ལུའོ་ཙེང་པིན།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-06-29 10:28ལ་འགྲུབ།

ལུའོ་ཙེང་པིན།

ལུའོ་ཙེང་པིན།
ལུའོ་ཙེང་པིན་ནི་སྤྱི་ལོ1967ལོའི་ཟླ10པར་སི་ཁྲོན་དུ་སྐྱེས། སྤྱི་ལོ1993ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ཤིང་སྤྱི་ལོ1990ལོའི་ཟླ7པར་ལས་ཀར་ཞུགས། སི་ཁྲོན་སློབ་ཆེན་གྱི་རྩི་ཤིང་རིག་པ་ཆེད་ལས་ནས་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་་རང་བྱུང་ཚན་རིག་གི་འབུམ་རམས་པ་ཡིན། ད་ལྟ་སི་ཁྲོན་ཞིང་ཆེན་པ་ཀྲུང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
罗增斌
སྐྱེས་ཡུལ།
སི་ཁྲོན།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1967ལོའི་ཟླ10པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
སི་ཁྲོན་སློབ་གྲྭ་ཆེན་མོ།
1 ​མི་སྣའི་ལོ་རྒྱུས། 

སྤྱི་ལོ1986ལོའི་ཟླ9པ་ནས་སྤྱི་ལོ1990ལོའི་ཟླ7པའི་བར་སི་ཁྲོན་ཞིང་ལས་སློབ་ཆེན་ནགས་ལས་ཆེད་ལས་སུ་སློབ་སྦྱོང་གནང་།

སྤྱི་ལོ1990ལོའི་ཟླ7པ་ནས་སྤྱི་ལོ1991ལོའི་ཟླ2པའི་བར་སི་ཁྲོན་ནགས་ལས་ཚགས་པར་ཁང་གི་རྩོམ་སྒྲིག་པ་དང་གསར་འགོད་པའི་འགན་བཞེས།

སྤྱི་ལོ1996ལོའི་ཟླ9པ་ནས་སྤྱི་ལོ2000ལོའི་ཟླ8པའི་བར་སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས(དེའི་རིང་སྤྱི་ལོ1997ལོའི་ཟླ10པ་ནས་སྤྱི་ལོ1999ལོའི་ཟླ10པའི་བར་ཞིང་ཆེན་ཏ་ཏུའུ་ཆུ་ཐོག་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཙུང་ཚའེ་གཞོན་པའི་འགན་བཞེས།

སྤྱི་ལོ2000ལོའི་ཟླ8པ་ནས་སྤྱི་ལོ2003ལོའི་ཟླ4པའི་བར་སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་ཚན་རིག་ལག་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས(དེའི་རིང་སྤྱི་ལོ2002ལོའི་ཟླ11པ་ནས་སྤྱི་ལོ2003ལོའི་ཟླ1པོའི་བར་ཨ་རིའི་ཆའོ་ཀྲི་ཡ་སློབ་ཆེན་གྱི་ཀྲུང་ཨའི་སྤྱི་པའི་དོ་དམ་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང) 

སྤྱི་ལོ2003ལོའི་ཟླ4པ་ནས་སྤྱི་ལོ2011ལོའི་ཟླ9པའི་བར་ནི་སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་གཞོན་པ་དང་ཏང་ཙུའི་ཁོངས་མི་བཅས་ཀྱི་འགན་བཞེས(དེའི་རིང་སྤྱི་ལོ2004ལོའི་ཟླ12འཇར་མན་དུ་ནགས་ཚལ་ཐོན་ཁུངས་དོ་དམ་དང་རིགས་དབྱེའི་གཉེར་སྐྱོང་གསོ་སྦྱོང་ནང་ཞུགས) 

སྤྱི་ལོ2011ལོའི་ཟླ9པ་ནས་སྤྱི་ལོ2011ལོའི་ཟླ11པའི་བར་སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཨུའི་རྒྱུན་ལས་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2011ལོའི་ཟླ11པ་ནས་སྤྱི་ལོ2013ལོའི་ཟླ2པའི་བར་སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2013ལོའི་ཟླ2པ་ནས་སྤྱི་ལོ2013ལོའི་ཟླ4པའི་བར་སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལས་ཚབ་ཧྲི་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2013ལོའི་ཟླ4པ་ནས་སྤྱི་ལོ2017ལོའི་ཟླ6པའི་བར་སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ6པའི་བར་སི་ཁྲོན་ཞིང་ཆེན་པ་ཀྲུང་གྲོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྐབས་བཅུ་གཅིག་པའི་སི་ཁྲོན་ཞིང་ཨུའི་ཨུ་ཡོན་དང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་བཅས་ཡིན།

2 ལས་གནས་བསྐོ་འཐེན།

སྤྱི་ལོ2017ལོའི་ཟླ6པའི་ཚེས18ཉིན་པ་ཀྲུང་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ཤིང་ཚོགས་འདུའི་ཐོག་ཀྲུང་གུང་སི་ཁྲོན་ཞིང་ཨུའི་གཏན་འབེབས་སྒྲོག་སྦྱངས་བྱས། ལུའོ་ཙེང་པིན་ཀྲུང་གུང་པ་ཀྲུང་གྲོང་ཨུའི་ཨུ་ཡོན་དང་རྒྱུན་ཨུ། ཧྲུའུ་ཅི་བཅས་ལ་བདམས།

དཔྱད་གཞིའི་ཡིག་ཆ།