ལིའུ་ཡུང་ཀུ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-06-28 16:03ལ་འགྲུབ།

ལིའུ་ཡུང་ཀུ།

ལིའུ་ཡུང་ཀུ།
ཁོང་ནི་ཧྲན་ཞི་ཞིང་ཆེན་སུའེ་ཏེའི་མི་ཡིན་ཞིང་། སྤྱི་ལོ1971ལོའི་ཟླ12པར་སྐྱེས་ཤིང་། སྤྱི་ལོ1996ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་པ་དང་། སྤྱི་ལོ1993ལོའི་ཟླ7པར་བྱ་བར་ཞུགས། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། ཞིང་ལས་ཁྱབ་སྤེལ་ཆེད་ལས་ཀྱི་རབ་འབྱམས་པ་ཡིན། ད་ལྟ་ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་གཙོས་གྲོང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刘永革
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧྲན་ཞི་སའེ་ཏུ།
སྐྱེས་ལོ།
སྤྱི་ལོ1971ལོའི་ཟླ12པ།
རིགས་དབྱེ།
སྲིད་འཛིན་མི་སྣ།
མཐར་ཕྱིན་སློབ་གྲྭ།
ཀན་སུའུ་ཞིང་ལས་སློབ་ཆེན།
1 ངོ་སྤྲོད།

ཁོང་ནི་ཧྲན་ཞི་ཞིང་ཆེན་སུའེ་ཏེའི་མི་ཡིན་ཞིང་། སྤྱི་ལོ1971ལོའི་ཟླ12པར་སྐྱེས་ཤིང་། སྤྱི་ལོ1996ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་པ་དང་། སྤྱི་ལོ1993ལོའི་ཟླ7པར་བྱ་བར་ཞུགས། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། ཞིང་ལས་ཁྱབ་སྤེལ་ཆེད་ལས་རབ་འབྱམས་པ་ཡིན།

ད་ལྟ་ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་གཙོས་གྲོང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

2 ངོ་སྤྲོད།

སྤྱི་ལོ1989ལོའི་ཟླ9བ་ནས་སྤྱི་ལོ1993ལོའི་ཟླ7པའི་བར། ཀན་སུའུ་ཞིང་ལས་སློབ་ཆེན་གྱི་ནགས་ཆེད་ལས་སུ་སློབ་སྦྱོང་བྱས།    

སྤྱི་ལོ1993ལོའི་ཟླ7པ་ནས་སྤྱི་ལོ1995ལོའི་ཟླ12པའི་བར། ཅིའུ་ཆོན་གྲོང་ཁྱེར(རྫོང་རིམ་པ)ཞི་ཧྥུང་ཡུལ་ཚོ་སྲིད་གཞུང་དུ་ལས་ཀ་གཉེར།

སྤྱི་ལོ1995ལོའི་ཟླ12པ་ནས་སྤྱི་ལོ1997ལོའི་ཟླ3པའི་བར། གུང་གཞོན་ཚོགས་པའི་ཅིའུ་ཆོན་གྲོང་ཁྱེར(རྫོང་རིམ)ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ1997ལོའི་ཟླ3པ་ནས་སྤྱི་ལོ1999ལོའི་ཟླ5བའི་བར། གུང་གཞོན་ཚོགས་པའི་ཅིའུ་ཆོན་གྲོང་ཁྱེར(རྫོང་རིམ་པ)ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས།    

སྤྱི་ལོ1999ལོའི་ཟླ5བ་ནས་སྤྱི་ལོ2000ལོའི་ཟླ9བའི་བར། ཅིའུ་ཆོན་ཧན་ཝུའུ་ཆང་ལས་ཚོགས་པའི་རྒྱལ་ཁོངས་རྒྱུ་ནོར་གྱི་འཐུས་མི་དང་། ལས་འཛིན་པ། སྤྱི་ཁྱབ་ཅིང་ལི་གཞོན་པ་བཅས་ཀྱི་འགན་བཞེས།    

སྤྱི་ལོ2000ལོའི་ཟླ9བ་ནས་སྤྱི་ལོ2002ལོའི་ཟླ6པའི་བར། ཅིའུ་ཆོན་གྲོང་ཁྱེར(རྫོང་རིམ་པ)ཅིན་ཧྥོ་སི་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཀྲེན་ཀྲང་བཅས་ཀྱི་འགན་བཞེས།    

སྤྱི་ལོ2002ལོའི་ཟླ6པ་ནས་སྤྱི་ལོ2002ལོའི་ཟླ10བའི་བར། ཅིའུ་ཆོན་གྲོང་ཁྱེར(རྫོང་རིམ་པ)ཏུང་ཏུང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།    

སྤྱི་ལོ2002ལོའི་ཟླ10བ་ནས་སྤྱི་ལོ2006ལོའི་ཟླ11པའི་བར། ཏུན་ཧོང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པའི་འགན་བཞེས།    

སྤྱི་ལོ2006ལོའི་ཟླ11པ་ནས་སྤྱི་ལོ2009ལོའི་ཟླ9བའི་བར། ཏུན་ཧོང་གྲོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས།    

སྤྱི་ལོ2009ལོའི་ཟླ9བ་ནས་སྤྱི་ལོ2011ལོའི་ཟླ9བའི་བར། ཏུན་ཧོང་གྲོང་ཨུའི་རྒྱུན་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་རྒྱུན་ལས་ཧྲི་ཀྲང་གཞོན་པ་དང་གྲོང་ཁྱེར་སྲིད་འཛིན་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2011ལོའི་ཟླ9བ་ནས་སྤྱི་ལོ2012ལོའི་ཟླ10བའི་བར། ཏུན་ཧོང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཏུན་ཧོང་གྲོང་ཨུ་ཏང་གི་སློབ་གྲྭའི་སློབ་གཙོ། ཏུན་ཧོང་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2012ལོའི་ཟླ10བ་ནས་སྤྱི་ལོ2012ལོའི་ཟླ12པའི་བར། ཀན་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འོས་མིར་མིང་འདོན་བྱས།    

སྤྱི་ལོ2012ལོའི་ཟླ12པ་ནས་སྤྱི་ལོ2015ལོའི་ཟླ1པོའི་བར། ཀན་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་བཞེས།    

སྤྱི་ལོ2015ལོའི་ཟླ1པོ་ནས་སྤྱི་ལོ2019ལོའི་ཟླ7པའི་བར། ཀན་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་གཙོས་གྲོང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།    

སྤྱི་ལོ2019ལོའི་ཟླ7པ་ནས་སྤྱི་ལོ2019ལོའི་ཟླ8པའི་བར། ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། མཉམ་ལས་གྲོང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།    

སྤྱི་ལོ2019ལོའི་ཟླ8པར། ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་གཙོས་གྲོང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

3 གོ་གནས་བསྐོ་འཐེན་གྱི་གནས་ཚུལ།

སྤྱི་ལོ2019ལོའི་ཟླ7པའི་ཚེས16ཉིན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲེང་ཧུའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལིའུ་ཡུང་ཀུ་སོགས་ཚོགས་འདུར་ཞུགས།


དཔྱད་གཞིའི་ཡིག་ཆ།