ཅིན་ཁྲང་ནི་ཀན་སུའུ་ཞིང་ཆེན་ཁོངས་གཏོགས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། གནའ་བོའི་དར་གོས་ལམ་གྱི་མཚམས་ཚིགས་གྲོང་ཁྱེར་གལ་ཆེན་དང་རྨ་ནུབ་དོག་ལམ་གྱི་གྲོང་ཁྱེར་གཙོ་བོའི་གྲས་ཤིག་ཡིན་ལ། དེའི་ཁོངས་སུ་ཅིན་ཁྲོན་ཆུས་དང་ཡུང་ཁྲང་རྫོང་གཉིས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ9593ཡོད་པ་དང་སྤྱི་ལོ2017ལོར་རྒྱུན་སྡོད་མི་འབོར་ཁྲི46.86ཡོད།
སྤྱི་ལོ2011ལོར། “རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར”གྱི་མཚན་སྙན་ཐོབ། སྤྱི་ལོ2014ལོའི་ཟླ1པོར་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས“རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར”ཞེས་མིང་བཏགས་ཡོད། སྤྱི་ལོ2015ལོར། རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་དུ་གྱུར་ཡོད། དུས་མཚུངས་སུ་ཅིན་ཁྲང་ནི་ཁག་དང་པོའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཡིན།
སྤྱི་ལོ1949ལོའི་ཟླ9བར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ཡུང་ཁྲང་བཅིངས་འགྲོལ་བཏང་། ཟླ9བའི་ཚེས23ཉིན། ཡུང་ཁྲང་རྫོང་མི་དམངས་སྲིད་གཞུང་བཙུགས་ནས་ཝུའུ་ཝུའེ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1955ལོའི་ཟླ4བར་ཡུང་ཁྲང་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་དུ་བསྒྱུར།
སྤྱི་ལོ1956ལོའི་ཟླ3པར་ཀྲང་ཡེ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས།
སྤྱི་ལོ1961ལོའི་ཟླ12པར་ཝུའུ་ཝེ་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་བསྒྱུར།
སྤྱི་ལོ1968ལོའི་ཟླ5བར་ཡུང་ཁྲང་རྫོང་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། ཝུའུ་ཝེ་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས།
སྤྱི་ལོ1980ལོའི་ཟླ12པར། ཡུང་ཁྲང་རྫོང་མི་དམངས་སྲིད་གཞུང་སླར་གསོ་བྱས་ཏེ། ཝུའུ་ཝེ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡིས་བདག་སྐྱོང་བྱས།
སྤྱི་ལོ1962ལོའི་ཟླ5བར་ཅིན་ཁྲོན་གྲོང་རྡལ་བཙུགས།
སྤྱི་ལོ1985ལོའི་ཟླ6པར་ཅིན་ཁྲོན་ཆུས་ཀུང་ཧྲུའུ་མེད་པར་བཟོས་ནས་ཆུས་མི་དམངས་སྲིད་གཞུང་འཛུགས་རྒྱུར་གྲ་སྒྲིག་བྱས།
སྤྱི་ལོ2018ལོའི་ཟླ10བར་ཅིན་ཁྲང་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཅིན་ཁྲོན་ཆུས་དང་ཡུང་ཁྲང་རྫོང་གཉིས་ཡོད་པ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཅིན་ཁྲོན་ཆུས་ཞིན་ཧྭ་ལམ་གྱི་ཨང82པ་རུ་བཅའ་སྡོད་བྱས་ཡོད།
ཅིན་ཁྲང་གྲོང་ཁྱེར་ནི་ཤར་གྱི་གཞུང་ཐིག101°04′35″—102°43′40″དང་བྱང་གི་འཕྲེད་ཐིག 37°47′10″—39°00′30″བར་དང་། ཀན་སུའུ་ཞིང་ཆེན་རྨ་ནུབ་དོག་ལམ་གྱི་ཤར་ངོས་དང་མདོ་ལ་རི་བོའི་བྱང་འདབས། ཨ་ལ་ཧྲན་ཐའེ་ས་ཁུལ་གྱི་ལྷོ་ངོས་སུ་གནས་ཡོད། བྱང་ཤར་ནི་མིན་ཆིན་རྫོང་དང་འབྲེལ་ཡོད། ཤར་ལྷོ་ནི་ཝུའུ་ཝེ་གྲོང་ཁྱེར་ཕན་ཚུན་བརྟེན་ཞིང་། ལྷོ་ཕྱོགས་སུའུ་ནན་ཡུའུ་ཀུའུ་རིགས་རང་སྐྱོང་རྫོང་དང་འབྲེལ་བ། ལྷོ་ནུབ་དང་མཚོ་སྔོན་ཞིང་ཆེན་གྱི་མུན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དང་འབྲེལ་ཡོད། ནུབ་ཏུ་ཀྲང་ཡན་གྲོང་ཁྱེར་གྱི་ཧྲན་ཏན་དང་མེན་ལེ་རྫོང་དང་ས་མཚམས་འབྲེལ་བ་དང་། ནུབ་བྱང་ནང་སོག་རང་སྐྱོང་ལྗོངས་ཨ་ལ་ཧྲན་ཡིའུ་ཆི་དང་ས་མཚམས་འབྲེལ་ཡོད། ཅིན་ཁྲང་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཅིན་ཁྲོན་དུ་བཅའ་སྡོད་བྱས་ཡོད་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ9593ཟིན་ཡོད།
ཅིན་ཁྲང་ནི་སྐམ་སའི་རང་བཞིན་གྱི་དྲོད་ཁུལ་གྱི་ཐན་སྐམ་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ཉི་འོད་འདང་ངེས་དང་། གནམ་གཤིས་སྐམ་ཤས་ཆེ་བ། ལོ་ཧྲིལ་པོར་ནུབ་བྱང་གི་རླུང་མང་། ཉིན་མཚན་དང་དུས་བཞིའི་དྲོད་ཚད་ཧེ་བག་ཆེ་ཙམ་ཡོད་པ་དང་སད་རྒྱག་པའི་དུས་ཡུན་རིང་བ། དཔྱིད་དུས་ལྷགས་པ་ཆེན་པོ་ཡོད། མངའ་ཁོངས་ནང་གི་དྲོད་ཚད་ནི་བྱང་མཐོ་ལ་ལྷོ་དམའ་ཞིང་ཆར་ཆུ་ཉུང་བ་བཅས་ཡིན།
སྤྱི་ལོ2018ལོར་གྲོང་ཁྱེར་དེ་ཡོངས་ཀྱི་རྒྱུན་སྡོད་མི་འབོར་ཁྲི46.86ཟིན་པ་དང་། ཕྲུ་གུ་སྐྱེ་ཚད་ཀྱི7.89‰དང་། ཤི་ཚད་ཀྱི5.12‰ མི་འབོར་རང་ཤུགས་སུ་འཕར་ཚད་ཀྱི2.77‰ རྒྱུན་སྡོད་མི་འབོར་ཁྲོད་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི33.02ཟིན་ཡོད། གྲོང་གསེབ་ཀྱི་མི་འབོར་ཁྲི13.84ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་ཀྱི70.47%བཅས་ཟིན་ཡོད།
སྤྱི་ལོ2018ལོར་གྲོང་ཁྱེར་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར264.24ཟིན་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས8.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར19.09ཟིན་ནས6.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར143.92ཟིན་ནས10.5%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར101.22ཟིན་ནས6.8%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གྲུབ་ཚུལ་གྱི་བསྡུར་ཚད་ནི7.2:54.5:38.3ཡིན། མི་རེའི་ཆ་སྙོམས་ཀྱིGDPསྒོར56353(ཨ་སྒོར་8516ལ་ཕབ་ན)ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི9འཕར་ཡོད།
སྤྱི་ལོ2018ལོའི་ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གྱི་ཕུལ་བྱུང་གྲོང་ཁྱེར་བརྒྱ་དང་། རྒྱལ་ཡོངས་གྲོང་ཁྱེར་གྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྲུན་ཚོད་ལྟའི་གྲོང་ཁྱེར། ཁག་བཞི་བའི་ཀྲུང་དབྱང་ནོར་སྲིད་ཀྱིས་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་པའི་ཚོད་ལྟའི་ས་ཁུལ། “སྤྱི་ལོ2019ལོར་ཀྲུང་གོའི་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་སྟོན་གྲངས”ཞེས་པའི་མིང་གྲལ་ཨང97པ་བཅས་སུ་བདམས་ཡོད།