པའེ་ཡིན་ནི་ཀན་སུའུ་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཀན་སུའུ་ཞིང་ཆེན་གྱི་དབུས་རྒྱུད་དང་། ས་སེར་མཐོ་སྒང་དང་ཐེང་ཀེ་ལི་བྱེ་ཐང་གི་བར་བརྒལ་ས་ཁུལ་དུ་གནས་ཡོད། མངའ་ཁོངས་ནང་གི་མང་ཆེ་བ་རི་ཁུལ་ཡིན་པ་དང་། རི་ཁུལ་དང་ལུང་ཡངས་བདེ་ཐང་གཉིས་མཉམ་དུ་གནས་ཡོད། དྲོད་ཁུལ་གྱི་ཕྱེད་ཐན་ཁུལ་ནས་ཐན་ཁུལ་གྱི་བར་བརྒལ་ས་རྒྱུད་ཡིན། གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ21158.7ཟིན་པ་དང་དེའི་ཁོངས་གཏོགས་ཆུས2དང་རྫོང3ཡོད། སྤྱི་ལོ2018ལོའི་ལོ་མཇུག་བར་པའེ་ཡིན་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི173.42ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.49འཕར་ཡོད།
སྤྱི་ལོ2018ལོར་པའེ་ཡིན་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར511.6ཟིན་པ་དེ་དུས་མཚུངས་ལས6.1%འཕར་ཡོད།
སྤྱི་ལོ1949ལོའི་ཟླ8པ་དང་ཟླ9པར། ཧུའེ་ཉིང་དང་། ཅིན་ཡོན། ཅིན་ཐའེ་བཅས་རྫོང་གསུམ་སྔ་རྗེས་སུ་བཅིངས་འགྲོལ་བཏང་ནས་རྫོང་མི་དམངས་སྲིད་གཞུང་བཙུགས། ཧུའེ་ཉིན་དང་། ཅིན་ཡོན་ལི་ཏིན་ཞིའི་ཀྲོན་ཡོན་ཀུང་ཧྲུའུ་དང་། ཅིན་ཐའེ་རྫོང་ཁོངས་ཝུའུ་ཝེའི་ཀྲོན་ཡོན་ཀུང་ཧྲུའུ་བཅས་ཀྱི་འགན་ཁུར་གནང་།
སྤྱི་ལོ1956ལོའི་ཟླ1པོར་ཅིང་ཐའེ་རྫོང་ཏིང་ཞི་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་བཅུག ཟླ6པར་པའེ་ཡིན་གྲོང་ཁྱེར(རྫོང་རིམ་པ)བཙུགས།
སྤྱི་ལོ1958ལོའི་ཟླ4བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པའེ་ཡིན་རྫོང་རིམ་པའི་གྲོང་ཁྱེར་ནས་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་འཕར་བར་ཆོག་མཆན་བཀོད། དུས་མཚུངས་སུ་ཅིན་ཐའེ་རྫོང་དང་མཉམ་དུ་པིན་ལན་རྫོང་དུ་ཟླ་སྒྲིལ་བཏང་། ཟླ11པར་ཀན་སུའུ་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གིས་ཏིང་ཞི་ཀྲོན་ཡོན་ཀུང་ཧྲུའུ་ལ་པའེ་དབྱིན་གྲོང་ཁྱེར་གྱི་ཚབ་བྱས་ནས་དོ་དམ་བྱ་རྒྱུའི་མངགས་བཅོལ་བྱས། ཟླ12པར་ཧུའེ་ལན་རྫོང་མེད་པར་བཟོས་པ་དང་། ཧྲི་ཏུང་སིའི་བྱང་ཕྱོགས་ས་ཁུལ་པའེ་དབྱིན་གྲོང་ཁྱེར་ལ་དབང་།
སྤྱི་ལོ1960ལོའི་ཟླ11པར་ཅིན་ཡོན་རྫོང་པའེ་ཡིན་གྲོང་ཁྱེར་དུ་བགོས།
སྤྱི་ལོ1961ལོའི་ཟླ12པར། པིན་ལན་རྫོང་དང་། ཅིན་ཐའེ་རྫོང་གི་སྒྲིག་གཞི་སླར་གསོ་བྱས་པ་དང་། པའེ་ཡིན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
སྤྱི་ལོ1962ལོའི་ཟླ11པར་པའེ་ཡིན་གྲོང་ཁྱེར་ཉེ་འདབས་སུ་བཙུགས། དེ་ནས་བཟུང་པའེ་ཡིན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་རྫོང3དང་ཆུས1(ཅིང་ཡོན། ཅིང་ཐའེ། ཧུའེ་ལན། པའེ་ཡིན་གྲོང་ཁྱེར་གྱི་ཉེ་འདབས་ཁུལ)ཡིན།
སྤྱི་ལོ1963ལོའི་ཟླ10བའི་ཚེས23ཉིན་པའེ་ཡིན་གྲོང་ཁྱེར་ཕྱིར་འཐེན་བྱས་ཏེ། ཅིན་ཡོན་རྫོང་དེ་སྔའི་ཏིང་ཞི་ས་ཁུལ་དུ་བགོས་ཡོད་ཅིང་། ཅིན་ཐའེ་རྫོང་སྔར་བཞིན་ཝུའུ་ཝེ་ས་ཁུལ་དུ་ཡོད། པའེ་ཡིན་ཆུས་དང་པིན་ལན་རྫོང་གཉིས་ལན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།
སྤྱི་ལོ2016ལོའི་ལོ་མཇུག་ཏུ་པའེ་ཡིན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཁྱོན་བསྡོམས་ཡུལ་ཚོ33དང་། གྲོང་རྡལ36 ཁྲོམ་གཞུང་དོན་གཅོད་ཁྲུའུ9 སྡེ་ཁུལ100 གྲོང་མི་ཨུ་ཡོན་ལྷན་ཁང703བཅས་ཡོད།
པའེ་ཡིན་གྲོང་ཁྱེར་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཀན་སུའུ་ཞིང་ཆེན་དབུས་རྒྱུད་ཀྱི་ཐན་སྐམ་ས་ཁུལ་དུ་གནས་ཡོད་པ་དང་། ཤར་རྒྱུད་དེ་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྲུང་ཝུའེ་དང་། ཧའེ་ཡོན། ཞི་ཅི་རྫོང་བཅས་དང་ས་མཚམས་འབྲེལ་བ་དང་། ཤར་ལྷོ་ཕིང་ལེང་གྲོང་ཁྱེར་ཅིང་ཉིང་རྫོང་འབྲེལ་ཡོད། ལྷོ་དང་ལྷོ་ནུབ་རྒྱུད་ཏིན་ཞི་གྲོང་ཁྱེར་གྱི་ཐུང་ཝེ་རྫོང་། ཨན་ཏིན་ཆུས་དང་ས་མཚམས་འབྲེལ་བ། ནུབ་རྒྱུད་ལན་ཀྲོའུ་གྲོང་ཁྱེར་གྱི་ཡུས་ཀྲུང་དང་། ཡུས་ལན། ཡུང་ཏེང་རྫོང་བཅས་དང་འབྲེལ་ཡོད། ནུབ་བྱང་རྒྱུད་ནི་ཝུའུ་ཝེ་གྲོང་ཁྱེར་གྱི་དཔའ་རིས་དང་ཀུའུ་ལང་རྫོང་དང་འབྲེལ་ཞིང་། བྱང་དང་བྱང་ཤར་རྒྱུད་ནང་སོག་རང་སྐྱོང་ལྗོངས་ཨ་ལ་ཙུའོ་ཆི་དང་ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྲུང་ཝེ་རྫོང་དང་འབྲེལ་ཡོད། ས་ཁམས་མཚོན་རྟགས་ནི་ཤར་ཐིག103°33'-105°34'དང་བྱང་གི་འཕྲེད་ཐིག35°33'-37°38'བར་ཡིན། ཤར་ནུབ་ཀྱི་ཞེང་ཚད་ལ་སྟོང་སྨི147.75དང་ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི249.25དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ21158.7ཟིན་པ་དེས་ཀན་སུའུ་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི4.4%བཟུང་ཡོད།
པའེ་ཡིན་གྲོང་ཁྱེར་ནི་ཀྲུང་གོའི་ནམ་ཟླའི་ས་ཁོངས་སུ་དབུས་དྲོད་ཁུལ་དང་ཕྱེད་ཐན་སྐམ་ས་ཁུལ་གྱི་བར་བརྒལ་ས་ཁུལ་གྱི་ནམ་ཟླའི་ཁོངས་སུ་གཏོགས་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད6-9℃དང་། ལོ་རེར་ཆར་པ་འབབ་ཚད180-450བར་ཡིན།
སྤྱི་ལོ2018ལོའི་ལོ་མཇུག་བར་པའེ་ཡིན་གྲོང་ཁྱེར་གྱི་རྒྱུན་སྡོད་མི་འབོར་ཁྲི173.42ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.49འཕར་ཡོད། ལོ་ཧྲིལ་པོར་ཕྲུ་གུ་སྐྱེ་ཚད8.72%ཟིན་ནས་ལོ་གོང་མ་ལས1.83%ཆག་པ་དང་། ཤི་ཚད་བརྒྱ་ཆའི5.42ཡིན་པ་དང་། བརྒྱ་ཆའི0.02འཕར་བ། མི་འབོར་རང་ཤུགས་སུ་འཕར་ཚད་བརྒྱ་ཆའི3.3ཡིན་ཞིང་། བརྒྱ་ཆའི1.85མར་ཆག་ཡོད།
གྲོང་ཁྱེར་དེ་ཡོངས་ཀྱི་མི་འབོར་ནི་རྒྱ་རིགས་གཙོ་བོ་ཡིན་པ་དང་། ཐེན་རིགས། མོན་རིགས། ཏུང་ཞང་རིགས། བོད་སོགས་གྲངས་ཉུང་མི་རིགས36ཡོད། གྲངས་ཉུང་མི་རིགས་ཀྱི་མི་འབོར་བསྡོམས་གྲངས35207ཟིན་པ་དེས་གྲོང་ཁྱེར་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་བརྒྱ་ཆའི2.1ཟིན་ཡོད།
སྤྱི་ལོ2018ལོར་པའེ་ཡིན་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར511.6ཟིན་པ་དེ་དུས་མཚུངས་ལས6.1%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར69.27ཟིན་ནས6.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར213.71ཟིན་ནས7.6%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར228.62ཟིན་ནས4.7%འཕར་ཡོད། ཐོན་ལས་གྲུབ་ཆ་ཐེངས་གསུམ་གྱི་བསྡུར་ཚད་དེ་ལོ་གོང་མའི13.96:38.99:47.04ནས13.54:41.77:44.69བར་ལེགས་སྒྲིག་བྱས་ཡོད།
སྤྱི་ལོ2017ལོའི་ཟླ11པར་རྒྱལ་ཡོངས་ཀྱི་ལོ་ན་མ་སོན་པའི་མིའི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལས་དོན་གྱི་སྔོན་ཐོན་གྲོང་ཁྱེར(ཆུས)ལ་བདམས།
སྤྱི་ལོ2018ལོའི་ཟླ4བར“སྤྱི་ལོ2018ལོའི་ཀྲུང་གོའི་ཡུལ་སྐོར་དུ་བསྐྱོད་པའི་གྲོང་ཁྱེར་བརྒྱའི”གྲས་སུ་ཚུད།
སྤྱི་ལོ2018ལོའི་ཟླ11པར་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་གྲྭའི་རྐང་རྩེད་སྤོ་ལོའི་སྒྱུར་བཅོས་ཚོད་ལྟའི་ཁུལ་ནང་བཅུག་ཡོད།
སྤྱི་ལོ2018ལོའི་ཟླ12པའི་ཚེས7ཉིན་སྤྱི་ལོ2018ལོའི《ཡིད་དབང་འཕྲོག་པའི་ཀྲུང་གོའི་གྲོང་ཁྱེར》ཞེས་པའི་རིག་གནས་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་ཀྱི་མིང་ཐོའི་ནང་ཚུད།
སྤྱི་ལོ2019ལོའི་ཟླ8པའི་ཚེས13ཉིན་རྒྱལ་ཡོངས་ཀྱི་གྲོང་ཁྱེར་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པའི་ཚོད་ལྟའི་གྲོང་ཁྱེར་དུ་བདམས།
སྤྱི་ལོ2020ལོའི་ཟླ1པོར། “སྤྱི་ལོཀྲུང་གོའི་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་”ཁྱབ་བསྒྲགས་བྱས་པའི་སྟོན་གྲངས་གྲལ་ཨང154བ་རུ་ཚུད་ཡོད།