སུན་ཞུའེ་ཐའོ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-06-28 16:11ལ་འགྲུབ།

སུན་ཞུའེ་ཐའོ།

སུན་ཞུའེ་ཐའོ།
སྤྱི་ལོ1966ལོའི་ཟླ10བར་སྐྱེས་ཤིང་། ཨན་ཧུའེ་ཐའེ་ཧུའི་མི་ཡིན་ལ། སྤྱི་ལོ1985ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་པ་དང་། སྤྱི་ལོ1991ལོའི་ཟླ6པར་བྱ་བར་ཞུགས། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། བཟོ་རིག་འབུམ་རམས་པ། སློབ་དཔོན་རིམ་པའི་མཐོ་རིམ་བཟོ་བཀོད་པ་བཅས་ཡིན། ད་ལྟ་ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ལུང་ནན་གྲོང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
孙雪涛
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཨན་ཧུའེ་ཐའེ་ཧུ།
སྐྱེས་ལོ།
སྤྱི་ལོ1966ལོའི་ཟླ10བ།
རིགས་དབྱེ།
སྲིད་འཛིན་མི་སྣ།
མཐར་ཕྱིན་སློབ་གྲྭ།
ཧུ་ཧའེ་སློབ་གྲྭ་ཆེན་མོ།
1 ​ངོ་སྤྲོད།

སྤྱི་ལོ1966ལོའི་ཟླ10བར་སྐྱེས་ཤིང་། ཨན་ཧུའེ་ཐའེ་ཧུའི་མི་ཡིན་ལ། སྤྱི་ལོ1985ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་པ་དང་། སྤྱི་ལོ1991ལོའི་ཟླ6པར་བྱ་བར་ཞུགས། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། བཟོ་རིག་འབུམ་རམས་པ། སློབ་དཔོན་རིམ་པའི་མཐོ་རིམ་བཟོ་བཀོད་པ་བཅས་ཡིན།

ད་ལྟ་ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི། ལུང་ནན་གྲོང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1984ལོའི་ཟླ9བ་ནས་སྤྱི་ལོ1988ལོའི་ཟླ9བའི་བར། ཧུ་ཧའེ་སློབ་ཆེན་གྱི་ཆུ་གློག་ཚན་ཁག་གི་ཆུ་བེད་ཆུ་གློག་ལས་གྲྭའི་ཨར་ལས་ཆེད་ལས་སུ་སློབ་སྦྱོང་བྱས།    

སྤྱི་ལོ1988ལོའི་ཟླ9བ་ནས་སྤྱི་ལོ1991ལོའི་ཟླ6པའི་བར། ཧུ་ཧའེ་སློབ་ཆེན་གྱི་ཆུ་ཤུགས་གློག་འདོན་ལས་གྲྭ་ཚན་ཁག་གི་ཆུ་བེད་ལས་གྲྭའི་ཆེད་ལས་སུ་སློབ་སྦྱོང་བྱས། བཟོ་རིག་པའི་རབ་འབྱམས་པའི་བསླབ་གནས་ཐོབ།

སྤྱི་ལོ1991ལོའི་ཟླ6པ་ནས་སྤྱི་ལོ1993ལོའི་ཟླ4བའི་བར། ཆུ་བེད་པུའུ་ཡི་ཕྱི་དོན་སིའི་ལས་བྱེད་པ་ཡིན། (སྤྱི་ལོ1992ལོའི་ཟླ4བ་ནས་སྤྱི་ལོ1993ལོའི་ཟླ4བའི་བར་ཆུ་བེད་ཆུ་གློག་ལས་གྲྭ་ཅུས་དྲུག་པའི་ལིན་བཅུ་གསུམ་རྣམ་གྲངས་པུའུ་རུ་སྦྱོང་བརྡར་བྱས )

སྤྱི་ལོ1993ལོའི་ཟླ4བ་ནས་སྤྱི་ལོ1994ལོའི་ཟླ3པའི་བར། ཆུ་བེད་པུའུ་ཡི་གཞུང་ལས་ཐིང་གི་ལས་བྱེད་པ་ཡིན།

སྤྱི་ལོ1994ལོའི་ཟླ3པ་ནས་སྤྱི་ལོ1997ལོའི་ཟླ12པའི་བར། ཆུ་བེད་པུའུ་ཡི་གཞུང་ལས་ཐིང་གི་དྲུང་ཡིག་གི་འགན་བཞེས། (ཁྲུའུ་རིམ་པ་གཞོན་པ)

སྤྱི་ལོ1997ལོའི་ཟླ12པ་ནས་སྤྱི་ལོ2000ལོའི་ཟླ5བའི་བར། ཆུ་བེད་པུའུ་ཡི་གཞུང་ལས་ཐིང་གི་དྲུང་ཡིག་གི་འགན་བཞེས། (ཁྲུའུ་རིམ་པ་རྒན་པ)

སྤྱི་ལོ2000ལོའི་ཟླ5བ་ནས་སྤྱི་ལོ2003ལོའི་ཟླ9བའི་བར། ཆུ་བེད་པུའུ་ཡི་གཞུང་ལས་ཐིང་གི་དྲུང་ཡིག་གི་འགན་བཞེས། (ཅུས་རིམ་པ་གཞོན་པ)

སྤྱི་ལོ2003ལོའི་ཟླ9བ་ནས་སྤྱི་ལོ2006ལོའི་ཟླ2པའི་བར། ཆུ་བེད་པུའུ་ཡི་ཆུའི་ཐོན་ཁུངས་སིའི་སི་ཀྲང་གཞོན་པའི་འགན་བཞེས། (སྤྱི་ལོ2000ལོའི་ཟླ9བ་ནས་སྤྱི་ལོ2004ལོའི་ཟླ6པའི་བར་པེ་ཅིང་དགེ་ཐོན་སློབ་ཆེན་གྱི་ཁོར་ཡུག་ཚན་རིག་ཁང་གི་ཁོར་ཡུག་ཚན་རིག་ཆེད་ལས་སུ་སློབ་སྦྱོང་བྱས། བཟོ་སྐྲུན་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ། སྤྱི་ལོ1999ལོ་ནས་སྤྱི་ལོ2004ལོར་ཀྲུང་གོ་བཟོ་སྐྲུན་ཁང་གི“ཀྲུང་གོའི་ཆུའི་ཐོན་ཁུངས”དང“ནུབ་བྱང་ཆུའི་ཐོན་ཁུངས”ཀྱི་འཐབ་ཇུས་བློ་འདྲིའི་རྣམ་གྲངས་གལ་ཆེན་གཞུང་ལས་ཁང་གི་འགན་འཁུར་བ་གཙོ་བོ་ཡིན)

སྤྱི་ལོ2006ལོའི་ཟླ2པ་ནས་སྤྱི་ལོ2008ལོའི་ཟླ7པའི་བར། ཆུ་བེད་པུའུ་ཡི་ཆུའི་ཐོན་ཁུངས་དོ་དམ་སིའི་སི་ཀྲང་གཞོན་པའི་འགན་བཞེས།    

སྤྱི་ལོ2008ལོའི་ཟླ7པ་ནས་སྤྱི་ལོ2009ལོའི་ཟླ6པའི་བར། ཆུ་བེད་པུའུ་ཡི་ཆུའི་ཐོན་ཁུངས་སིའི་སི་ཀྲང་གཞོན་པའི་འགན་བཞེས།    

སྤྱི་ལོ2009ལོའི་ཟླ6པ་ནས་སྤྱི་ལོ2011ལོའི་ཟླ7པའི་བར། ཆུ་བེད་པུའུ་ཡི་ཆུའི་ཐོན་ཁུངས་སིའི་སི་ཀྲང་དང་རྒྱལ་ཡོངས་ཆུ་སྤྱོད་གྲོན་ཆུང་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པའི་འགན་བཞེས།    

སྤྱི་ལོ2011ལོའི་ཟླ7པ་ནས་སྤྱི་ལོ2011ལོའི་ཟླ8པའི་བར། ལུང་ནན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བཅས་ཀྱི་འགན་བཞེས།    

སྤྱི་ལོ2011ལོའི་ཟླ8པ་ནས་སྤྱི་ལོ2011ལོའི་ཟླ11པའི་བར། ལུང་ནན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་གྱི་འགོ་འཛིན་ལས་ཚབ་པ་བཅས་ཀྱི་འགན་བཞེས།    

སྤྱི་ལོ2011ལོའི་ཟླ11པ་ནས་སྤྱི་ལོ2013ལོའི་ཟླ4བའི་བར། ལུང་ནན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བཅས་ཀྱི་འགན་བཞེས།    

སྤྱི་ལོ2013ལོའི་ཟླ4བ་ནས་སྤྱི་ལོ2020ལོའི་ཟླ6པའི་བར། ལུང་ནན་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས། (སྤྱི་ལོ2015ལོའི་ཟླ3པ་ནས་སྤྱི་ལོ2015ལོའི་ཟླ7པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་དུས38པའི་ནང་གཞོན་ནུའི་འཛིན་གྲྭ་དང་པོར་སློབ་སྦྱོང་བྱས )

སྤྱི་ལོ2020ལོའི་ཟླ6པའི་བར། ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་བཞེས།    

ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། སྐབས་བཅུ་གསུམ་པའི་ཀན་སུའུ་ཞིང་ཨུའི་ཨུ་ཡོན་བཅས་ཡིན།

3 གོ་གནས་བསྐོ་འཐེན་གྱི་གནས་ཚུལ།

སྤྱི་ལོ2020ལོའི་ཟླ6པའི་ཚེས11ཉིན་ཀན་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་གྲོས་འཆམ་བྱུང་ནས་བསྐོ་གཞག་བྱས་པ་སྟེ། སུན་ཞུའེ་ཐའོ་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པར་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས།


དཔྱད་གཞིའི་ཡིག་ཆ།