ཅིན་ཁྲོན་ཆུས།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-06-28 16:02ལ་འགྲུབ།

ཅིན་ཁྲོན་ཆུས།

ཅིན་ཁྲོན་ཆུས།
ཅིན་ཁྲོན་ཆུས་ནི་ཅིན་ཁྲང་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཤིག་ཡིན་པ་དང་། ཀན་སུའུ་ཞིང་ཆེན་རྨ་ནུབ་དོག་ལམ་གྱི་ཤར་སྣེར་ཆགས་ཡོད་པ་དང་། ཅིན་ཁྲང་གྲོང་ཁྱེར་གྱི་བྱང་རྒྱུད་དང་། ལུང་ཧྲོའུ་ཧྲན་གྱི་བྱང་འདབས། ཨ་ལ་ཧྲན་ཐའེ་ས་ཁུལ་གྱི་ལྷོ་མཐའ་བཅས་སུ་གནས་ཡོད། ཤར་གཞུང་ཐིག101°34′41″-102°34′26″དང་ཕྲེད་ཐིག་བྱང་མའི38°21′30″-39°00′30″བར་གནས་ཡོད། བྱང་དང་ཤར་ནི་མིན་ཆིང་རྫོང་དང་འབྲེལ་ཡོད། ལྷོ་ཡུང་ཁྲང་རྫོང་དང་ཐག་ཉེ། ནུབ་བྱང་ནང་སོག་རང་སྐྱོང་ལྗོངས་ཨ་ལ་ཧྲན་ཡིའུ་ཆི་དང་འབྲེལ་ཞིང་། ནུབ་་ཧྲན་ཏན་རྫོང་དང་ས་མཚམས་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེགྲུ་བཞི་མ3019.14ཟིན་ཡོད། ཅིན་ཁྲོན་ཆུས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ2དང་། ཁྲོམ་གཞུང6 སྲིད་འཛིན་གྲོང་ཚོ27 གྲོང་ཁྱེར་སྡེ་ཁུལ16 གྲོང་གསེབ་སྡེ་ཁུལ27བཅས་ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར། ཅིན་ཁྲོན་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི23.38ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金川区
ཕྱི་ཡིག་གི་མིང་།
JinChuan District
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ཞིང་ཆེན།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
གྲོང་རྡལ2 ཁྲོམ་གཞུང6
སྲིད་གཞུང་གནས་ཡུལ།
པིན་ཧུ་ལམ་གྱི་ཁྲོམ་གཞུང་གི་པེ་ཅིང་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0935
སྦྲག་སྲིད་ཨང་རྟགས།
737100
གནས་ཡུལ།
རྨ་ནུབ་དོག་ལམ་གྱི་དབུས་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ3019.14ཡོད།
མི་གྲངས།
མི་ཁྲི23.38ཡོད།
ནམ་ཟླ།
སྐམ་སའི་རང་བཞིན་གྱི་དྲོད་ཁུལ་ཐན་སྐམ་ནམ་ཟླ།
གནམ་གྲུ་ཐང་།
ཅིན་ཁྲང་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཅིན་ཁྲང་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ཀན(甘)C
སྲིད་འཛིན་ཚབ་ཨང་།
620302
1 ངོ་སྤྲོད།

ཅིན་ཁྲོན་ཆུས་ནི་ཅིན་ཁྲང་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཤིག་ཡིན་པ་དང་། ཀན་སུའུ་ཞིང་ཆེན་རྨ་ནུབ་དོག་ལམ་གྱི་ཤར་སྣེར་ཆགས་ཡོད་པ་དང་། ཅིན་ཁྲང་གྲོང་ཁྱེར་གྱི་བྱང་རྒྱུད་དང་། ལུང་ཧྲོའུ་ཧྲན་གྱི་བྱང་འདབས། ཨ་ལ་ཧྲན་ཐའེ་ས་ཁུལ་གྱི་ལྷོ་མཐའ་བཅས་སུ་གནས་ཡོད། ཤར་གཞུང་ཐིག101°34′41″-102°34′26″དང་ཕྲེད་ཐིག་བྱང་མའི38°21′30″-39°00′30″བར་གནས་ཡོད། བྱང་དང་ཤར་ནི་མིན་ཆིང་རྫོང་དང་འབྲེལ་ཡོད། ལྷོ་ཡུང་ཁྲང་རྫོང་དང་ཐག་ཉེ། ནུབ་བྱང་ནང་སོག་རང་སྐྱོང་ལྗོངས་ཨ་ལ་ཧྲན་ཡིའུ་ཆི་དང་འབྲེལ་ཞིང་། ནུབ་་ཧྲན་ཏན་རྫོང་དང་ས་མཚམས་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེགྲུ་བཞི་མ3019.14ཟིན་ཡོད། ཅིན་ཁྲོན་ཆུས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ2དང་། ཁྲོམ་གཞུང6 སྲིད་འཛིན་གྲོང་ཚོ27 གྲོང་ཁྱེར་སྡེ་ཁུལ16 གྲོང་གསེབ་སྡེ་ཁུལ27བཅས་ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར། ཅིན་ཁྲོན་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི23.38ཟིན་ཡོད།    

སྤྱི་ལོ2018ལོར། ཅིན་ཁྲོན་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར191.14མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་རྒྱག་རྒྱུ། ལོ་གོང་མ་ལས་བརྒྱ་ཆའི9.4འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར4.68ཟིན་ནས6.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར124.84ཡིན་པས10.6%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར61.62ཟིན་ནས6.6%འཕར་ཡོད། སྤྱི་ལོ2020ལོར་ཀྲུང་གོའི་དབྱར་དུས་སྤྲོ་གསེང་རྫོང་གྲོང་ཁྱེར་བརྒྱ་རུ་ཚུད་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1950ལོའི་ཟླ10བར་བཅིངས་འགྲོལ་བཏང་རྗེས་སྔར་བཞིན་ལམ་ལུགས་རྙིང་པ་ལྟར་བརྒྱུད་བཞིན་ཡོད་པ་དང་། སྤྱི་ལོ1953ལོར་ཏ་ཅིན་རྫོང་ཞེས་མིང་བསྒྱུར།

སྤྱི་ལོ1984ལོའི་ཟླ12པར། ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཅིན་ཁྲོན་ཆུས་འཛུགས་རྒྱུའི་ཆོག་མཆན་བཀོད།

སྤྱི་ལོ1996ལོར་ཅིན་ཁྲོན་ཆུས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ3077ཡོད་པ་དང་། མི་གྲངས་ཁྲི17.8ཡོད། དེའི་ཁོངས་སུ་ཁྲོམ་གཞུང6དང་ཡུལ་ཚོ2གཏོགས་ཡོད།

སྤྱི་ལོ2000ལོའི་ཟླ3པའི་ཚེས18ཉིན། ཅིན་ཁྲོན་ཆུས་ཀྱི་ཁོངས་སུ་ཁྲོམ་གཞུང6དང་གྲོང་རྡལ2ཡོད།

སྤྱི་ལོ2000ལོར་མི་འབོར་ཡོངས་བཤེར་ཐེངས་ལྔ་པ་བྱས་པ་དང་ཆུས་ཡོངས་ཀྱི་རྒྱུན་སྡོད་མི་འབོར204902ཡོད།

སྤྱི་ལོ2008ལོའི་ལོ་མཇུག་ཏུ་ཆུས་ཡོངས་སུ་གྲོང་རྡལ2དང་སྲིད་འཛིན་གྲོང་ཚོ27ཡོད། གྲོང་མིའི་ཚོགས་ཆུང164ཡོད་པ་དང་གྲོང་གསེབ་ཀྱི་དུད་ཚང་ཁྲི1.27དང་མི་ཁྲི4.71(གྲོང་ཁུལ་གྱི་གྲངས་གཞི་ཚུད་མེད་པ)ཡོད།

སྤྱི་ལོ2010ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པ་བྱས་པ་དང་། ཅིན་ཁྲོན་ཆུས་ཀྱི་རྒྱུན་སྡོད་མི་འབོར228561ཡོད།

སྤྱི་ལོ2010ལོར་མི་འབོར་ཡོངས་བཤེར་ཐེངས་དྲུག་པའི་ཐོག་ཅིན་ཁྲོན་ཆུས་ཀྱི་རྒྱུན་སྡོད་མི་གྲངས་བསྡོམས་འབོར228561ཟིན་ཡོད།

སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2012ལོར་ཅིན་ཁྲོན་ཆུས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ2དང་། ཁྲོམ་གཞུང6 སྲིད་འཛིན་གྲོང་ཚོ27 གྲོང་ཁྱེར་སྡེ་ཁུལ16 གྲོང་གསེབ་སྡེ་ཁུལ27བཅས་ཡོད།

3 གནས་ཡུལ།

ཅིན་ཁྲོན་ཆུས་ནི་ཅིན་ཁྲང་གྲོང་ཁྱེར་གྱི་ཐད་སྐྱོང་ཆུས་ཤིག་ཡིན་པ་དང་། ཀན་སུའུ་ཞིང་ཆེན་རྨ་ནུབ་དོག་ལམ་གྱི་ཤར་སྣེར་ཆགས་ཡོད་པ་དང་། ཅིན་ཁྲང་གྲོང་ཁྱེར་གྱི་བྱང་རྒྱུད་དང་། ལུང་ཧྲོའུ་ཧྲན་གྱི་བྱང་འདབས། ཨ་ལ་ཧྲན་ཐའེ་ས་ཁུལ་གྱི་ལྷོ་མཐའ་བཅས་སུ་གནས་ཡོད། ཤར་གཞུང་ཐིག101°34′41″-102°34′26″དང་ཕྲེད་ཐིག་བྱང་མའི38°21′30″-39°00′30″བར་གནས་ཡོད། བྱང་དང་ཤར་ནི་མིན་ཆིང་རྫོང་དང་འབྲེལ་ཡོད། ལྷོ་ཡུང་ཁྲང་རྫོང་དང་ཐག་ཉེ། ནུབ་བྱང་ནང་སོག་རང་སྐྱོང་ལྗོངས་ཨ་ལ་ཧྲན་ཡིའུ་ཆི་དང་འབྲེལ་ཞིང་། ནུབ་་ཧྲན་ཏན་རྫོང་དང་ས་མཚམས་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3019.14ཟིན་ཡོད།

4 ནམ་ཟླ།

ཅིན་ཁྲོན་ཆུས་ནི་སྐམ་སའི་རང་བཞིན་གྱི་དྲོད་ཁུལ་གྱི་ཐན་སྐམ་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ཆར་ཆུ་འབབ་ཚད་ཉུང་། འོད་ཕོག་ཚད་མང་བ། རླངས་པར་འགྱུར་ཚད་ཆེ། ཉིན་མཚན་དང་དུས་བཞིའི་དྲོད་ཁྱད་མངོན་གསལ་ཡིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད9.4℃ཡིན། ལོ་རེར་ཉི་འོད་ཕོག་ཚད་བརྒྱ་ཆའི67ཟིན་པ། ལོ་རེར་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི119.5ཟིན་པ་དང་མང་ཆེ་བ་ཟླ6པ་ནས་ཟླ8པའི་བར་ཡིན། ལོ་རེར་རླངས་པར་འགྱུར་ཚད་ཧའོ་སྨི2722ཡིན་པ་དང་། ལོ་རེར་སད་མེད་དུས་ཉིན170ཡིན།

5 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཅིན་ཁྲོན་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི23.38ཟིན་པ་དང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི21.06ཟིན་པ་དེས་རྒྱུན་སྡོད་མི་འབོར་གྱི་བསྡུར་ཚད་ཀྱི90.08%བཟུང་བ། རྐྱེན་ལམ་དུ་ཤོར་བའི་མི་འབོར1136ཡོད་པ་དང་ཤི་ཚད་ཀྱི4.86%ཡིན་པ་དང་ཤི་ཚད་ལོ་གོང་མ་ལས་སྟོང་ཆའི0.13འཕར་བ། རང་བྱུང་འཕར་ཚད་ནི3.11.3ཡིན།

6 མི་རིགས།

སྤྱི་ལོ2012ལོར་ཅིན་ཁྲོན་ཆུས་སུ་རྒྱ་རིགས་དང་། ཧུའེ་རིགས། བོད་རིགས། མན་ཇུ་རིགས། སོག་རིགས། ཁྲའོ་ཞན་རིགས། ཀྲོང་རིགས། ཧོར་རིགས། ཡུས་ཀུའུ་རིགས། ཐུའུ་ཅ་རིགས། ཧ་ཉི་རིགས། མུའུ་ལའོ་རིགས། ཏུང་རིགས། ལི་སུའུ་རིགས། ཡའོ་རིགས། མོན་པ་རིགས། ཡུ་གུར་རིགས། ཧ་སག་རིགས། ཏ་ཝོར་རིགས་སོགས་མི་རིགས27ཡོད།

7 དཔལ་འབྱོར།

སྤྱི་ལོ2018ལོར། ཅིན་ཁྲོན་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར191.14མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་རྒྱག་རྒྱུ། ལོ་གོང་མ་ལས་བརྒྱ་ཆའི9.4འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར4.68ཟིན་ནས6.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར124.84ཡིན་པས10.6%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར61.62ཟིན་ནས6.6%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གྲུབ་ཚུལ་གྱི་བསྡུར་ཚད་ནི3:65:32ཡིན།

8 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ7པར་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྟོབས་ཆེའི་རྫོང་གི་ལས་གྲྭའི་ཚོད་ལྟའི་རྫོང(ཆུས)གི་མིང་ཐོར་བདམས།    

སྤྱི་ལོ2020ལོའི་ཟླ1པོའི་ཚེས8ཉིན་ཀན་སུའུ་ཞིང་ཆེན་རྫོང་ཁོངས་ཀྱི་འགྲན་རྩོད་ནུས་པ་ཆེ་བའི་རྫོང་བཅུའི་ནང་བདམས།    

སྤྱི་ལོ2019ལོའི་ཟླ11པའི་ཚེས25ཉིན་ཞིང་ཆེན་རིམ་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་ཁག་དང་པོར་བདམས།    

སྤྱི་ལོ2020ལོའི་ཟླ་བཞི་པར《འབྱོར་འབྲིང》དུས་དེབ་ཁང་གིས་རྒྱལ་ཁབ་ཀྱི་དབང་གྲགས་སྡེ་ཚན་དང་ཆེད་ལས་སྒྲིག་གཞི་མང་པོ་དང་མཉམ་དུ་སྤེལ་བའི“སྤྱི་ལོ2020ལོའི་ཀྲུང་གོའི་དབྱར་དུས་སྤྲོ་གསེང་རྫོང་གྲོང་ཁྱེར་བརྒྱ”ཡི་མིང་ཐོའི་ནང་བདམས།

སྤྱི་ལོ2020ལོར་ཀྲུང་གོའི་ཆུ་གཙང་མའི་རྫོང་གྲོང་བརྒྱ་རུ་ཚུད་ཡོད།ལོ་དེའི་ཟླ5བའི་ཚེས26ཉིན་ཀན་སུའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས“སྤྱི་ལོ2019ལོའི་ལོ་འཁོར་གྱི་ཀན་སུའུ་ཞིང་ཆེནETCའགྲེམས་སྤེལ་ཞབས་ཞུའི་ལས་དོན་གྱི་སྔོན་ཐོན་རྫོང”ལ་བདམས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཅིན་ཁྲོན་ཆུས། མི་གྲངས། དཔལ་འབྱོར།