲིལ་པོར་སྐྱེས་པའི་མི་གྲངས11355དང་ཤི་བའི་མི་གྲངས8438ཡོད་པ་དང་། མི་གྲངས་རང་ཤུགས་སུ་འཕར་ཚད2.61‰ལ་སླེབས་ཡོད། དེའི་ནང་དུ་རྒྱ་རིགས་དང་ཧུའེ་རིགས་སོགས་གྲངས་ཉུང་མི་རིགས་ཡོད།

5 དཔལ་འབྱོར་རགས་བཤད།

སྤྱི་ལོ2019ལོར་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར370.9ལ་སླེབས་པ་དེ་ལོ་གོང་མའི་དུས་མཚུངས་ལས(གཤམ་དུའང་མཚུངས)8.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར60.37ལ་སླེབས་ནས3.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར143.37ལ་སླེབས་ནས9.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར167.14ལ་སླེབས་ནས8.8%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་ནི16.3:38.6:45.1ཡིན། ཐོན་ལས་ཐེངས་གསུམ་པས་GDPའཕར་བར་སྐྱེས་འབུལ་ཚད་སོ་སོར7.2%དང་། 51.6% 41.2%བཅས་རེད། GDPསྐུལ་ཁྲིད་བྱེད་ཚད་སོ་སོར0.6%དང་། 4.1% 3.3%འཕར་སྣོན་བྱུང་། དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར224.22ཡིན་པས7.9%འཕར། GDPཡི་བསྡུར་ཚད་ཀྱི60.5%བཟུང་བ་དངGDPའཕར་བར་སྐྱེས་འབུལ་ཚད5.3%ལ་སླེབས།

སྤྱི་ལོ2019ལོར་ཏ་ཀྲུའུ་རྫོང་གི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར24.37ལ་སླེབས་ནས5.1%འཕར་བ་དང་། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་ཡོང་སྒོ་སྒོར་དུང་ཕྱུར14.69ཡིན་པས2.8%འཕར་ཡོད། དེའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར7.05ལ་སླེབས་ནས9.2%མར་ཆག་ཡོད། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་ཀྱི་བསྡུར་ཚད་ཀྱི48.0%བཟུང་བ་དེ་ལོ་གོང་མ་ལས6.4%མར་ཆག ས་གནས་ཀྱི་སྤྱི་པའི་ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར54.08ལ་སླེབས་པ་དེ11.1%འཕར་ཡོད། དེའི་ནང་ཞིང་ནགས་ཆུ་གསུམ་གྱི་ལས་དོན་གྱི་གཏོང་སྒོ་སྒོར་དུང་ཕྱུར9.53བཏང་ཡོད། ཚན་རིག་ལག་རྩལ་གྱི་གཏོང་སྒོ་སྒོར་དུང་ཕྱུར0.58ལ་སླེབས་པ་དང་། སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར11.77ལ་སླེབས། སྨན་བཅོས་འཕྲོད་བསྟེན་གྱི་གཏོང་སྒོ་སྒོར་དུང་ཕྱུར4.37ལ་སླེབས་ཡོད།

6 གཟི་བརྗིད་མཚན་སྙན།    

སྤྱི་ལོ2001ལོའི་ཟླ12པར་ཏ་ཀྲུའུ་རྫོང་ལ“རྒྱལ་ཡོངས་རིག་གནས་སྔོན་ཐོན་རྫོང”ཞེས་པའི་མཚན་སྙན་ཐོབ།

སྤྱི་ལོ2011ལོར་ཏ་ཀྲུའུ་རྫོང་གྲོང་ལ“སི་ཁྲོན་ཞིང་ཆེན་གྱི་ཤེས་རིག་དཔལ་ཡོན་ལྡན་པའི་གྲོང་ཁྱེར” ཞེས་པའི་མཚན་སྙན་ཐོབ།

སྤྱི་ལོ2017ལོའི་ཟླ12པའི་ཚེས14ཉིན་ཏ་ཀྲུའུ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་སྐབས་བཞི་པའི་ཤེས་རིག་དཔལ་ཡོན་པའི་རྫོང་རིམ་པའི་གྲོང་ཁྱེར་དུ་བདམས།

སྤྱི་ལོ2019ལོའི་ཟླ10པར་2 སྤྱི་ལོ019ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱའི་གྲས་སུ་བདམས།

སྤྱི་ལོ2020ལོའི་ཟླ3པའི་ཚེས31ཉིན་སྤྱི་ལོ2019ལོའི་ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་གྱི་ཞིང་པའི་འབབ་འཕར་ལས་དོན་གྱི་སྔོན་ཐོན་རྫོང(གྲོང་ཁྱེར་དང་ཆུས)དུ་བདམས།

སྤྱི་ལོ2020ལོའི་ཟླ6པའི་ཚེས9ཉིན་སི་ཁྲོན་ཞིང་ཆེན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་སྔོན་ཐོན་རྫོང(གྲོང་ཁྱེར་དང་ཆུས)ཏང་ཨུད་དང་སྲིད་གཞུང་ལ་བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རྫོང་། ཆུས། གྲོང་ཁྱེར།