ཝང་ཨན་ནི་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་ཡིན་ཞིང་། དམར་དམག་རྒྱང་སྐྱོད་བྱེད་སྐབས་ཝང་ཨན་དུ་ཐེངས་བཞིར་བརྒལ་མྱོང་། ཝང་ཨན་དུ་ལོ་རྒྱུས་དེབ་ཐེར་དུ་བཀོད་པའི་ཧའོ་ཁྲང་གྲོས་ཚོགས་འཚོགས་པ་དེར་བློ་མཐུན་ཀྲོའུ་ཨེན་ལའེ་ཡིས“རླབས་ཆེན་གྱི་ཁ་ཕྱོགས་འགྱུར་མཚམས་ཀྱི་སྔ་ནུབ”ཅེས་བསྔགས་བརྗོད་བྱས་།
ཝང་ཨན་ནི་ཚེ་སྲོག་གི་འབྱུང་ཁུངས་དང་། ལོ་ངོ་སྟོང་གི་ཤེས་རིག་ལྡན་པའི་གནའ་བོའི་གྲོང་ཁྱེར་ཡིན་ལ། འདི་ནས་ད་ལྟའི་བར་དུ་ལོ་ངོ་དུང་ཕྱུར6.1སྔོན་གྱི་སྲོག་ཆགས་ཁྱུ་ཡི་འགྱུར་རྡོ་རྙེད་པ་དེ་ནི་ད་ལྟའི་བར་དུ་རྙེད་པའི་ཆེས་སྔ་བའི་སྲོག་ཆགས་ཁྱུ་ཡི་འགྱུར་རྡོ་ཡིན།
སྤྱི་ལོ2017ལོའི་ཟླ12པའི་ཚེས25ཉིན། ཀུའེ་ཀྲོའུ་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས《ཀུའེ་ཀྲོའུ་ཞིང་ཆེན་གྱི་རི་ཁུལ་གྱི་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པའི་ནང་། ཀུའེ་ཀྲོའུ་ཞིང་ཆེན་སྲིད་གཞུང་གིས་ཝང་ཨན་རྫོང་གྲོང་ཁྱེར་དུ་བསྒྱུར་བར་མོས་མཐུན་བྱུང་།
ཝང་ཨན་རྫོང་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1973.8ཡོད་པ་དང་། ལྷོ་བྱང་གི་རིང་ཚད་ལ་སྟོང་སྨི56ཡོད། ཤར་ནུབ་ཀྱི་རིང་ཚད་ལ་སྟོང་སྨི51ཡོད།
ཝང་ཨན་རྫོང་གི་ཁོངས་གཏོགས་སུ་ཁྲོམ་ལམ་དོན་གཅོད་ཁྲུའུ2དང་། གྲོང་རྡལ10 ཡུལ་ཚོ1བཅས་ཡོད་པ་སྟེ། ཝུང་ཧྲུའེ་ཁྲོམ་ལམ་དོན་གཅོད་ཁྲུའུ་དང་། གཡུང་ཡང་ཁྲོམ་ལམ་དོན་གཅོད་ཁྲུའུ། ཡིན་ཐུང་གྲོང་རྡལ། ཅང་ཅེ་ཧོ་གྲོང་རྡལ། ཧའོ་ཁྲང་གྲོང་རྡལ། ཀྲུའུ་ཚང་གྲོང་རྡལ། ཀྲུང་ཕིང་གྲོང་རྡལ། ཕིང་ཏིང་ཡིང་གྲོང་རྡལ། ཡུང་ཧོ་གྲོང་རྡལ། ཡུས་ཧྲན་གྲོང་རྡལ། ཐེན་ཝུན་གྲོང་རྡལ། ཅན་ཀྲུང་གྲོང་རྡལ། ལན་ཀོན་ཡུལ་ཚོ་བཅས་ཡིན།
ཝང་ཨན་ནི་ཚ་ཁུལ་ཕལ་བའི་བརླན་གཤེར་ཆེ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། དུས་བཞིའི་དབྱེ་མཚམས་གསལ་པོ་ཡོད་ལ། དཔྱིད་ཀ་དང་དབྱར་ཁ་ཐུང་ཞིང་། སྟོན་ཁ་དང་དགུན་ཁ་རིང་། ཚ་ཚད་འདང་ངེས་ཡོད་ལ། ལོ་རེའི་ཆ་སྙོམས་དྲོད་ཚད13.6℃ཡིན། ཆེས་དྲོ་བའི་ཟླ་བའི(ཟླ7པ)ཆ་སྙོམས་དྲོད་ཚད23.1℃དང་ཆེས་འཁྱག་པའི་ཟླ་བའི(ཟླ1པོ)ཆ་སྙོམས་དྲོད་ཚད2.9℃ཡིན། ལོ་རེའི་དྲོད་ཚད་ཀྱི་ཧེ་བག་ནི20.2℃ཡིན། ལོ་རེའི་ཆར་ཆུ་འབབ་ཚད1148.2mmཡིན། རང་བྱུང་ཁོར་ཡུག་ཅུང་རྙོག་འཛིང་ཆེ་ཞིང་སྣ་མང་ཡིན།
སྤྱི་ལོ2010ལོའི་ཟླ7པའི་ཚེས31ཉིན་བར་དུ། རྫོང་ཡོངས་སུ་མི115426(རྫོང་ནང་ཁུལ་དུ་མི17739)ཡོད། ལོ15ནས་ལོ64བར་གྱི་ངལ་རྩོལ་ལོ་ན་སོན་པའི་མི་གྲངས་ཀྱིས་མི་གྲངས་བསྡོམས་འབོར་གྱི་བརྒྱ་ཆའི71.07ཟིན་ཡོད། ལོ60ཡན་གྱི་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི་བསྡུར་གྲངས་བཟུང་ཚད10.48%ཟིན་ཡོད། གསར་སྐྱེས་མི་གྲངས་ཀྱི་ཕོ་མོའི་བསྡུར་ཚད120ཡས་མས་སུ་གནས་ཡོད། མི་གྲངས་ཅུང་མང་བའི་གྲངས་ཉུང་མི་རིགས་ལ་མིའོ་རིགས་དང་། པུའུ་དབྱི་རིགས། ཐུའུ་ཅ་རིགས་སོགས་ཡོད། གྲངས་ཉུང་མི་རིགས་ཀྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི4.3ཟིན་ཡོད།
སྤྱི་ལོ2019ལོར། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར146.44མངོན་འགྱུར་བྱུང་ཡོད། ལོ་སྔོན་མ་ལས5.9%འཕར་བ་དང་ཐོན་ལས་གྲུབ་ཆ་ཐེངས་གསུམ་པོའི་བསྡུར་ཚུལ19.6:31.6:48.8ཡིན། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ལོ་སྔོན་མ་ལས2.9%མར་ཆག་ཡོད། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར19.76ཟིན་པ་དེ་ལོ་སྔོན་མ་ལས20.8%མར་ཆག་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར11.01ཟིན་པ་དེ་ལོ་སྔོན་མ་ལས27.09%མར་ཆག་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་ལོ་སྔོན་མ་ལས9.8%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར24.75ཟིན་པ་དེ་ལོ་སྔོན་མ་ལས3.5%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར34429ཟིན་པ་དེ་ལོ་སྔོན་མ་ལས9.2%འཕར་ཡོད། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར12309ཟིན་ནས་ལོ་སྔོན་མ་ལས10.6%འཕར་ཡོད།
སྤྱི་ལོ2018ལོར་ཝང་ཨན་རྫོང་དུ་ཁྱོན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ154ཡོད། དེའི་ནང་དུ་བུ་བཅོལ་ཁང78(དམངས་གཉེར་སློབ་གྲྭ35ཚུད)དང་སློབ་ཆུང54(དེའི་ནང་དུ་སློབ་ཁྲིད་ས་ཚིགས8ཚུད་ཡོད) ལོ་དགུའི་ལམ་ལུགས་ཀྱི་སློབ་གྲྭ3དང་དམའ་འབྲིང13ཡོད། མཐོ་རིམ་སློབ་འབྲིང2 ཆ་ཚང་སློབ་འབྲིང2(དམངས་གཉེར) དམིགས་བསལ་སློབ་གསོའི་སློབ་གྲྭ1 འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ1བཅས་ཡོད། རྫོང་ཡོངས་སུ་སློབ་གྲྭར་ཡོད་པའི་སློབ་མ90797ཡོད་ལ། དེའི་ནང་དུ་སློབ་སྔོན་སློབ་གསོའི་སློབ་མ17946དང་སློབ་ཆུང་སློབ་མ38762ཡོད། དམའ་འབྲིང་གི་སློབ་མ16308 མཐོ་འབྲིང་དཀྱུས་མའི་སློབ་མ10372 དམིགས་བསལ་སློབ་གསོའི་སློབ་གྲྭར་སློབ་མ181 འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ7228(དེའི་ནང་དུ་ཉིན་རྒྱུན་ལམ་ལུགས་ཀྱི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ3988)བཅས་ཡོད། དགེ་རྒན་དང་ལས་བཟོ་པ5657(དེའི་ནང་དུ་དམངས་གཉེར་སློབ་གྲྭའི་མི་གྲངས904ཡོད) ཆེད་བསྐོས་དགེ་རྒན4687ཡོད་པའི་ནང་དུ་བུ་བཅོལ་ཁང་གི་དགེ་རྒན877(དེའི་ནང་དུ་དམངས་བཙུགས་སློབ་གྲྭའི་དགེ་རྒན476ཚུད་ཡོད) སློབ་ཆུང་གི་ལས་བཟོ་བ1901ཡོད། དམའ་རིམ་སློབ་འབྲིང་གི་ལས་བཟོ་བ1085(དེའི་ནང་དུ་དམངས་གཉེར་སློབ་གྲྭའི་ལས་བཟོ་བ14ཚུད་ཡོད) མཐོ་རིམ་སློབ་འབྲིང་གི་ལས་བཟོ་བ642(དེའི་ནང་དུ་དམངས་གཉེར་སློབ་གྲྭའི་ལས་བཟོ་བ86ཚུད་ཡོད) དམིགས་བསལ་སློབ་གསོའི་སློབ་གྲྭའི་ལས་བཟོ་བ21 ལས་རིགས་སློབ་གྲྭའི་ལས་བཟོ་བ161བཅས་ཡོད།
སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་སྟོབས་ལྡན་རྫོང་བརྒྱའི་ཁྲོད་དུ་བདམས།