ཧོ་ཕིན།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-06-29 10:29ལ་འགྲུབ།

ཧོ་ཕིན།

ཧོ་ཕིན།
ཧོ་ཕིན་ནི་སྤྱི་ལོ1964ལོའི་ཟླ1པར་སི་ཁྲོན་ཆུས་ཞན་རྫོང་དུ་སྐྱེས། སྤྱི་ལོ1986ལོའི་ཟླ7པར་ལས་ཀར་ཞུགས་ཤིང་སྤྱི་ལོ1984ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་བཟོ་ཚོང་དོ་དམ་ཆེད་ལས་སུ་མཐར་ཕྱིན་ལ་ལས་ཐོག་བཟོ་ཚོང་དོ་དམ་གྱི་རབ་འབྱམས་པ་ཡིན། ད་ལྟ་སི་ཁྲོན་ཞིང་ཆེན་པ་ཀྲུང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་དང་ཧྲི་ཀྲང་བཅས་ཀྱི་འགན་བཞེས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
何平
སྐྱེས་ཡུལ།
སི་ཁྲོན།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1964ལོའི་ཟླ1པོ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
གློག་རྡུལ་ཚན་རྩལ་སློབ་གྲྭ་ཆེན་མོ།
1 ​མི་སྣའི་ལོ་རྒྱུས། 

སྤྱི་ལོ1982ལོའི་ཟླ9པ་ནས་སྤྱི་ལོ1986ལོའི་ཟླ7པའི་བར་ལྷོ་ནུབ་ནོར་དཔལ་སློབ་ཆེན་བསྡོམས་རྩིས་ཚན་ཁག་ཏུ་བསྡོམས་རྩིས་རིག་པའི་ཆེད་ལས་ལ་སློབ་སྦྱོང་བྱས་ཏེ་དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས།

སྤྱི་ལོ1987ལོའི་ཟླ12པ་ནས་སྤྱི་ལོ1988ལོའི་ཟླ9པའི་བར་ཆུས་ཞན་རྫོང་ཨུའི་རྩ་འཛུགས་པུའུ་ལོ་རྒྱུས་དཔྱད་ཡིག་རྩོམ་སྒྲིག་གཞུང་ལས་ཁང་དུ་བྱ་བར་ཞུགས།

སྤྱི་ལོ1988ལོའི་ཟླ9པ་ནས་སྤྱི་ལོ1990ལོའི་ཟླ7པའི་བར་ཆུས་ཞན་རྫོང་འཆར་འགོད་ཨུ་ཡོན་ལྷན་ཁང་དུ་བྱ་བར་ཞུགས།

སྤྱི་ལོ1990ལོའི་ཟླ7པ་ནས་སྤྱི་ལོ1994ལོའི་ཟླ1པོའི་བར་ཆུས་ཞན་རྫོང་ཏང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། དྲུང་ཡིག་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1995ལོའི་ཟླ5པ་ནས་སྤྱི་ལོ1996ལོའི་ཟླ8པའི་བར་ཆུས་ཞན་རྫོང་གྲོང་འདབས་ཁུལ་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ1996ལོའི་ཟླ8པ་ནས་སྤྱི་ལོ1999ལོའི་ཟླ12པའི་བར་ཆུས་ཞན་རྫོང་ཏང་ཨུའི་རྒྱུན་ཨུ་དང་ཧྲུའུ་ཅིའི་འགན་བཞེས(དེའི་རིང་སྤྱི་ལོ1996ལོའི་ཟླ8པ་ནས་སྤྱི་ལོ1996ལོའི་ཟླ11པའི་བར་ཆུས་ཞན་རྫོང་གྲོང་འདབས་ཁུལ་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས) 

སྤྱི་ལོ1999ལོའི་ཟླ12པ་ནས་སྤྱི་ལོ2002ལོའི་ཟླ11པའི་བར་ཏ་ཀྲོའུ་གྲོང་ཁྱེར་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས(དེའི་རིང་སྤྱི་ལོ1999ལོའི་ཟླ12པ་ནས་སྤྱི་ལོ2000ལོའི་ཟླ9པའི་བར་ཆུས་ཞན་རྫོང་ཨུའི་རྒྱུན་ཨུ་དང་སྒྲིག་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས། སྤྱི་ལོ2002ལོའི་ཟླ4པ་ནས་སྤྱི་ལོ2002ལོའི་ཟླ10བའི་བར་སི་ཁྲོན་ཞིང་ཆེན་ནོར་སྲིད་ལྟ་སྐུལ་ཞིབ་བཤེར་ཅུས་ཀྱི་ཅུའུ་ཀྲང་གཞོན་པའི་འགན་བཞེས) 

སྤྱི་ལོ2002ལོའི་ཟླ11པ་ནས་སྤྱི་ལོ2003ལོའི་ཟླ3པའི་བར་ཏ་ཀྲོའུ་གྲོང་ཁྱེར་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁའེ་ཅང་རྫོང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2003ལོའི་ཟླ3པ་ནས་སྤྱི་ལོ2005ལོའི་ཟླ1པོའི་བར་ཁའེ་ཅང་རྫོང་ཨུའི་ཧྲུའུ་ཅི་དང་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས(དེའི་རིང་སྤྱི་ལོ2004ལོའི་ཟླ3པ་ནས་སྤྱི་ལོ2004ལོའི་ཟླ7པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཨུའི་ཧྲུའུ་ཅིའི་འཛིན་གྲྭར་སློབ་སྦྱོང་གནང) 

སྤྱི་ལོ2005ལོའི་ཟླ1པོ་ནས་སྤྱི་ལོ2005ལོའི་ཟླ3པའི་བར་ཁའེ་ཅང་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2005ལོའི་ཟླ3པ་ནས་སྤྱི་ལོ2008ལོའི་ཟླ8པའི་བར་ཏ་ཀྲོའུ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས(དེའི་རིང་སྤྱི་ལོ2001ལོའི་ཟླ9པ་ནས་སྤྱི་ལོ2006ལོའི་ཟླ7པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་སྤྱིའི་ཆབ་སྲིད་ཆེད་ལས་སུ་ཞིབ་འཇུག་སློབ་མའི་བསླབ་གནས་ལ་འབད) 

སྤྱི་ལོ2008ལོའི་ཟླ8པ་ནས་སྤྱི་ལོ2012ལོའི་ཟླ8པའི་བར་ཏ་ཀྲོའུ་གྲོང་ཨུའི་རྒྱུན་ཨུ་ཧྲི་ཀྲང་གཞོན་པའི་འགན་བཞེས(དེའི་རིང་སྤྱི་ལོ2006ལོའི་ཟླ3པ་ནས་སྤྱི་ལོ2009ལོའི་ཟླ6པའི་བར་གློག་རྡུལ་ཚན་རྩལ་སློབ་ཆེན་དུ་དཔལ་འབྱོར་དང་དོ་དམ་གྱི་རབ་འབྱམས་པའི་བསླབ་གནས་ཐོབ) 

སྤྱི་ལོ2012ལོའི་ཟླ8པ་ནས་སྤྱི་ལོ2016ལོའི་ཟླ5པའི་བར་པ་ཀྲུང་གྲོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ5པའི་བར་གྲོང་ཁྱེར་གྱི་ལས་ཚབ་ཧྲི་ཀྲང་དང་གྲོང་ཁྱེར་གྱི་ཧྲི་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ1པོའི་བར་པ་ཀྲུང་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་གྱི་སྐབས་བཞི་པའི་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། ཧྲི་ཀྲང་བཅས་ཀྱི་འགན་བཞེས།

སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས།

2 ལས་གནས་བསྐོ་འཐེན།

སྤྱི་ལོ2016ལོའི་ཟླ11པའི་ཚེས28ཉིན་ཀྲུང་གོ་གུང་ཁྲན་ཏང་གི་པ་ཀྲུང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་སྐབས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཧོ་ཕིང་གྲོང་ཨུའི་ཧྲུའུ་ཅི་གཞོན་པར་བདམས།

སྤྱི་ལོ2017ལོའི་ཟླ1པོའི་ཚེས9ཉིན་པ་ཀྲུང་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཧོ་ཕིན་པ་ཀྲུང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་ལ་བདམས།

དཔྱད་གཞིའི་ཡིག་ཆ།