ཚུའེ་ཅིང་ཡུའུ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-06-28 16:02ལ་འགྲུབ།

ཚུའེ་ཅིང་ཡུའུ།

ཚུའེ་ཅིང་ཡུའུ།
ཁོང་ནི་སྤྱི་ལོ1963ལོའི་ཟླ3པར་སྐྱེས་ཤིང་། ལིའོ་ཉིང་ཞིའུ་ཡན་གྱི་མི་ཡིན་པ་དང་། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན། སྤྱི་ལོ1987ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ད་ལྟ་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
崔景瑜
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ལིའོ་ཉིང་ཞིའུ་ཨན།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ3པ།
རིགས་དབྱེ།
སྲིད་འཛིན་མི་སྣ།
མཐར་ཕྱིན་སློབ་གྲྭ།
ཀན་སུའུ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1963ལོའི་ཟླ3པར་སྐྱེས་ཤིང་། ལིའོ་ཉིང་ཞིའུ་ཡན་གྱི་མི་ཡིན་པ་དང་། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན། སྤྱི་ལོ1987ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

ད་ལྟ་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1980ལོའི་ཟླ9བར། ལྷོ་ནུབ་ས་གཤིས་སློབ་གྲྭར་སློབ་སྦྱོང་བྱས།

སྤྱི་ལོ1983ལོའི་ཟླ7པར། ཀྲུང་གོའི་ཡོའུ་སེ་ས་གཤིས་རུ་ཁག་གཉིས་པའི་ལག་རྩལ་པའི་འགན་བཞེས།

སྤྱི་ལོ1985ལོའི་ཟླ9བར། ཁུན་མིང་བཟོ་ལས་སློབ་གླིང་གི་ས་གཤིས་ཆེད་ལས་སུ་སློབ་སྦྱོང་བྱས།

སྤྱི་ལོ1987ལོའི་ཟླ9པར་ཀྲུང་གོའི་ཡོའུ་སེ་ས་གཤིས་རུ་ཁག་གཉིས་པའི་ལས་བྱེད་པ་ཡིན།

སྤྱི་ལོ1989ལོའི་ཟླ1པོར་གུང་གཞོན་ཚོགས་པའི་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའུ་ཡི་ལས་བྱེད་པ་དང་ཁོའོ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།    

སྤྱི་ལོ1993ལོའི་ཟླ10བར། གུང་གཞོན་སྡེ་ཚོགས་ཀན་སུའུ་ཞིང་ཨུ་གསར་འགྱུར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའི་འགན་བཞེས། (རྫོང་རིམ་པ་གཞོན་པ)    

སྤྱི་ལོ1994ལོའི་ཟླ8པར། ཀན་སུའུ་ཞིང་ཆེན་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཁང་གི་དཔལ་འབྱོར་ཕྱོགས་བསྡུས་ཁྲུའུ་ཡི་ལས་བྱེད་པའི་འགན་བཞེས། (རྫོང་རིམ་པ་གཞོན་པ)    

སྤྱི་ལོ1996ལོའི་ཟླ11པར། ཀན་སུའུ་ཞིང་ཆེན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཉེར་བའི་གྲོང་གསེབ་ཐུན་མོང་དཔལ་འབྱོར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།    

སྤྱི་ལོ2001ལོའི་ཟླ4པར། ཀན་སུའུ་ཞིང་ཆེན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཉེར་བའི་ཁེ་ལས་འབྲིང་ཆུང་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།    

སྤྱི་ལོ2002ལོའི་ཟླ2པར། ཀན་སུའུ་ཞིང་ཆེན་དཔལ་འབྱོར་ཉོ་ཚོང་ཨུ་ཡོན་ལྷན་ཁང་གི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས། (སྤྱི་ལོ2001ལོའི་ཟླ9བ་ནས་སྤྱི་ལོ2003ལོའི་ཟླ6པའི་བར། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭའི་དཔལ་འབྱོར་དོ་དམ་ཆེད་ལས་སུ་སློབ་སྦྱོང་བྱས)

སྤྱི་ལོ2004ལོའི་ཟླ7པར། ཀན་སུའུ་ཞིང་ཆེན་ཚོང་དོན་ཐིང་འཆར་འགོད་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།    

སྤྱི་ལོ2006ལོའི་ཟླ11པར། ལུང་ནན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2010ལོའི་ཟླ11པར། ལུང་ནན་གྲོང་ཨུའི་རྒྱུན་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།    

སྤྱི་ལོ2016ལོའི་ཟླ4པར། ལུང་ནན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།    

སྤྱི་ལོ2016ལོའི་ཟླ8པར། ལུང་ནན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་འོས་མི་བཅས་ཀྱི་འགན་བཞེས།    

སྤྱི་ལོ2016ལོའི་ཟླ10བར། ལུང་ནན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་་འོས་མི་བཅས་ཀྱི་འགན་བཞེས།    

སྤྱི་ལོ2016ལོའི་ཟླ11པར། ལུང་ནན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བཅས་ཀྱི་འགན་བཞེས།    

སྤྱི་ལོ2017ལོའི་ཟླ7པར། ལུང་ནན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན་ལས་ཚབ་བཅས་ཀྱི་འགན་བཞེས།    

སྤྱི་ལོ2018ལོའི་ཟླ1པོར། ལུང་ནན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བཅས་ཀྱི་འགན་བཞེས།

3 གོ་གནས་བསྐོ་འཐེན་གྱི་གནས་ཚུལ།

སྤྱི་ལོ2018ལོའི་ཟླ1པོའི་ཚེས12ཉིན། ལུང་ནན་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཚུའེ་ཅིང་ཡུའུ་ལུང་ནན་གྲོང་ཁྱེར་གྱི་ཧྲི་ཀྲང་ལ་བདམས།


དཔྱད་གཞིའི་ཡིག་ཆ།