ལུང་ནན་གྲོང་ཁྱེར།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-06-28 16:02ལ་འགྲུབ།

ལུང་ནན་གྲོང་ཁྱེར།

ལུང་ནན་གྲོང་ཁྱེར།
ལུང་ནན་ནི་ཀན་སུའུ་ཞིང་ཆེན་ཁོངས་གཏོགས་ཀྱི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ(གྲོང་ཁྱེར)ཞིག་ཡིན་ལ། ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོའི་མཚམས་སུ་ཆགས་ཡོད་པ་དང་། ཤར་དུ་ཧྲན་ཞི་ཞིང་ཆེན་དང་འབྲེལ་ཞིང་། ལྷོ་སི་ཁྲོན་ཞིང་ཆེན་དང་འབྲེལ་ཡོད། མངའ་ཁོངས་སུ་ཝུའུ་ཏུའུ་ཆུས་དང་། ཁང་རྫོང་། ཝུན་རྫོང་། ཁྲེང་རྫོང་། ཧུའེ་རྫོང་། ལིང་ཏང་རྫོང་། ཞི་ཧོ་རྫོང་། ལི་རྫོང་། ཏན་ཁྲང་རྫོང་བཅས་ཆུས1དང་རྫོང8ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.79ཟིན་པ་དང་མི་འབོར་བསྡོམས་འབོར་ཁྲི288.16(སྤྱི་ལོ2018ལོར)ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
陇南
ཕྱི་ཡིག་གི་མིང་།
Longnan
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ཞིང་ཆེན།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
མངའ་ཁོངས།
ཝུའུ་ཏུའོ་ཆུས། ཁང་རྫོང་། ཝུན་རྫོང་། ཁྲེང་རྫོང་། ཧའེ་རྫོང་། ལིང་ཏང་རྫོང་། ལི་རྫོང་། ཞི་ཧུ་རྫོང་། ཡན་ཁྲང་རྫོང་།
སྲིད་གཞུང་གནས་ཡུལ།
ཝུའུ་ཏུའོ་ཆུས་ཅང་པེ་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0939
སྦྲག་སྲིད་ཨང་རྟགས།
746000
གནས་ཡུལ།
ཀན་སུའུ་ཞིང་ཆེན་ཤར་ལྷོའི་མཚམས་དང་། རང་བྱུང་ས་ཁམས་ཀྱི་ལྷོ་ཕྱོགས་ས་ཁུལ་།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ2.7923ཡོད།
མི་གྲངས།
ཁྲི288.16ཡོད།
ནམ་ཟླ།
ཚ་ཁུལ་ཕལ་བ་ནས་དྲོད་ཁུལ་གྱི་བར་བརྒལ་ཁུལ་དང་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ལུང་ནན་ཁྲེང་རྫོང་གནམ་གྲུ་ཐང་། ལུང་ནན་ཝུའུ་ཏུའོ་ཀུན་སྤྱོད་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ལུང་ནན་འབབ་ཚུགས། ལུང་ནན་ནུབ་ཚིགས། ཧྭ་ཏ་ཕོ་འབབ་ཚུགས། ཧུའེ་རྫོང་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ཀན(甘)K
1 ​ངོ་སྤྲོད།

ལུང་ནན་ནི་ཀན་སུའུ་ཞིང་ཆེན་ཁོངས་གཏོགས་ཀྱི་ས་ཁུལ་རིམ་པའི་སྲིད་འཛིན་ཁུལ(གྲོང་ཁྱེར)ཞིག་ཡིན་ལ། ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོའི་མཚམས་སུ་ཆགས་ཡོད་པ་དང་། ཤར་དུ་ཧྲན་ཞི་ཞིང་ཆེན་དང་འབྲེལ་ཞིང་། ལྷོ་སི་ཁྲོན་ཞིང་ཆེན་དང་འབྲེལ་ཡོད། མངའ་ཁོངས་སུ་ཝུའུ་ཏུའུ་ཆུས་དང་། ཁང་རྫོང་། ཝུན་རྫོང་། ཁྲེང་རྫོང་། ཧུའེ་རྫོང་། ལིང་ཏང་རྫོང་། ཞི་ཧོ་རྫོང་། ལི་རྫོང་། ཏན་ཁྲང་རྫོང་བཅས་ཆུས1དང་རྫོང8ཡོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི2.79ཟིན་པ་དང་མི་འབོར་བསྡོམས་འབོར་ཁྲི288.16(སྤྱི་ལོ2018ལོར)ཡོད།

ལུང་ནན་ནི་ཆིན་པ་རི་ཁུལ་དང་། ས་སེར་མཐོ་སྒང་། མཚོ་བོད་མཐོ་སྒང་བཅས་ཀྱི་འབྲེལ་མཚམས་སུ་གནས་ཡོད་པ་དང་། རི་མཐོ་གཡང་གཟར་དང་གྲོག་རོང་གཤོངས་སའི་བར་གྱི་རྙོག་འཛིང་ཆེ་བའི་ས་དབྱིབས་ཆགས་ཡོད། གནམ་གཤིས་ནི་ཚ་ཁུལ་བྱང་མ་ནས་དྲོད་ཁུལ་གྱི་བར་བརྒལ་ཁུལ་དུ་གཏོགས་པ་ཡིན། ཐད་ཀའི་ཁྱབ་ཚུལ་མངོན་གསལ་དོད་པ་ནི་ཀན་སུའུ་ཞིང་ཆེན་ཁོ་ནར་ཡོད་པའི་འབྲི་ཆུའི་འབབ་རྒྱུད་དང་ཚ་ཁུལ་ཕལ་བའི་གནམ་གཤིས་ཁུལ་ཞིག་ཡིན། ལུང་ནན་གྱི་ས་བབ་ལྟ་ན་སྡུག་པ་དང་། གནམ་གཤིས་ལེགས་པ། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པ། ནགས་ཚལ་ཁྱབ་ཚད་ཀྱི41.87%(སྤྱི་ལོ2017ལོར)ཟིན་ཡོད་པ་དང་། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ3དང་། ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ7 རྒྱལ་ཁབ་ནགས་ཚལ་སྤྱི་གླིང4 རྒྱལ་ཁབ་འདམ་རའི་སྤྱི་གླིང2 དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་ཀན་སུའུ་གླིང་བཅས་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1913ལོར་ཅི་ཀྲོའུ་ཀྲི་ལི་ཀྲོའུ་ཝུའུ་ཏུའུ་རྫོང་དུ་བསྒྱུར།

སྤྱི་ལོ1949ལོའི་ཟླ12པའི་ཚེས9ཉིན། ཝུའུ་ཏུའུ་འོས་ལངས་ཀྱིས་ཀན་སུའུ་མངའ་ཁོངས་ཡོངས་རྫོགས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས།

སྤྱི་ལོ1951ལོའི་ཟླ4བར། ཝུའུ་ཏུའུ་ཁུལ་གྱི་སྲིད་འཛིན་ཀྲོན་ཡོན་ཀུང་ཧྲུའུ་ལ་ཝུའུ་ཏུའུ་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཞེས་མིང་བསྒྱུར།

སྤྱི་ལོ1954ལོར་ཞི་ཀུའུ་རྫོང་དབྱི་ཁྲང་དུ་སྤོས།

སྤྱི་ལོ1955ལོའི་ཟླ2པར་ཝུའུ་ཏུའུ་ཆུས་ཀྱི་ཀྲོན་ཡོན་ཀུང་ཧྲུའུ་ཡི་མིང་ཝུའུ་ཏུའུ་ཀྲོན་ཡོན་ཀུང་ཧྲུའུ་ཞེས་པར་བསྒྱུར།

སྤྱི་ལོ2004ལོའི་ཟླ1པོར་ལུང་ནན་ས་ཁུལ་དང་ཝུའུ་ཏུའུ་རྫོང་མེད་པར་བཟོས་ཏེ། ས་ཁུལ་རིམ་པའི་ལུང་ནན་གྲོང་ཁྱེར་བཙུགས་པ་དང་། ལུང་ནན་གྲོང་ཁྱེར་དུ་ཝུའུ་ཏུའུ་ཁུལ་བཙུགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོའི་ཟླ3པར་ལུང་ནན་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གྲོང་ཁྱེར་ཁོངས་གཏོགས་ཆུས1དང་། རྫོང8 གྲོང་ཁྱེར་ཡོངས་སུ་ཁྱོན་བསྡོམས་ཁྲོམ་གཞུང་དོན་གཅོད་ཁྲུའུ4 གྲོང་རྡལ140 ཡུལ་ཚོ55ཡོད་པ་དང་དེའི་ནང་མི་རིགས་ཡུལ་ཚོ4ཡོད། སྲིད་འཛིན་གྲོང་ཚོ3167 སྡེ་ཁུལ113བཅས་ཡོད།

4 གནས་ཡུལ།

ལུང་ནན་གྲོང་ཁྱེར་ནི་ཀན་སུའུ་ལྷོ་རྒྱུད་དུ་གནས་ཡོད། ཤར་གྱི་གཞུང་ཐིག104°01′19″ནས106°35′20″དང་བྱང་གི་འཕྲེད་ཐིག32°35′45″ནས34°32′00″བར་ཡིན། གྲོང་ཁྱེར་དེ་ཡོངས་ཀྱི་ཤར་ནུབ་རིང་ཚད་སྟོང་སྨི237ཙམ་ཡོད། ལྷོ་བྱང་ཞེང་ཚད་སྟོང་སྨི230.5ཙམ་ཡོད་པ་དང་། ས་ཞིང་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ27923ཡོད། ཀན་སུའུ་ཞིང་ཆེན་གྱི་རྒྱ་ཁྱོན་གྱི་བརྒྱ་ཆའི8.67ཟིན་ཡོད།

5 ནམ་ཟླ།

ལུང་ནན་ནི་ཆིན་པ་རི་ཁུལ་དང་། ས་སེར་མཐོ་སྒང་། མཚོ་བོད་མཐོ་སྒང་བཅས་ཀྱི་འབྲེལ་མཚམས་སུ་གནས་ཡོད་པ་དང་། རི་མཐོ་གཡང་གཟར་དང་གྲོག་རོང་གཤོངས་སའི་བར་གྱི་རྙོག་འཛིང་ཆེ་བའི་ས་དབྱིབས་ཆགས་ཡོད། གནམ་གཤིས་ནི་ཚ་ཁུལ་བྱང་མ་ནས་དྲོད་ཁུལ་གྱི་བར་བརྒལ་ཁུལ་དུ་གཏོགས་པ་ཡིན། ཐད་ཀའི་ཁྱབ་ཚུལ་མངོན་གསལ་དོད་པ་ནི་ཀན་སུའུ་ཞིང་ཆེན་ཁོ་ནར་ཡོད་པའི་འབྲི་ཆུའི་འབབ་རྒྱུད་དང་ཚ་ཁུལ་ཕལ་བའི་གནམ་གཤིས་ཁུལ་ཞིག་ཡིན།

6 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་ལུང་ནན་གྲོང་ཁྱེར་གྱི་མི་འབོར་བསྡོམས་འབོར་ཁྲི288.16ཟིན་པ་དང་། སྐྱེ་ཚད་ཀྱི12.25%དང་། ཤི་ཚད་ཀྱི7.66% མི་འབོར་རང་ཤུགས་སུ་འཕར་ཚད་ཀྱི4.62བཅས་ཡིན། རྒྱུན་སྡོད་མི་འབོར་ཁྲི263.43ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི89.57ཡོད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་ཀྱི34%ཟིན་ཡོད།

7 མི་རིགས།

ལུང་ནན་གྲོང་ཁྱེར་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན་ཞིང་། དེར་རྒྱ་རིགས་དང་། ཧུའེ་རིགས། བོད་རིགས། སོག་རིགས། དབྱིས་རིགས། ཀྲོང་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས་སོགས་ཡོད།

8 དཔལ་འབྱོར།

སྤྱི་ལོ2018ལོར་ལུང་ནན་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར379.23ཟིན་པ་དེ་དུས་མཚུངས་ལས5.8%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར71.03ཟིན་པ་དེ་དུས་མཚུངས་ལས3.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར74.60ཟིན་པ་དེ་དུས་མཚུངས་ལས4.7%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར233.59ཟིན་པ་དེ་དུས་མཚུངས་ལས6.8%འཕར་ཡོད།

9 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ཟླ4པར“སྤྱི་ལོ2018ལོའི་ཀྲུང་གོའི་ཡུལ་སྐོར་དུ་བསྐྱོད་པའི་གྲོང་ཁྱེར་བརྒྱའི”གྲས་སུ་ཚུད།


དཔྱད་གཞིའི་ཡིག་ཆ།