མིན་གོའི་དུས་སྐབས་སུ་ཧྲུའེ་ཁྲེང་རྫོང་དང་། ཕན་རྫོང་། ལང་ཏའེ་རྫོང་བཅས་བཙུགས།
སྤྱི་ལོ1967ལོར། ལིའུ་ཀྲི་དང་། ཕན་རྫོང་། ཧྲུའེ་ཁྲེང་བཅས་རྫོང་རིམ་པའི་གཏེར་ཁུལ་གསུམ(རྗེས་སུ་དམིགས་བསལ་ས་ཁུལ་དུ་བསྒྱུར་པ)གྱི་རྨང་གཞིའི་ཐོག་ལིའུ་ཕན་ཧྲུའེ་གྲོང་ཁྱེར་བཙུགས། རྗེས་སུ་ཞིང་ཆེན་གྱི་ཐད་གཏོགས་གྲོང་ཁྱེར་དུ་བསྒྱུར། སྤྱི་ལོ1970ལོར། ལང་ཏའེ་དང་། ཕན་རྫོང་། ཧྲུའེ་ཁྲེང་བཅས་རྫོང་གསུམ་དམིགས་བསལ་ས་ཁུལ་གསུམ་དུ་ཟླ་སྒྲིལ་བཏང་རྗེས་དེར་དམིགས་བསལ་ས་ཁུལ་ཟེར་ཞིང་། ལིའུ་ཕན་ཧྲུའེ་ས་ཁུལ་གྱི་ཁོངས་སུ་གཏོགས།
སྤྱི་ལོ1987ལོའི་ཟླ12པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་བཀའ་ལན་ལྟར་ཧྲུའེ་ཁྲེང་དམིགས་བསལ་ས་ཁུལ་ཕྱིར་འཐེན་བྱས་ཏེ། ཧྲུའེ་ཁྲེང་རྫོང་དང་ཀྲུང་ཧྲན་ཆུས་སུ་བགོས་ནས་ཀྲུང་ཧྲན་ཆུས་ཀྱི་སྒྲིག་གཞི་དངོས་སུ་ཆགས་ཡོད།
སྤྱི་ལོ2019ལོའི་ཟླ10པའི་བར་དུ། ཀྲུང་ཧྲན་ཆུས་ཀྱི་མངའ་ཁོངས་སུ་ཏ་ཝན་གྲོང་རྡལ་དང་། ཝང་ཅ་ཀྲའེ་གྲོང་རྡལ། ཏ་ཧོ་གྲོང་རྡལ་བཅས་གྲོང་རྡལ་གསུམ་དང་། ཏེ་ཝུའུ་ཁྲོམ་ལམ་དང་། ཡའེ་ཀྲའོ་ཁྲོམ་ལམ། ཧུང་ཡན་ཁྲོམ་ལམ། ཧོ་ཆོན་ཁྲོམ་ལམ། དབྱང་ལིའུ་ཁྲོམ་ལམ། ཧོ་ཁྲེང་ཁྲོམ་ལམ། ཧྥེང་ཧོང་ཁྲོམ་ལམ། ཧྲོང་ཕུའུ་ཁྲོམ་ལམ། ཧོང་ཐུའུ་ཕོ་ཁྲོམ་ལམ་བཅས་ཁྲོམ་ལམ་དོན་གཅོད་ཁྲུའུ9ཡོད།
ཀྲུང་ཧྲན་ཆུས་ནི་ཚ་ཁུལ་བྱང་མའི་དུས་རླུང་དྲོ་ཞིང་བརླན་གཤེར་ཆེ་བའི་ནམ་ཟླའི་ཁུལ་དུ་གཏོགས་པས། ནམ་ཟླ་ཅུང་དམིགས་བསལ་ཡིན་ཞིང་། གནམ་གཤིས་རིག་པའི་དུས་བཞིའི་ཚད་གཞི་ལྟར་དབྱེ་ན་ཚ་གདུག་མེད་ལ། གྲང་ངར་ཆེན་པོ་མེད་པ་དང་། ལོ་ཧྲིལ་པོར་དབྱར་ཁ་མེད་ལ། དཔྱིད་ཀ་དང་སྟོན་ཀ་གཉིས་འབྲེལ་ནས་ཡོད་ཅིང་། མི་རྣམས་ཀྱིས་རྒྱུན་དུ“དགུན་ཁར་གྲང་ངར་མེད་ལ། དབྱར་ཁར་ཚ་གདུག་མེད་ཅིང་། ཆར་ཆུ་མང་ཞིང་གནམ་གཤིས་མི་འཚོ་སྡོད་ལ་འཕྲོད་པོ་ཡོད”ཅེས་པ་དེས་ཀུའེ་ཀྲོའུ་ནུབ་རྒྱུད་ཀྱི་མཐོ་སྒང་གི་གནམ་གཤིས་ཀྱི་ཁྱད་ཆོས་བཤད་ཀྱིན་ཡོད།
དྲོད་ཚད། ལོ་རེའི་ཆ་སྙོམས་དྲོད་ཚད12.3℃ཡིན། ཆེས་མཐོ་བའི་དྲོད་ཚད31.6℃དང་ཆེས་དམའ་བའི་དྲོད་ཚད-11.7℃ཡིན་ཞིང་། ཆེས་ཚ་བའི་ཟླ་བའི(ཟླ7པ)ཆ་སྙོམས་དྲོད་ཚད24.6℃དང་ཆེས་འཁྱག་པའི་ཟླ་བའི(ཟླ1པ)ཆ་སྙོམས་དྲོད་ཚད-0.1℃ཡིན།
ཆར་ཆུ་འབབ་ཚད། ལོ་རེར་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད1182.8mmཡིན། ཆར་ཆུ་འབབ་ཚད་ཆེས་ཉུང་པའི་ཟླ་བ(ཟླ1པོ)17.6mmཡིན་ཞིང་། ཆར་ཆུ་འབབ་ཚད་ཆེས་མང་བའི་ཟླ་བ(ཟླ6པ)243.7mmཡིན། ཆར་ཆུ་འབབ་ཚད100mmལས་བརྒལ་བའི་དུ་ཚིགས་ནི་ཟླ5པ་ནས་ཟླ10པའི་བར་ཡིན།
ཉི་འོད་ཕོག་པའི་ཉིན་གྲངས། ལོ་རེའི་ཉི་འོད་ཕོག་ཡུན་ནི་ཆུ་ཚོད1253ནས1556བར་ཡིན།
སད་མེད་དུས་ཡུན། སད་མེད་དུས་ཡུན་ཉིན230ནས298བར་ཡིན།
བརླན་ཚད། ལོ་རེར་ཆ་སྙོམས་ཀྱི་བརླན་ཚད81%ཡིན།
སྤྱི་ལོ2014ལོའི་བར་དུ་ཀྲུང་ཧྲན་ཆུས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི60.68ཡོད་པ་དང་ས་ཁོངས་སུ་དབྱིས་རིགས་དང་། པའེ་རིགས། ཏའེ་རིགས། ཀྲོང་རིགས། མིའོ་རིགས། ཧུའེ་རིགས། ལི་སུའུ་རིགས། ལ་ཧུའུ་རིགས། དབའ་རིགས། འཇང་རིགས། ཡའོ་རིགས། བོད་རིགས། ཅིང་ཕོ་རིགས། པུའུ་ལང་རིགས། པུའུ་དབྱི་རིགས། ཨ་ཁྲང་རིགས། ཧ་ཉི་རིགས། ཞི་པོ་རིགས། ཕུའུ་སྨི་རིགས། སོག་རིགས། ནུའུ་རིགས། ཅི་ནུའོ་རིགས། ཏེ་ཨང་རིགས། ཧྲུའེ་རིགས། མན་ཇུ་རིགས། ཏུའུ་ལུང་རིགས། ཁྲོན་ཆིང་རིགས་སོགས་ཡོད།
སྤྱི་ལོ2012ལོར་ཀྲུང་ཧྲན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར256.76ལེགས་འགྲུབ་བྱུང་བ་དེ་སྤྱི་ལོ2011ལོ་ལས15.9%འཕར་ཡོད། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར21.6ལེགས་འགྲུབ་བྱུང་བ་དེ་སྤྱི་ལོ2011ལོ་ལས30.85%འཕར་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར15.37ལེགས་འགྲུབ་བྱུང་བ་དེ་སྤྱི་ལོ2011ལོ་ལས39.39%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར262.32བཏང་བ་དེ་སྤྱི་ལོ2011ལོ་ལས74.8%འཕར་ཡོད། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར101.36ལེགས་འགྲུབ་བྱུང་བ་དེ་སྤྱི་ལོ2011ལོ་ལས16%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སོ་སོར་སྒོར18764.1དང་སྒོར6779ཡིན། སྤྱི་ལོ2011ལོ་དང་བསྡུར་ན་སོ་སོར14.6%དང17.1%འཕར་ཡོད། འབྱོར་འབྲིང་མངོན་འགྱུར་ཐུབ་ཚད82.28%ཟིན་ཡོད།
སྤྱི་ལོ2019ལོའི་ཟླ11པར་ཁག་གཉིས་པའི་ཆུ་གྲོན་ཆུང་གི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཚད་ལོན་རྫོང(ཆུས)སུ་བདམས།
སྤྱི་ལོ2020ལོའི་ཀྲུང་གོའི་ཆུ་གཙང་མའི་རྫོང་དང་གྲོང་ཁྱེར་བརྒྱའི་ཁྲོད་དུ་བདམས།