ཡུན་ཡན་ཆུས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-06-28 18:03ལ་འགྲུབ།

ཡུན་ཡན་ཆུས།

ཡུན་ཡན་ཆུས།
ཡུན་ཡན་ཆུས་ནི་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན། ཀུའེ་དབྱང་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཆགས་ཡོད་པ་དང་། ཤར་གྱི་གཞུང་ཐིག106°29′~47′དང་། བྱང་གི་འཕྲེད་ཐིག26°33′~41′བར་དུ་གནས་ཡོད། དེ་ནི་ཀུའེ་དབྱང་གྲོང་ཁྱེར་གྱི་བྱང་ཁུལ་དུ་ཡོད་ལ། ཤར་ནུབ་བྱང་གསུམ་གྱི་ངོས་སུ་ཝུའུ་ཏང་ཆུས་དང་། ཀོན་ཧྲན་ཧོའུ་ཆུས་གཉིས་ཀྱི་ས་མཚམས་དང་འབྲེལ་ཡོད། ལྷོ་ཕྱོགས་སུ་ནན་མིང་ཆུས་དང་ཁྱིམ་མཚེས་ཡིན། ནུབ་བྱང་པའེ་ཡོན་ཆུས་ཀྱི་འབྲེལ་མཚམས་ཡིན། ཤར་ནུབ་ཀྱི་རིང་ཚད་སྟོང་སྨི17.5ཡོད། ལྷོ་བྱང་རིང་ཚད་སྟོང་སྨི12.5ཡོད། རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ93.57ཡོད་ཅིང་། སྤྱིའི་མི་གྲངས་ཁྲི95(སྤྱི་ལོ2012ལོར)ཡོད། ཡུན་ཡན་ཆུས་ནི་ཀུའེ་དབྱང་གྲོང་ཁྱེར་གྱི་ལྟེ་བའི་ཆུས་ཀྱི་གྲས་ཤིག་ཡིན། དེ་སྔའི་ཀུའེ་དབྱང་གྲོང་ཁྱེར་རྙིང་པའི་གྲུབ་ཆ་གཙོ་བོ་ཡིན་པ་དང་ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་གནས་ཡུལ་ཡིན། སྤྱི་ལོ2013ལོར་ཡུན་ཡན་ཆུས་ཀྱི་ལོ་ཧྲིལ་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཞིང་ཆེན་ཡོངས་སུ་སྔོན་ལ་སྒོར་དུང་ཕྱུར500ལས་བརྒལ་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར300ལས་བརྒལ་ཡོད་ལ། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར100ལས་བརྒལ་བའི་ཆུས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
云岩区
ཕྱི་ཡིག་གི་མིང་།
YunyanQu
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ལྷོ་ནུབ་ས་ཁུལ།
མངའ་ཁོངས།
ཁྲོམ་ལམ15དང་གྲོང་རྡལ1ཡོད།
སྲིད་གཞུང་གནས་ཡུལ།
ཤིན་ཐན་ལམ་ཆེན།
ས་ཁོངས་ཁ་པར་ཨང་རྟགས།
0851
སྦྲག་སྲིད་ཨང་རྟགས།
550001
གནས་ཡུལ།
ཀུའེ་ཀྲོའུ་དབུས་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ93.57ཡོད།
མི་གྲངས།
མི་ཁྲི95ཡོད།(སྤྱི་ལོ2012ལོར)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་ནམ་ཟླ།
མེ་འཁོར་འབབ་ཚུགས།
ཀུའེ་དབྱང་འབབ་ཚུགས་དང་། ཀུའེ་དབྱང་བྱང་ཚུགས། ཀུའེ་དབྱང་ཤར་ཚུགས།
རླངས་འཁོར་ཚབ་ཨང་།
ཀུའེ(贵)A
སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ཚབ་ཨང་།
520103
1 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2014ལོའི་ཟླ5པའི་བར་དུ། ཡུན་ཡན་ཆུས་ཀྱི་མངའ་ཁོངས་སུ་གྲོང་རྡལ(ཆན་ལིང་གྲོང་རྡལ)1དང་། ཁྲོམ་ལམ15(ཀྲུང་ཧྭ་ཀྲུང་ལུའུ་ཁྲོམ་ལམ་དང་། ཀྲུང་ཧྲན་ཏུང་ལུའུ་ཁྲོམ་ལམ། ཀྲུང་ཧྲན་ཞི་ལུའུ་ཁྲོམ་ལམ། ཀྲུང་ཧྭ་པེ་ལུའུ་ཁྲོམ་ལམ། པེ་ཅིང་ལུའུ་ཁྲོམ་ལམ། ཡན་ཨན་ཀྲུང་ལུའུ་ཁྲོམ་ལམ། ཧྲི་ཞི་ལུའུ་ཁྲོམ་ལམ། ཕུའུ་ཐུའོ་ལུའུ་ཁྲོམ་ལམ། ཧན་ཁྲེང་པེ་ལུའུ་ཁྲོམ་ལམ། ཀུའེ་ཝི་ལུའུ་ཁྲོམ་ལམ། ཆན་ལིན་ཏུང་ལུའུ་ཁྲོམ་ལམ། ཝེ་ཆིང་ལུའུ་ཁྲོམ་ལམ། ཐོའུ་ཆའོ་ཁྲོམ་ལམ། སན་ཆའོ་ལུའུ་ཁྲོམ་ལམ། ཀྲའེ་ཅི་ལུའུ་ཁྲོམ་ལམ) སྤྱི་ཁུལ26བཅས་ཡོད།

2 ནམ་ཟླ།

ཡུན་ཡན་ཆུས་ནི་ཚ་ཁུལ་ཕལ་བའི་བརླན་གཤེར་ཆེ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། རྒྱ་མཚོ་དང་ཐག་ཉེ་ཞིང་མཚོ་ངོས་ལས་མཐོ་ཚད་ཅུང་མཐོ། དེར་བརྟེན་དགུན་ཁར་གྲང་ངར་མེད་པ་དང་དབྱར་ཁར་ཚ་གདུག་མེད། གནམ་གཤིས་དྲོ་ཞིང་ཆར་ཆུ་མོད་ལ་དུས་བཞིའི་དབྱེ་བ་གསལ།  ཚ་བ་ཆེ་བའ་དུས་ཚིགས་དང་ཆར་ཆུ་མང་བའི་དུས་ཚིགས་གཅིག་མཚུངས་ཡིན། ཉི་འོད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ལ། ལོ་རེའི་ཆ་སྙོམས་དྲོད་ཚད15.3℃ཡིན། སད་མེད་དུས་ཡུན་ཉིན271ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི1196.7ཡོད། ལོ་རེའི་ཆ་སྙོམས་ཀྱི་བརླན་ཚད77%ཡིན། ལོ་རེའི་ཆ་སྙོམས་ཀྱི་ཉི་འོད་ཕོག་ཚད་ཆུ་ཚོད1354ཡིན།

3 མི་གྲངས་དང་མི་རིགས།   
3_1  མི་གྲངས།     

སྤྱི་ལོ2012ལོའི་བར་དུ་རྒྱུན་སྡོད་མི་གྲངས་ཁྲི95ཙམ་ཡོད། འཁོར་རྒྱུགས་མི་གྲངས་ཁྲི30ལྷག་ཙམ་དང་ཞིང་ལས་མི་གྲངས་ཁྲི3ལྷག་ཙམ་ཡོད།

3_2 མི་རིགས།

དབྱིས་རིགས་དང་། པའེ་རིགས། ཏའེ་རིགས། ཀྲོང་རིགས། མིའོ་རིགས། ཧུའེ་རིགས། ལི་སུའུ་རིགས། ལ་ཧུའུ་རིགས། དབའ་རིགས། འཇང་རིགས། ཡའོ་རིགས། བོད་རིགས། ཅིང་ཕོ་རིགས། པུའུ་ལང་རིགས། པུའུ་དབྱི་རིགས། ཨ་ཁྲང་རིགས། ཧ་ཉི་རིགས། ཞི་པོ་རིགས། ཕུའུ་སྨི་རིགས། སོག་རིགས། ནུའུ་རིགས། ཅི་ནུའོ་རིགས། ཏེ་ཨང་རིགས། ཧྲུའེ་རིགས། མན་ཇུ་རིགས། ཏུའུ་ལུང་རིགས་སོགས་ཡོད།

4 དཔལ་འབྱོར།

སྤྱི་ལོ2015ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར650.02ཟིན་ནས་ལོ་སྔོན་མ་ལས12.8%འཕར་ཡོད། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར136.99ཟིན་ནས་ལོ་སྔོན་མ་ལས16.43%འཕར་ཡོད། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར35.88ལེགས་འགྲུབ་བྱུང་ནས་བརྒྱ་ཆའི9.94འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར408.3བཏང་ནས་ལོ་སྔོན་མ་ལས18.9%འཕར་ཡོད། བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར58.76ཟིན་ནས་ལོ་སྔོན་མ་ལས7.9%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར306.45ཟིན་ནས་ལོ་སྔོན་མ་ལས11.1%འཕར་བ། གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མིའི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར14080ཡོད། ལོ་སྔོན་མ་ལས་བརྒྱ་ཆའི9.7འཕར་སྣོན་བྱུང་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར28142མངོན་འགྱུར་བྱུང་ཞིང་། ལོ་སྔོན་མ་ལས་བརྒྱ་ཆའི8.9འཕར་སྣོན་བྱུང་ཡོད།

5 ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2013ལོར། མི56990གསར་དུ་ལས་ཞུགས་བྱས་ཡོད། ཞིང་ཆེན་ཡོངས་ཀྱི1/10ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆའི3.47དུ་ཚོད་འཛིན་བྱས་ཡོད། ལས་ཞུགས་མེད་པའི་ཁྱིམ་ཚང་གི་གནས་ཚུལ་མེད་པ་དང་། “རྒྱལ་ཡོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁོངས་གཏོགས་ཀྱི་སྤྱི་ལོ2011ལོ་ནས་སྤྱི་ལོ2013ལོའི་ལོ་འཁོར་གྱི་ཞབས་ཞུའི་སྐར་ཁུང”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། ས་ཆ་བསྡུ་ལེན་བྱས་པའི་ཞིང་པའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལས་དོན་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱེད་འགོ་བཙུགས་ཡོད། རྒན་གསོའི་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་སོགས་སྤྱི་ཚོགས་འགན་སྲུང་ལམ་ལུགས་ཁྱབ་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། སྤྱི་ཚོགས་འགན་བཅོལ་ཁྲོད་ཞུགས་པའི་གཞི་ཁྱོན་མི་ཁྲི57.8ཟིན་ཡོད། ཆ་སྙོམས་ཁྱབ་ཚད90%ཡན་ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཞིང་། དབུལ་པོར་གྱུར་པའི་ཁྱིམ་ཚང་དང་། དབང་པོ་སྐྱོན་ཅན་གྱི་ཁྱིམ་དུད། ནད་གཞི་ཚབས་ཆེན་དང་མི་ཧྲེང་རྒན་རྒོན། གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་བཅས་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཡོད། རིམ་རྩིས་བྱས་ན་དཀའ་ངལ་ཡོད་པའི་མི23356ལ་ཐད་ཀར་རོགས་སྐྱོབ་བྱས་པར་དངུལ་གྲངས་སྒོར་ཁྲི577.61ཟིན་ཡོད། རྒན་གསོའི་ཉལ་ཁྲི1028འཕར་སྣོན་བྱུང་ཡོད། ཡུན་ཡན་ཆུས་ལྟེ་གནས་རྒན་གསོ་ཁང(དུས་ཐེངས་གཉིས་པ)གི་ལས་གྲྭ་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ10པར། སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་ཀྱི་ཕུལ་བྱུང་ཆུས་བརྒྱའི་ནང་དུ་བདམས་ཐོན་བྱུང་།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། ས་ཁོངས། གནས་ཡུལ།