ལིན་ཞ་ཧུའེ་རིགས་རང་སྐྱོང་ཁུལ།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2020-06-29 16:26ལ་འགྲུབ།

ལིན་ཞ་ཧུའེ་རིགས་རང་སྐྱོང་ཁུལ།

ལིན་ཞ་ཧུའེ་རིགས་རང་སྐྱོང་ཁུལ།
ལིན་ཞ(ཀ་ཅི)ཧུའེ་རིགས་རང་སྐྱོང་ཁུལ་ནི་ཀྲུང་གོའི་ཧུའེ་རིགས་རང་སྐྱོང་ཁུལ་ཆེན་པོ་གཉིས་ཀྱི་གྲས་ཤིག་ཡིན་ལ། སྤྱི་ལོ1956ལོའི་ཟླ11པར་བཙུགས། ཁུལ་དེ་ཀན་སུའུ་ཞིང་ཆེན་དབུས་རྒྱུད་ཀྱི་ལྷོ་ནུབ་ངོས་དང་། རྨ་ཆུའི་སྟོད་རྒྱུད་དུ་གནས་ཡོད། བྱང་ཕྱོགས་ལན་ཀྲོའུ་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། ཤར་ལིན་ཐའོ་ཆུ་བོ་དང་ཏིང་ཞི་གྲོང་ཁྱེར་གཉིས་ཕན་ཚུན་ཁ་གཏད་དུ་གནས་ཡོད། ནུབ་ཅི་ཧྲི་རི་བོ་དང་མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་ས་ཁུལ་དང་འབྲེལ་ཞིང་། ལྷོ་ཐའེ་ཙི་རི་བོ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ8169ཟིན་ཡོད། སྤྱིའི་མི་འབོར་ཁྲི217(སྤྱི་ལོ2013ལོར) དེའི་ཁོངས་སུ་རྫོང་རིམ་པའི་གྲོང་ཁྱེར1དང་། རྫོང5 རང་སྐྱོང་རྫོང2བཅས་གཏོགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
临夏回族自治州
ཕྱི་ཡིག་གི་མིང་།
Linxia Hui Autonomous Prefecture
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ཞིང་ཆེན།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་རང་སྐྱོང་ཁུལ།
མངའ་ཁོངས།
ལིན་ཞ་གྲོང་ཁྱེར། ལིན་ཞ་རྫོང་། ཧོ་ཀྲེང་རྫོང་སོགས།
སྲིད་གཞུང་གནས་ཡུལ།
ལིན་ཞ་གྲོང་ཁྱེར་ཧུང་ཡོན་ལམ་ཨང84པ།
ས་ཁོངས་ཁ་པར་ཨང་རྟགས།
0930(+86)
སྦྲག་སྲིད་ཨང་རྟགས།
731100
གནས་ཡུལ།
ཀན་སུའུ་ཞིང་ཆེན་གྱི་དབུས་ལྷོ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ8169ཡོད།
མི་གྲངས།
ཁྲི217ཡོད།
ནམ་ཟླ།
དྲོད་ཁུལ་ཐན་ཕྱེད་ནམ་ཟླ།
མེ་འཁོར་འབབ་ཚུགས།
ལིན་ཞ་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ཀན(甘)N
སྲིད་འཛིན་ཚབ་ཨང་།
622900
1 ​ངོ་སྤྲོད།

ལིན་ཞ(ཀ་ཅི)ཧུའེ་རིགས་རང་སྐྱོང་ཁུལ་ནི་ཀྲུང་གོའི་ཧུའེ་རིགས་རང་སྐྱོང་ཁུལ་ཆེན་པོ་གཉིས་ཀྱི་གྲས་ཤིག་ཡིན་ལ། སྤྱི་ལོ1956ལོའི་ཟླ11པར་བཙུགས།     ཁུལ་དེ་ཀན་སུའུ་ཞིང་ཆེན་དབུས་རྒྱུད་ཀྱི་ལྷོ་ནུབ་ངོས་དང་། རྨ་ཆུའི་སྟོད་རྒྱུད་དུ་གནས་ཡོད། བྱང་ཕྱོགས་ལན་ཀྲོའུ་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། ཤར་ལིན་ཐའོ་ཆུ་བོ་དང་ཏིང་ཞི་གྲོང་ཁྱེར་གཉིས་ཕན་ཚུན་ཁ་གཏད་དུ་གནས་ཡོད། ནུབ་ཅི་ཧྲི་རི་བོ་དང་མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་ས་ཁུལ་དང་འབྲེལ་ཞིང་། ལྷོ་ཐའེ་ཙི་རི་བོ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ8169ཟིན་ཡོད། སྤྱིའི་མི་འབོར་ཁྲི217(སྤྱི་ལོ2013ལོར) དེའི་ཁོངས་སུ་རྫོང་རིམ་པའི་གྲོང་ཁྱེར1དང་། རྫོང5 རང་སྐྱོང་རྫོང2བཅས་གཏོགས་ཡོད།

སྤྱི་ལོ2012ལོར་ལིན་ཞ(ཀ་ཅི)ཁུལ་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར151.89ཟིན་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར32.1དང་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར46.44ཟིན་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར73.35ཟིན་ཡོད།

2 ལོ་རྒྱུས་འཕེལ་རིམ།

མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་ལྔ་པ(སྤྱི་ལོ1936ལོ)ཀན་སུའུ་ཞིང་ཆེན་གྱི་ཆུས་ལྔ་པའི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་རུ་བསྒྱུར།

སྤྱི་ལོ1949ལོའི་ཟླ8པའི་ཚེས22ཉིན་ལིན་ཞ་བཅིངས་འགྲོལ་བཏང་།

སྤྱི་ལོ1952ལོར་ལིན་ཐན་རྫོང་གི་སྡོད་གནས་མཁར་རྙིང་དུ་སྤོས།

སྤྱི་ལོ1957ལོར་ཀོང་ཐུང་རྫོང་གི་མིང་ཀོང་ཧོ་རྫོང་དུ་བསྒྱུར།

སྤྱི་ལོ1961ལོར་ལིན་ཞ(ཧན་ཅ་ཅི་རུ་བཅའ་སྡོད་བྱས་ཡོད)དང་། ཁང་ལེ། ཡུང་ཅིང(ལེན་ཧྭ་གྲོང་དུ་བཅའ་སྡོད་བྱས་ཡོད་པ) ཀོང་ཧོ(ཐའེ་ཙི་དགོན་པར་བཅའ་སྡོད་བྱས་ཡོད)བཅས་རྫོང4སླར་གསོ་བྱས། ཁུལ་ཡོངས་ཀྱི་ཁོངས་སུ་གྲོང་ཁྱེར1དང་། རྫོང5 རང་སྐྱོང་རྫོང1བཅས་ཡོད།

སྤྱི་ལོ1962ལོར་ཡུང་ཅིན་རྫོང་ལེན་ཧྭ་གྲོང་ཁྱེར་ནས་ཞའོ་ཁྲོན་དུ་སྤོས།

སྤྱི་ལོ1983ལོར་ལིན་ཞ་གྲོང་ཁྱེར(རྫོང་རིམ་པ)སླར་གསོ་བྱས་ཏེ་ལིན་ཞ་རྫོང་གི་ཁྲེང་ཀོན་གྲོང་རྡལ་དང་ཁྲེང་ཀོན་དང་། ནན་ལུང་། ཀྲི་ཆའོ། ཆུས་ཧན་བཅས་ཀུང་ཧྲེ4ལིན་ཞ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་སུ་བསྒྱུར། ལིན་ཞ་རྫོང་མི་དམངས་སྲིད་གཞུང་གི་སྡོད་གནས་ཧན་ཅ་ཅི་རུ་སྤོས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2013ལོའི་ཟླ3པར་ལིན་ཞ(ཀ་ཅི)ཁུལ་གྱི་ཁོངས་གཏོགས་སུ་རྫོང་རིམ་པའི་གྲོང་ཁྱེར1དང་རྫོང5 མི་རིགས་ཡུལ་ཚོ2བཅས་ཡོད། ལིན་ཞ་ཁུལ་མི་དམངས་སྲིད་གཞུང་ནི་ལིན་ཞ་གྲོང་ཁྱེར་ཧུང་ཡོན་ལམ་དུ་བཅའ་སྡོད་བྱས་ཡོད།

4 གནས་ཡུལ།

ལིན་ཞ(ཀ་ཅི)ཁུལ་ནི་རྨ་ཆུའི་སྟོད་རྒྱུད་དང་ཀན་སུའུ་ཞིང་ཆེན་དབུས་རྒྱུད་ཀྱི་ལྷོ་ནུབ་ཕྱོགས་སུ་ཡོད། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག 103°211′དང་བྱང་གི་འཕྲེད་ཐིག 35°601′བར་ཡིན། ཤར་ལིན་ཐའོ་གཙང་པོ་དང་ཏིན་ཞི་གྲོང་ཁྱེར་གཉིས་ཕན་ཚུན་ཁ་གཏད་དུ་གནས་ཡོད། ནུབ་ཏེ་ཅི་ཧྲི་རི་བོ་དང་མཚོ་སྔོན་ཞིང་ཆེན་དང་ཐག་ཉེ། ལྷོ་ཐའེ་ཙི་རི་བོ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་འབྲེལ་ཡོད། བྱང་ཙོང་ཆུ་དང་ལན་ཀྲོའུ་གྲོང་ཁྱེར་དང་ས་མཚམས་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ8169ཟིན་ཡོད།

5 ནམ་ཟླ།

ལིན་ཞ(ཀ་ཅི)ཁུལ་གྱི་ས་ཁུལ་མང་ཆེ་བ་དྲོད་ཁུལ་གྱི་ཐན་པ་ཕྱེད་ཙམ་གྱི་ནམ་ཟླའི་ཁོངས་སུ་གཏོགས། ལྷོ་ནུབ་ཀྱི་རི་ཁུལ་དུ་གྲང་ངར་ཆེ་ཞིང་བརླན་གཤེར་ཆེ་བ་དང་། ཤར་བྱང་གི་རྒྱུད་དུ་ཐན་པ་ཆེ་བ། ལུང་གཞུང་ཁོད་སྙོམས་པ། དགུན་ཁར་གྲང་ངར་མེད་པ་དང་། དབྱར་ཁར་ཚ་གདུག་མེད་པ། དུས་བཞིར་དབྱེ་བ་གསལ་པོ་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད6.3℃དང་། དྲོད་ཚད་མཐོ་ཤོས32.5℃དང་། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི27.8℃ཡིན། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི537དང་རླངས་པར་འགྱུར་ཚད་ཧའོ་སྨི1198ནས1745བར་ཡིན། ལོ་རེར་ཆ་སྙོམས་ཉི་འོད་ཕོག་ཚད་ཆུ་ཚོད2572.3ཟིན་པ། སད་མེད་དུས་ནི་ཉིན137བཅས་ཡིན།

6 མི་གྲངས།

སྤྱི་ལོ2012ལོར་ལིན་ཞ(ཀ་ཅི)ཁུལ་གྱི་མི་འབོར་བསྡོམས་འབོར་ཁྲི215.02ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི41.21དང་། གྲོང་གསེབ་ཀྱི་མི་འབོར་ཁྲི173.81ཟིན་ཡོད། མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་བརྒྱ་ཆ26.69ཟིན་ཡོད། མི་འབོར་སྐྱེས་ཚད་ཀྱི14.79%ཡིན། ཤི་ཚད་ཀྱི7.01སྟོང་ཆ་དང་མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི7.78ཟིན་ཡོད།

7 མི་རིགས།    

སྤྱི་ལོ2013ལོའི་བར། ལིན་ཞ(ཀ་ཅི)ཁུལ་གྱི་མངའ་ཁོངས་སུ་ཧུའེ་རིགས་དང་། ཧན་རིགས། ཏུང་ཞང་། པའོ་ཨན། ས་ལ། ཧོར་རིགས། བོད་རིགས་སོགས་མི་རིགས31ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་གྱིས་སྤྱིའི་མི་འབོར་གྱི59.2%ཟིན་ཡོད། དེའི་ནང་ཏུང་ཞང་རིགས་དང་པའོ་ཨན་རིགས་ནི་ལིན་ཞ་འདུས་སྡོད་ཁུལ་གཙོ་བོ་ཡིན་པའི་གྲངས་ཉུང་མི་རིགས་གཉིས་ཡིན།

8 དཔལ་འབྱོར།

སྤྱི་ལོ2012ལོར་ལིན་ཞ(ཀ་ཅི)ཁུལ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར151.89ཟིན་པ་དེ་སྤྱི་ལོ2011ལོ་ལས14.8%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར32.1ཟིན་ནས8.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར46.44ཟིན་ནས18.2%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར73.35ཟིན་ནས15.5%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་སོ་སོར་བརྒྱ་ཆའི21.13དང་། བརྒྱ་ཆའི30.57 བརྒྱ་ཆའི48.3བཅས་ཡིན།

9 སྤྱི་ཚོགས་ལས་དོན།
9_1 སློབ་གསོ།

སྤྱི་ལོ2012ལོར་ལིན་ཞ(ཀ་ཅི)ཁུལ་དུ་ཁྱོན་སློབ་འབྲིང90ཡོད་པ་དང་། སློབ་ཆུང1135དང་ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ12ཡོད། འབྲིང་རིམ་ཆེད་ལས་དང་ལས་རིགས་ལག་རྩལ་སློབ་གྲྭ12དང་བུ་བཅོལ་ཁང117བཅས་ཡོད།

9_2 རིག་གནས།

སྤྱི་ལོ2012ལོ་བར་ལིན་ཞ(ཀ་ཅི)ཁུལ་དུ་ཀྲོའུ་རིམ་པའི་མི་རིགས་གླུ་གར་ཚོགས་པ་དང་། རྟེན་རྫས་བཤམས་མཛོད་ཁང་། རིག་གནས་ཁང་། དཔེ་མཛོད་ཁང་། མཛེས་རྩལ་ཁང་། གློག་བརྙན་ཟློས་གར་ཁང་། མི་རིགས་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཁང་། རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་བཅས1ཡོད་པ་དང་། རྫོང(གྲོང་ཁྱེར)རིག་གནས་ཁང8དང་སྤྱི་པའི་དཔེ་མཛོད་ཁང8 རྟེན་རྫས་བཤམས་མཛོད་ཁང(དྲན་གསོ་ཁང)12དང་རིག་དངོས་དོ་དམ་ཁང4 ཡུལ་ཚོ་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས123དང་ཞིང་པའི་དཔེ་དེབ་ཁང1165ཡོད་པ། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གྲྭ་རྫོང་རིམ་པའི་ཡན་ལག་ལྟེ་གནས8བསྐྲུན་ཡོད།


དཔྱད་གཞིའི་ཡིག་ཆ།