ཆི་ལི་ཧུ་ཆུས།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-06-28 16:02ལ་འགྲུབ།

ཆི་ལི་ཧུ་ཆུས།

ཆི་ལི་ཧུ་ཆུས།
ཆི་ལི་ཧུ་ཆུས་ནི་ལན་ཀྲོའུ་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཤིག་ཡིན་པ་དང་། ལན་ཀྲོའུ་གྲོང་ཁྱེར་གྱི་དབུས་ལྷོ་ཁུལ་དུ་གནས་ཡོད་ལ། ལན་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཡིན། ཤར་ཁྲེང་ཀོན་ཆུས་དང་ཡུས་ཀྲུང་རྫོང་དང་འབྲེལ་བ། ལྷོ་ནི་ལིན་ཐའོ་རྫོང་དང་ཡུང་ཅིན་རྫོང་དང་འབྲེལ་ཞིང་། ནུབ་ནུབ་ཞི་ཀུའུ་ཆུས་དང་འབྲེལ་ཡོད། བྱང་ཨན་ཉིན་ཆུས་དང་གཙང་བོར་ཁ་གཏད་དུ་གནས་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ21ཡོད། ལྷོ་བྱང་ཞེང་ཚད་ལ་སྤྱི་ལེ33ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ397.49ཡོད་པའི་ནང་གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ25ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
七里河区
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ཡུལ་ཚོ1 གྲོང་རྡལ5 ཁྲོམ་གཞུང9
སྲིད་གཞུང་གནས་ཡུལ།
ལན་ཀྲོའུ་གྲོང་ཁྱེརཞི་ཅིན་ཏུང་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0931
སྦྲག་སྲིད་ཨང་རྟགས།
730000
མི་གྲངས།
ཁྲི57.1ཡོད།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
གནམ་གྲུ་ཐང་།
ལན་ཀྲོའུ་ཀྲུང་ཁྲོན་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ལན་ཀྲོའུ་ནུབ་ཚིགས།
རླངས་འཁོར་ཚབ་ཨང་།
ཀན(甘)A
1 ངོ་སྤྲོད།

ཆི་ལི་ཧུ་ཆུས་ནི་ལན་ཀྲོའུ་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཤིག་ཡིན་པ་དང་། ལན་ཀྲོའུ་གྲོང་ཁྱེར་གྱི་དབུས་ལྷོ་ཁུལ་དུ་གནས་ཡོད་ལ། ལན་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ཡིན། ཤར་ཁྲེང་ཀོན་ཆུས་དང་ཡུས་ཀྲུང་རྫོང་དང་འབྲེལ་བ། ལྷོ་ནི་ལིན་ཐའོ་རྫོང་དང་ཡུང་ཅིན་རྫོང་དང་འབྲེལ་ཞིང་། ནུབ་ནུབ་ཞི་ཀུའུ་ཆུས་དང་འབྲེལ་ཡོད། བྱང་ཨན་ཉིན་ཆུས་དང་གཙང་བོར་ཁ་གཏད་དུ་གནས་ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ21ཡོད། ལྷོ་བྱང་ཞེང་ཚད་ལ་སྤྱི་ལེ33ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ397.49ཡོད་པའི་ནང་གྲོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ25ཡོད།    

ཆུས་ཡོངས་ཀྱི་ཁོངས་གཏོགས་སུ་ཡུལ་ཚོ1དང་གྲོང་རྡལ5 ཁྲོམ་གཞུང9 སྲིད་འཛིན་གྲོང་ཚོ60 སྡེ་ཁུལ77ཡོད་པ་དང་། སྤྱིའི་མི་འབོར་ཁྲི57.1ཟིན་པ་དེའི་ནང་གྲོང་གསེབ་ཀྱི་མི་འབོར་ཁྲི8.96ཟིན་ཡོད། སྤྱི་ལོ2017ལོར་ཧུའེ་རིགས་དང་སོག་རིགས། བོད་རིགས། ཏུང་ཞང་། ཡུ་གུར་རིགས་སོགས་གྲངས་ཉུང་མི་རིགས44ཡོད། ཆུས་ནང་ཁུལ་དུ་ཞི་ཧུའུ་སྤྱི་གླིང་དང་། ནུབ་རྒྱུད་སྤྲོ་སྐྱིད་གླིང་། ཧྲི་ཧྥོ་ཀོའུ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཧེ་དབྱིན་དགོན་པ། ཡུན་ལིན་དགོན་སོགས་གྲགས་ཅན་སྤྲོ་གསེང་ལྟ་སྐོར་བྱ་ཡུལ་བཙུགས་ཡོད་པ་དང་། བྱང་ཕྱོགས་ཀྱི་ཁྱད་ཆོས་ལྡན་པའི་ཚགས་ཤའི་ཐུག་པ། ལུག་ཤ་བསྲེག་མ་སོགས་ཡོད། སྤྱི་ལོ2018ལོའི་ཟླ10བའི་ཚེས10ཉིན་ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་ཆི་ལི་ཧུ་ཆུས་དབུལ་པོ་ནས་ཕྱིར་འཐེན་བྱེད་རྒྱུར་ཆོག་མཆན་སྤྲད།    

སྤྱི་ལོ2018ལོར། ཆི་ལི་ཧུ་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར480.55ཟིན་པ་དེ་དུས་མཚུངས་ལས5.3%འཕར་བ། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར4.2ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས3.1%འཕར་བ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར165.1ཟིན་པ་དེ་དུས་མཚུངས་ལས1.5%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར311.25ཟིན་པ་དེ་དུས་མཚུངས་ལས8%འཕར་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ8པའི་ཚེས29ཉིན་ལན་ཀྲོའུ་གྲོང་ཁྱེར་གྱི་ཆུས་བརྒྱད་པ་དང་དགུ་བ་ཡིན།    

སྤྱི་ལོ1953ལོའི་ཟླ3པའི་ཚེས2ཉིན། ལན་ཀྲོའུ་གྲོང་ཁྱེར་གྱི་ཆུས་བརྒྱད་པ་དེ་ལན་ཀྲོའུ་གྲོང་ཁྱེར་གྱི་ཆུས་བཞི་པར་བསྒྱུར་པ་དང་། ཆུས་དགུ་པ་དེ་ཆུས་བརྒྱད་པར་བསྒྱུར།    

སྤྱི་ལོ1955ལོའི་ཟླ9བའི་ཚེས30ཉིན་ལན་ཀྲོའུ་གྲོང་ཁྱེར་གྱི་ཆུས་བཞི་པ་ལན་ཀྲོའུ་གྲོང་ཁྱེར་ཆི་ལི་ཧུ་ཆུས་སུ་བསྒྱུར། ལན་ཀྲོའུ་གྲོང་ཁྱེར་དང་ལེ་དབར་བདུན་ཡོད་པའི་ཆི་ལིའི་ཆི་ལི་ཆུ་བོ་ལས་མིང་དེ་ལྟར་ཐོགས་པ་ཡིན། བརྒྱད་པ་ནི་ཨ་ཀན་ཁུལ་དུ་བསྒྱུར་ནས་ཨ་ཀན་གྲོང་རྡལ་གྱི་མིང་ཐོབ།

སྤྱི་ལོ1960ལོའི་ཟླ12པའི་ཚེས8ཉིན། ཨ་ཀན་ཆུས་ཆི་ལི་ཧུ་ཆུས་ཟླ་སྒྲིལ་བཏང་བ་དང་། སྤྱི་ལོ2003ལོའི་ལོ་མཇུག་བར་སྔར་བཞིན་ལན་ཀྲོའུ་གྲོང་ཁྱེར་ཆི་ལི་ཧོ་ཆུས་ནས་ཡིན།

སྤྱི་ལོ2004ལོར། ཆི་ལི་ཧུ་ཆུས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ལེགས་སྒྲིག་བྱས་ཏེ། ཧུའུ་ཐན་ཡུལ་ཚོ་མེད་པར་བཟོས་ཏེ། ཡུལ་ཚོ་དེའི་ཝང་ཅ་ཀྲོང་དང་། ཧྲའོ་ཅ་ཝ། ལུའུ་ཅ་བཅས་གྲོང་ཚོ་གསུམ་ཧོང་ཡུས་ཡུལ་ཚོ་རུ་ཟླ་སྒྲིལ་བཏང་བ་དང་། ཧུའུ་ཐན་གྲོང་ཚོ་ཞི་ཀོ་ཡོན་གྲོང་རྡལ་དུ་ཟླ་སྒྲིལ་བཏང་བ། ཚུའེ་ཅ་ཡ་ཡུལ་ཚོ་ཕྱིར་འཐེན་བྱས་ནས་ཞིའུ་ཁྲོན་ཁྲོམ་གཞུང་བཙུགས་ཡོད།

སྤྱི་ལོ2016ལོར། ཞིང་ཆེན་དམངས་སྲིད་ཐིང(ཀན་རྨིན་ཧྥུ〔2016〕ཨང52)གིས་ཧོང་ཡུས་ཡུལ་ཚོ་མེད་པར་བཟོས་ནས་ཧོང་ཡུས་གྲོང་རྡལ་འཛུགས་པར་ཆོག་མཆན་གནང་།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2017ལོར་ཅི་ལི་ཧུ་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང9དང་། གྲོང་རྡལ4 ཡུལ་ཚོ2བཅས་ཡོད།

4 གནས་ཡུལ།

ཆི་ལི་ཧུ་ཆུས་ནི་ལན་ཀྲོའུ་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཤིག་ཡིན་པ་དང་། ལན་ཀྲོའུ་གྲོང་ཁྱེར་གྱི་དབུས་ལྷོ་ཁུལ་དུ་གནས་ཡོད་ལ། ཤར་ཁྲེང་ཀོན་ཆུས་དང་ཡུས་ཀྲུང་རྫོང་དང་འབྲེལ་བ། ལྷོ་ནི་ལིན་ཐའོ་རྫོང་དང་ཡུང་ཅིན་རྫོང་དང་འབྲེལ་ཞིང་། ནུབ་ནུབ་ཞི་ཀུའུ་ཆུས་དང་འབྲེལ་ཡོད། བྱང་ཨན་ཉིན་ཆུས་དང་གཙང་བོར་ཁ་གཏད་དུ་གནས་ཡོད། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག 103°36''一103°54'54''དང་བྱང་གི་འཕྲེད་ཐིག 35°50'32''—36°06'12''བར་ཡིན། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ21དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ33ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ397.94ཡོད།

5 ནམ་ཟླ།

ཆུས་ནང་ཁུལ་ནི་སྐམ་སའི་རང་བཞིན་གྱི་ཐན་པ་ཆེན་པོའི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ཁྱད་ཆོས་གཙོ་བོ་ནི་དུས་བཞི་གསལ་བ་དང་། དགུན་དབྱར་རིང་བ། དཔྱིད་སྟོན་ཐུང་བ་བཅས་ཀྱི་ཁྱད་ཆོས་ལྡན།

6 མི་གྲངས་དང་མི་རིགས།

སྤྱི་ལོ2016ལོའི་ལོ་མཇུག་བར་ཆི་ལི་ཧུ་ཆུས་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན་པ་དང་། ཧུའེ་རིགས་དང་། སོག་རིགས། བོད་རིགས། ཏུང་ཤང་རིགས། ཡུ་གུར་རིགས་སོགས་གྲངས་ཉུང་མི་རིགས44ཡོད། སྤྱིའི་མི་འབོར་ཁྲི57.1ཟིན་ཡོད།

7 དཔལ་འབྱོར།

སྤྱི་ལོ2018ལོར་ཆི་ལི་ཧུ་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར480.55ཟིན་པ་དེ་དུས་མཚུངས་ལས5.3%འཕར་བ། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར4.2ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས3.1%འཕར་བ། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར165.1ཟིན་པ་དེ་དུས་མཚུངས་ལས1.5%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར311.25ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས8%འཕར་ཡོད།

8 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ12པར་ཁག་དྲུག་པའི“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་དཔེ་སྟོན་ཁུལ(ཚན་པ)”ལ་བདམས།

སྤྱི་ལོ2020ལོའི་ཟླ1པོའི་ཚེས8ཉིན་ཀན་སུའུ་ཞིང་ཆེན་རྫོང་ཁོངས་ཀྱི་འགྲན་རྩོད་ནུས་པ་ཆེ་བའི་རྫོང་བཅུའི་ནང་བདམས།    

སྤྱི་ལོ2020ལོའི་ཟླ2པར་སྤྱི་ལོ2020ལོར་ཀྲུང་གོའི་རྫོང་ཁོངས་ཀྱི་དར་ཆེས་བའི་ཐོན་རྫས་འཛད་སྤྱོད་སྟོབས་ཆེན་བརྒྱའི་མིང་གྲལ་ནང་ཚུད་ཡོད།

སྤྱི་ལོ2020ལོའི་ཟླ3པར་སྤྱི་ལོ2020ལོར་ཀྲུང་གོའི་དགེ་སྒྲུབ་སྤྱི་ཕན་རྫོང་གྲོང་ཁྱེར་བརྒྱ་རུ་ཚུད་ཡོད།

སྤྱི་ལོ2020ལོར་ཀྲུང་གོའི་གཞོན་ནུ་ལུ་ཡུས་རྫོང་གྲོང་ཁྱེར་བརྒྱ་རུ་ཚུད་ཡོད།


དཔྱད་གཞིའི་ཡིག་ཆ།