ཧུའེ་ཁྲོན་ཆུས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-06-28 18:01ལ་འགྲུབ།

ཧུའེ་ཁྲོན་ཆུས།

ཧུའེ་ཁྲོན་ཆུས།
ཧུའེ་ཁྲོན་ཆུས་ནི་ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཀུའེ་ཀྲོའུ་ཞིང་ཆེན་གྱི་བྱང་རྒྱུད་དུ་གནས་པ་དང་ཙུན་དབྱི་གྲོང་ཁྱེར་གྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་ཀྱི་ལྟེ་གནས་ཡིན། སྤྱི་ལོ2004ལོའི་ཟླ5པའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་དེ་བཙུགས། ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ712དང་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང18437ཡོད། ཁོངས་གཏོགས་སུ་ཁྲོམ་ལམ6དང་། གྲོང་རྡལ8 སྲིད་འཛིན་གྲོང་ཚོ56 སྤྱི་ཁུལ35བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
汇川区
ཕྱི་ཡིག་གི་མིང་།
HuichuanDistrict
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཙུན་དབྱི་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་ལམ6དང་གྲོང་རྡལ8ཡོད།
སྲིད་གཞུང་གནས་ཡུལ།
ཧུའེ་ཁྲོན་ལམ་ཆེན།
ས་ཁོངས་ཁ་པར་ཨང་རྟགས།
0851
སྦྲག་སྲིད་ཨང་རྟགས།
563000
གནས་ཡུལ།
ཀུའེ་ཀྲོའུ་ཞིང་ཆེན་གྱི་བྱང་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ709ཡོད།
མི་གྲངས།
མི་གྲངས355198ཡོད།(སྤྱི་ལོ2012ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་རང་བཞིན་གྱི་ནམ་ཟླ།
མེ་འཁོར་འབབ་ཚུགས།
ཙུན་དབྱི་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ཀུའེ(贵)C
1 ངོ་སྤྲོད་མདོར་བསྡུས།

ཧུའེ་ཁྲོན་ཆུས་ནི་ས་ཁུལ་དམིགས་བསལ་གྱི་ཁྱད་ཆོས་དང་འགྲིམ་འགྲུལ་སྟབས་བདེ་ཞིང་། ཁྲུང་ཆིང་གི“ཆུ་ཚོད་གཅིག་གི་དཔལ་འབྱོར་ཁུལ”དང་ཀུའེ་ཀྲོའུ་དབུས་རྒྱུད་ཀྱི་ཐོན་ལས་ས་ཁུལ་གྱི་འབྲེལ་མཚམས་སུ་གནས་ཡོད། ཀུའེ་ཀྲོའུ་བྱང་རྒྱུད་ཀྱི་ཕྱོགས་བསྡུས་དཔལ་འབྱོར་ཁུལ་གྱི་ལྟེ་བའི་ཁུལ་ཡིན་ལ་ཁྲུང་ཆིང་ལྷོ་རྒྱུད་དང་ཀུའེ་ཀྲོའུ་བྱང་རྒྱུད་ཀྱི་དཔལ་འབྱོར་དང་རིག་གནས་འབྲེལ་མཚམས་ས་ཁུལ་གལ་ཆེན་ཞིག་ཀྱང་ཡིན། སྤྱི་ལོ2018ལོའི་ཟླ10པའི་ཚེས22ཉིན། སྤྱི་ལོ2018ལོའི་རྒྱལ་ཡོངས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཁུལ་གཏོད་པའི་མིང་ཐོར་བདམས། སྤྱི་ལོ2020ལོའི་ཀྲུང་གོའི་ཕུལ་བྱུང་གི་དབྱར་དུས་སྤྲོ་གསེང་རྫོང་གྲོང་ཁྱེར་བརྒྱའི་ཁྲོད་དུ་བདམས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཧུའེ་ཁྲོན་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་ལམ6དང་གྲོང་རྡལ8ཡོད་པ་སྟེ། ཧྲང་ཧའེ་ལུའུ་ཁྲོམ་ལམ་དང་། ཞི་མ་ལུའུ་ཁྲོམ་ལམ། ཏ་ལེན་ལུའུ་ཁྲོམ་ལམ། ཀའོ་ཆའོ་ཁྲོམ་ལམ། ཏུང་ཀུང་སི་ཁྲོམ་ལམ། ཐོན་ཙེ་གྲོང་རྡལ། ཀའོ་ཕིང་ཁྲོམ་ལམ། པན་ཆའོ་གྲོང་རྡལ། སི་ཏུའུ་གྲོང་རྡལ། ཧྲན་ཕན་གྲོང་རྡལ། ཀྲི་མ་གྲོང་རྡལ། ཧྲ་ཝན་གྲོང་རྡལ། མའོ་ཧྲི་གྲོང་རྡལ། སུང་ལིན་གྲོང་རྡལ་བཅས་ཡིན། ཆུས་སྲིད་གཞུང་ཏ་ལེན་ལུའུ་ཁྲོམ་ལམ་ཧུའེ་ཁྲོན་ལམ་ཆེན་དུ་བཅའ་སྡོད་བྱས་ཡོད།

3 མི་གྲངས་དང་མི་རིགས།
3_1 རྒྱུན་སྡོད་མི་གྲངས།

ཧུའེ་ཁྲོན་ཆུས་ཀྱི་ཁྱིམ་ཐོའི་སྤྱི་ལོ2012ལོའི་སྤྱིའི་མི་གྲངས355198ཡོད་པ་དེ་སྤྱི་ལོ2011ལོའི་ལོ་མཇུག་ལས་མི2093ཉུང་དུ་ཕྱིན་ཡོད། གསར་སྐྱེས་མི་གྲངས3519ཡོད་པ་དང་སྐྱེས་ཚད10.34‰ཡིན། རྐྱེན་ལམ་དུ་ཤོར་བའི་མི་གྲངས1572དང་ཤི་ཚད5.21‰ཟིན་ཡོད། མི་གྲངས་རང་ཤུགས་སུ་འཕར་ཚད་སྟོང་ཆའི5.13ཡིན། གསར་སྐྱེས་མི་གྲངས་ཀྱི་ཕོ་མོའི་བསྡུར་ཚད106.9(བུད་མེད100)ཡིན།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་རྒྱུན་སྡོད་མི་གྲངས་ཁྲི45.01ཡོད་པ་དེ་སྤྱི་ལོ2011ལོ་ལས་མི་ཁྲི0.23འཕར་ཡོད། ལོ་ཕྱེད་ནང་དུ་རྒྱུན་སྡོད་མི་གྲངས་ཁྲི44.9ཡོད་པ་དེ་སྤྱི་ལོ2011ལོ་ལས་མི་ཁྲི0.56འཕར་ཡོད།

3_2 མི་རིགས་གྲུབ་ཚུལ།

ཧུའེ་ཁྲོན་ས་ཁུལ་གྱི་རྒྱུན་སྡོད་མི་གྲངས་ཁྲོད། རྒྱ་རིགས་མི་གྲངས413124ཡོད་པ་དེས95.88%བཟུང་ཡོད། གྲངས་ཉུང་མི་རིགས་ཁག་གི་མི་གྲངས25340ཡོད་པ་དེས5.78%ཟིན་ཡོད། སྤྱི་ལོ2000ལོའི་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པ་དང་བསྡུར་ན། རྒྱ་རིགས་མི་གྲངས105269མང་དུ་སོང་ནས32.9%འཕར་ཡོད། གྲངས་ཉུང་མི་རིགས་ཁག་གི་མི་གྲངས13185མང་དུ་སོང་ནས108.5%འཕར་ཡོད།

4 དཔལ་འབྱོར།

སྤྱི་ལོ2017ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར322ཟིན་ནས་ལོ་སྔོན་མ་ལས13.1%འཕར་ཞིང་། སྒོར་ཁྲི500ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར219བཏང་ནས་ལོ་སྔོན་མ་ལས22%འཕར་ཡོད། སྒོར་ཁྲི2000ཡན་གྱི་གཞི་ཁྱོན་ལྡན་པའི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར118ཟིན་ནས་ལོ་སྔོན་མ་ལས12.5%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར133.5ཟིན་ནས་ལོ་སྔོན་མ་ལས12%འཕར་ཡོད། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར63.49ཟིན་ནས་ལོ་སྔོན་མ་ལས13.5%འཕར་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར16.77ཟིན་ནས་ལོ་སྔོན་མ་ལས10.8%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར31854ཟིན་ནས་ལོ་སྔོན་མ་ལས8%འཕར་ཡོད། གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར13160ཟིན་ནས་ལོ་སྔོན་མ་ལས8.1%འཕར་ཡོད།

5 རིག་གནས།

ཧུའེ་ཁྲོན་ཆུས་ལ་སྤྱི་ལོ2012ལོར་རིག་གནས་ས་ཚིགས4ཡོད། ལུས་རྩལ་ར་བ་ཆེ་གྲས1དང་། གློག་བརྙན་ཟློས་གར་ཁང1 རྟེན་རྫས་བཤམས་མཛོད་ཁང1 སྒྱུ་རྩལ་འཁྲབ་སྟོན་ཚོགས་པ1 སྤྱི་པའི་དཔེ་མཛོད་ཁང་ཆེ་གྲས1དང་དེབ་ཁྲི12ཉར་ཚགས་བྱས་ཡོད། རླུང་འཕྲིན་ཕྱོགས་བསྡུས་མི་གྲངས་ཁྱབ་ཚད99%ཟིན་ཡོད། བརྙན་འཕྲིན་ཕྱོགས་བསྡུས་མི་གྲངས་ཁྱབ་ཚད96%ཟིན་ཡོད། སྐུད་ཡོད་གྲངས་འཛིན་བརྙན་འཕྲིན་སྤྱོད་མཁན་ཁྱིམ་ཚང་ཁྲི12ཟིན་ཡོད།

6 འཕྲོད་བསྟེན།

ཧུའེ་ཁྲོན་ཆུས་ལ་སྤྱི་ལོ2012ལོའི་ལོ་ཧྲིལ་པོའི་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་འགྲོ་སྒོའི་ཁྲོད་སྨན་བཅོས་འཕྲོད་བསྟེན་ཐད་སྤྱད་པའི་འགྲོ་སྒོ་སྒོར་ཁྲི14474ཟིན་ཡོད། ལོ་མཇུག་ཏུ་འཕྲོད་བསྟེན་ལས་ཁུངས15ཡོད་པ་དེའི་ནང་དུ་སྨན་ཁང9དང་། འཕྲོད་བསྟེན་ཁང6 ནད་རིགས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས1བཅས་ཡོད། འཕྲོད་བསྟེན་ལས་ཁུངས་སུ་ཉལ་ཁྲི4829ཡོད་པ་དང་འཕྲོད་བསྟེན་ལས་ཁུངས་ཀྱི་མི་སྣ6874ཡོད། དེའི་ནང་དུ་ལས་གཉེར(ལས་རོགས)སྨན་པ2131དང་ཐོ་འགོད་ནད་གཡོག(ནད་སྐྱོང་བ)2837ཡོད།

7 གཟི་བརྗིད་མཚན་སྙན།

རྒྱལ་ཡོངས་ཀྱི་ཚན་རྩལ་ཡར་ཐོན་སྔོན་ཐོན་ཡུས་ཡིན།

སྤྱི་ལོ2020ལོའི་ཟླ2པར་ཞིང་ལས་གྲོང་གསེབ་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས“སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི‘དུས་བདེའི་ཞིང་འཕྲུལ’དཔེ་སྟོན་རྫོང”ལ་བདམས།

སྤྱི་ལོ2020ལོའི་ཟླ4པར། 《ཞའོགཁང》དུས་དེབ་ཁང་གིས་རྒྱལ་ཁབ་མང་པོའི་དབང་གྲགས་སྡེ་ཚན་དང་ཆེད་ལས་སྒྲིག་གཞི་དང་མཉམ་དུ་སྤེལ་བའི“སྤྱི་ལོ2020ལོའི་ཀྲུང་གོའི་དབྱར་དུས་སྤྲོ་གསེང་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར”བརྒྱའི་མིང་ཐོའི་ནང་བདམས། སྤྱི་ལོ2020ལོར་ཀྲུང་གོའི་སྨན་བཅོས་ཞབས་ཞུ་ཕུལ་བྱུང་གི་རྫོང་དང་གྲོང་ཁྱེར་བརྒྱའི་ཁྲོད་དུ་བདམས།

སྤྱི་ལོ2020ལོའི་ཟླ5པར། སྤྱི་ལོ2020ལོའི་ཀྲུང་གོའི་རྫོང་ཁོངས་ཀྱི་སྐྱེ་ཁམས་སྤུས་ལེགས་ཅན་བརྒྱའི་མིང་ཐོའི་ནང་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། གནས་ཡུལ། མི་རིགས།