ཨན་ཉིང་ཆུས།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-06-28 16:02ལ་འགྲུབ།

ཨན་ཉིང་ཆུས།

ཨན་ཉིང་ཆུས།
ཨན་ཉིང་ཆུས་ནི་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན་པ་དང་། ཀན་སུའུ་ཞིང་ཆེན་གྱི་དབུས་རྒྱུད་དང་། ལན་ཀྲོའུ་གྲོང་ཁྱེར་གྱི་ནུབ་འདབས་དང་རྨ་ཆུའི་བྱང་ངོས་སུ་གནས་ཡོད། ས་བབ་བྱང་མཐོ་ལ་ལྷོ་དམའ་ཞིང་། སྐམ་སའི་རང་བཞིན་གྱི་གནམ་གཤིས་མངོན་གསལ་དོད་པ་དང་དུས་བཞིའི་དབྱེ་བ་གསལ་བོ་ཡོད་པ། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ82.33ཡོད་པ་དེའི་ཁོངས་སུ་ཁྲོམ་གཞུང8ཡོད། སྤྱི་ལོ2014ལོར་ཐེམ་ཐོའི་མི་འབོར187189ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
安宁区
ཕྱི་ཡིག་གི་མིང་།
Anning District
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ཁྲོམ་གཞུང8
སྲིད་གཞུང་གནས་ཡུལ།
ཞི་ལུའུ་ཁྲོམ་གཞུང་གི་ཨན་ཉིང་ནུབ་ལམ་ཨང500བ།
ས་ཁོངས་ཁ་པར་ཨང་རྟགས།
0931
སྦྲག་སྲིད་ཨང་རྟགས།
730070
གནས་ཡུལ།
ལན་ཀྲོའུ་གྲོང་ཁུལ་གྱི་རྨ་ཆུའི་བྱང་ངོགས་དང་། ཁྲེང་ཀོན་ཆུས་ཀྱི་ནུབ་བྱང་རྒྱུད་།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ82.33ཡོད།
མི་གྲངས།
མི187189ཡོད།
ནམ་ཟླ།
སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
ཀན(甘)A
སྲིད་འཛིན་ཚབ་ཨང་།
46500
1 ངོ་སྤྲོད།

ཨན་ཉིང་ཆུས་ནི་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་ཤིག་ཡིན་པ་དང་། ཀན་སུའུ་ཞིང་ཆེན་གྱི་དབུས་རྒྱུད་དང་། ལན་ཀྲོའུ་གྲོང་ཁྱེར་གྱི་ནུབ་འདབས་དང་རྨ་ཆུའི་བྱང་ངོས་སུ་གནས་ཡོད། ས་བབ་བྱང་མཐོ་ལ་ལྷོ་དམའ་ཞིང་། སྐམ་སའི་རང་བཞིན་གྱི་གནམ་གཤིས་མངོན་གསལ་དོད་པ་དང་དུས་བཞིའི་དབྱེ་བ་གསལ་བོ་ཡོད་པ། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ82.33ཡོད་པ་དེའི་ཁོངས་སུ་ཁྲོམ་གཞུང8ཡོད། སྤྱི་ལོ2014ལོར་ཐེམ་ཐོའི་མི་འབོར187189ཡོད།

སྤྱི་ལོ2014ལོར་ཨན་ཉིང་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར135.34ཟིན་པ་དེ་དུས་མཚུངས་ལས11.62%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.34ཟིན་པ་དེ་དུས་མཚུངས་ལས5.99%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར73.19ཟིན་པ་དེ་དུས་མཚུངས་ལས9.09%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར61.81ཟིན་པ་དེ་དུས་མཚུངས་ལས15.64%འཕར་ཡོད།

2 ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ38པའི(སྤྱི་ལོ1949ལོའི་ཟླ8པའི་ཚེས26ཉིན། ཨན་ཉིང་བཅིངས་འགྲོལ་བཏང་བ་དང་། ཧྲི་ལི་ཏེན་དང་ཁུང་ཅ་ཡ་ནི་སྔར་བཞིན་ཁུལ་དྲུག་པའི་ཁོངས་སུ་གཏོགས།    

སྤྱི་ལོ1953ལོའི་ཟླ3པར། ལན་ཀྲོའུ་གྲོང་ཁྱེར་གྱི་ཁུལ་བདུན་པ(ཁོའོ་རིམ་པ)བཙུགས།

སྤྱི་ལོ1955ལོར། ལན་ཀྲོའུ་གྲོང་ཁྱེར་གྱི་ཆུས་བདུན་པ་ནི་ལན་ཀྲོའུ་གྲོང་ཁྱེར་ཨན་ཉིང་ཆུས(རྫོང་རིམ་པ)ཞེས་པར་བསྒྱུར་ཡོད།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོའི་ཟླ8པར་ཨན་ཉིང་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང8ཡོད་པ་དང་། ཆུས་མི་དམངས་སྲིད་གཞུང་ནི་ཞི་ལུའུ་ཁྲོམ་གཞུང་གི་ཨན་ཉིང་ནུབ་ལམ་ཨང500བ་རུ་བཅའ་སྡོད་བྱས་ཡོད།

4 གནས་ཡུལ།

ཨན་ཉིང་ཆུས་ནི་ལན་ཀྲོའུ་གྲོང་ཁྱེར་གྱི་རྨ་ཆུའི་བྱང་ངོགས་སུ་གནས་ཡོད་པ་དང་། ལན་ཀྲོའུ་གྲོང་ཁྱེར་གྱི་ནུབ་བྱང་ཉེ་འདབས་ཡིན། ཤར་གྱི་གཞུང་ཐིག103°34ནས103°47དང་བྱང་གི་འཕྲེད་ཐིག36°5ནས36°10’བར་ཡིན། ཤར་དུ་ཁུལ་དགུའི་ཐའེ་པའེ་ཐུའུ་ལིང་ཙིའི་ཐའེ་དང་པོ་ནས་ཁྲེང་ཀོན་ཆུས་དང་འབྲེལ་ཡོད། ནུབ་ཧུའུ་ཐོའུ་ཡ་དང་ཞི་ཀུའུ་ཆུས་དང་ཐག་ཉེ། ལྷོ་རུ་རྨ་ཆུ་དང་ཆི་ལི་ཧུ་ཆུས་དང་ཞི་ཀུའུ་ཆུས་དང་གཙང་བོར་ཁ་གཏད་དུ་གནས་ཡོད། བྱང་དུ་རི་ཚོགས་དང་ཡུས་ལན་རྫོང་དང་ས་མཚམས་འབྲེལ་ཡོད། ཤར་ནུབ་རིང་ཚད་ལ་སྤྱི་ལེ19.6ཡོད། ལྷོ་བྱང་ཞེང་ཚད་ལ་སྤྱི་ལེ2.7ནས7བར་ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ82.33ཡོད།

5 ནམ་ཟླ།

ཨན་ཉིང་ཆུས་ནི་སྐམ་ས་ཆེན་མོའི་ནང་སར་གནས་པ་དང་སྐམ་སའི་རང་བཞིན་གྱི་གནམ་གཤིས་མངོན་གསལ་དོད་པོ་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད8.9℃ཡིན། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི349.9ཟིན་ཡོད། ལོ་རེར་རླངས་པར་འགྱུར་ཚད་ཧའོ་སྨི1664.0ཡིན་པ་དང་། ལོ་རེར་ཉི་འོད་ཕོག་ཚད་ཆུ་ཚོད2476.4ཟིན་གྱི་ཡོད།

6 མི་གྲངས།

སྤྱི་ལོ2014ལོར་ཨན་ཉིང་ཆུས་ཀྱི་སྤྱིའི་དུད་ཚང63472ཡོད་པ་དང་། ཐེམ་ཐོའི་མི་གྲངས་བསྡོམས187189ཡོད་པའི་ནང་སྐྱེས་པ93024དང་བུད་མེད94165ཡོད། རྒྱུན་སྡོད་མི་འབོར་ཁྲི28.12ཡོད། སྤྱི་ལོ2014ལོར་ཆུས་ཡོངས་སུ་སྐྱེས་པའི་མི་འབོར1917ཡོད་པ་དང་། དེའི་ནང་སྐྱེས་པ985དང་། བུད་མེད932 སྐྱེས་ཚད་ཀྱི6.1%བཅས་ཡོད། རྐྱེན་ལམ་དུ་ཤོར་བའི་མི་འབོར665ཤི་ཚད་ཀྱི2.12%ཟིན་པ། མི་འབོར་རང་འཕེལ་བྱུང་ཚད་ཀྱི3.99ཡིན།

7 མི་རིགས།   

ཨན་ཉིང་ཆུས་ནི་རྒྱ་རིགས་འདུས་སྡོད་ཁུལ་ཞིག་ཡིན་ཞིང་། དེར་རྒྱ་རིགས་དང་། ཧུའེ་རིགས། སོག་རིགས། མན་ཇུ་རིགས། བོད་རིགས། ཁྲའོ་ཞན་རིགས། ཀྲོང་རིགས། ཞི་པོ་རིགས། ཏུང་ཞང་རིགས། ཧོར་རིགས། ཧོར་རིགས། མིའོ་རིགས། དབྱིས་རིགས། ཡའོ་རིགས། ཐུའུ་ཅ་རིགས། ཧ་སག་རིགས། ཁོར་ཁེ་ཙི་རིགས། ས་ལར་རིགས། ཨུ་རུ་སུ། པའོ་ཨན་རིགས། ཡུས་ཀུའུ། པུའུ་དབྱི། ཏ་ཝོར་རིགས། ལ་ཞི་རིགས། ཏུང་རིགས། ཝུའུ་ཁི་ལན་སོགས་མི་རིགས29ཡོད།

8 དཔལ་འབྱོར།

སྤྱི་ལོ2014ལོར། ཨན་ཉིང་ཆུས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར135.34ཟིན་པ་དེ་དུས་མཚུངས་ལས11.62%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.34ཟིན་པ་དེ་དུས་མཚུངས་ལས5.99%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར73.19ཟིན་པ་དེ་དུས་མཚུངས་ལས9.09%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར61.81ཟིན་པ་དེ་དུས་མཚུངས་ལས15.64%འཕར་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་ནི0.25:54.08:45.67ཡིན། མི་རེའི་ཆ་སྙོམསGDPསྒོར46500ཟིན་པ་དེ་དུས་མཚུངས་ལས18.3%འཕར་ཡོད།

9 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ1པོའི་ཚེས8ཉིན་ཨན་ཉིང་ཆུས་ཀན་སུའུ་ཞིང་ཆེན་རྫོང་ཁོངས་ཀྱི་འགྲན་རྩོད་ནུས་པ་ཆེ་བའི་རྫོང་བཅུ་དང་། ཐོན་ལས་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་པ་ཆེ་ཤོས་ལྡན་པའི་རྫོང་། སྤྱི་ཚོགས་འགན་སྲུང་གི་འགྲན་རྩོད་ནུས་པ་ཆེ་ཤོས་ལྡན་པའི་རྫོང་བཅས་སུ་བདམས།


དཔྱད་གཞིའི་ཡིག་ཆ།