ཀྲོའུ་མེ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-06-28 16:02ལ་འགྲུབ།

ཀྲོའུ་མེ།

ཀྲོའུ་མེ།
ཁོ་མོ་ནི་ཀན་སུའུ་ཐེ་བོའི་མི་ཡིན་ཞིང་། སྤྱི་ལོ1985ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ནུབ་བྱང་མི་རིགས་སློབ་གླིང་གི་དཔལ་འབྱོར་ཚན་ཁག་གི་མི་རིགས་ཉོ་ཚོང་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་། སློབ་གྲྭ་ཆེན་དངོས་གཞིའི་བསླབ་གནས་ལྡན། ད་ལྟ་ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། མཉམ་ལས་གྲོང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
周梅
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཀན་སུའུ་ཐེ་བོ།
རིགས་དབྱེ།
སྲིད་འཛིན་མི་སྣ།
མཐར་ཕྱིན་སློབ་གྲྭ།
ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།
1 ངོ་སྤྲོད།

ཁོ་མོ་ནི་ཀན་སུའུ་ཐེ་བོའི་མི་ཡིན་ཞིང་། སྤྱི་ལོ1985ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ནུབ་བྱང་མི་རིགས་སློབ་གླིང་གི་དཔལ་འབྱོར་ཚན་ཁག་གི་མི་རིགས་ཉོ་ཚོང་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་། སློབ་གྲྭ་ཆེན་དངོས་གཞིའི་བསླབ་གནས་ལྡན། 

ད་ལྟ་ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། མཉམ་ལས་གྲོང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན་བཅས་ཀྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1980ལོའི་ཟླ7པ་ནས་སྤྱི་ལོ1985ལོའི་ཟླ7པའི་བར། ནུབ་བྱང་མི་རིགས་སློབ་གླིང་གི་དཔལ་འབྱོར་ཚན་ཁག་གི་མི་རིགས་ཚོང་དོན་དངོས་གཞིའི་ཚན་ཁག་གི་ཆེད་ལས་སུ་སློབ་སྦྱོང་བྱས།    

སྤྱི་ལོ1985ལོའི་ཟླ7པ་ནས་སྤྱི་ལོ1996ལོའི་ཟླ6པའི་བར། ཁུལ་ཚོང་ལས་ཅུས་སུ་ལས་ཀ་གཉེར།    

སྤྱི་ལོ1991ལོའི་ཟླ6པ་ནས་སྤྱི་ལོ1994ལོའི་ཟླ4བའི་བར། ཁུལ་ཚོང་ལས་ཅུས་རེན་སྨི་ཁོའོ་ཡི་ཁོའོ་ཀྲང་གཞོན་པའི་འགན་བཞེས།    

སྤྱི་ལོ1994ལོའི་ཟླ4པ་ནས་སྤྱི་ལོ1998ལོའི་ཟླ5བའི་བར། ཁུལ་ཚོང་ལས་ཅུས་ཀྱི་ནོར་དོན་རྩིས་རྒྱག་ཁོའོ་ཡི་ཁོའོ་ཀྲང་གི་འགན་བཞེས།    

སྤྱི་ལོ1998ལོའི་ཟླ5བ་ནས་སྤྱི་ལོ1998ལོའི་ཟླ11པའི་བར། ཁུལ་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཁང་དུ་ལས་ཀ་གཉེར།

སྤྱི་ལོ1998ལོའི་ཟླ11པ་ནས་སྤྱི་ལོ2000ལོའི་ཟླ12པའི་བར། ཁུལ་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཁང་ཕྱོགས་བསྡུས་ཁོའོ་ཡི་ཁོའོ་ཀྲང་གི་འགན་བཞེས།    

སྤྱི་ལོ2000ལོའི་ཟླ12པ་ནས་སྤྱི་ལོ2006ལོའི་ཟླ10བའི་བར། གཙོས་གྲོང་ཁྱེར་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པའི་འགན་བཞེས།    

སྤྱི་ལོ2006ལོའི་ཟླ10བ་ནས་སྤྱི་ལོ2008ལོའི་ཟླ12པའི་བར། གཙོས་གྲོང་ཨུའི་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།    

སྤྱི་ལོ2008ལོའི་ཟླ12པ་ནས་སྤྱི་ལོ2011ལོའི་ཟླ9བའི་བར། ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ཁུལ་ཤེས་ལྡན་མི་སྣའི་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས། (རྫོང་རིམ་པ་རྒན་པ)

སྤྱི་ལོ2011ལོའི་ཟླ9བ་ནས་ད་བར་དུ་ཀྲུང་གུང་གཙོས་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2020ལོའི་ཟླ1པོའི་བར། སྲིད་གྲོས་ཀན་ལྷོ་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ་ཡིན།

3 གོ་གནས་བསྐོ་འཐེན་གྱི་གནས་ཚུལ།

སྤྱི་ལོ2011ལོའི་ཟླ9བའི་ཚེས18ཉིན། གཙོས་གྲོང་ཨུས་གྲོང་ཁྱེར་དེ་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་གྲོང་ཁྱེར་དེའི་ཏང་སྲིད་འགོ་ཁྲིད་ཀྱི་གོ་གནས་གཙོ་བོ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཁཡལ་ཨུའི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་སྟེ། ཀྲོའུ་མེ་ཡིས་གཙོས་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་གདམ་བྱའི་འོས་མི་ཡིན།

སྤྱི་ལོ2019ལོའི་ཟླ11པའི་ཚེས3ཉིན། ཀྲུང་གུང་ཀན་སུའུ་ཞིང་ཨུ་རྩ་འཛུགས་པུས《ཚའེ་ཀའོ་བློ་མཐུན་རིམ་པ་གཉིས་པའི་སྐོར་གཟིགས་པར་ཡོངས་བསྒྲགས་བྱ་རྩིས་ཡོད་པའི་སྐོར་གྱི་སྤྱི་བསྒྲགས》དེ་རིམ་པ་གཉིས་པའི་སྐོར་གཟིགས་པར་སྤོར་རྩིས་ཡོད།

སྤྱི་ལོ2019ལོའི་ཟླ12པའི་ཚེས26ཉིན་གྲོང་ཁྱེར(ཁུལ)སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་གདམ་བྱའི་འོས་མིར་མིང་འདོན་བྱ་རྩིས་ཡོད།

སྤྱི་ལོ2020ལོའི་ཟླ1པོའི་ཚེས19ཉིན་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་དང་། ཀྲོའུ་མེ་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས།


དཔྱད་གཞིའི་ཡིག་ཆ།