ཕན་ཀྲོའུ་གྲོང་ཁྱེར།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-06-28 18:02ལ་འགྲུབ།

ཕན་ཀྲོའུ་གྲོང་ཁྱེར།

ཕན་ཀྲོའུ་གྲོང་ཁྱེར།
ཕན་ཀྲོའུ་ནི་ཀུའེ་ཀྲོའུ་ཞིང་ཆེན་གྱི་ཐད་གཏོགས་ས་ཁུལ་ཡིན། ལིའུ་ཕན་ཧྲུའེ་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས་ཡོད་པའི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཡིན། ཡུན་ནན་དང་ཀུའེ་ཀྲོའུ་ཡི་འབྲེལ་མཚམས་སུ་གནས་ཡོད། ཤར་གྱི་གཞུང་ཐིག104°17'-104°57'དང་། བྱང་གི་འཕྲེད་ཐིག25°19'-26°17'བར་དུ་གནས་ཡོད། ཤར་ཏུ་ཕུའུ་ཨན་དང་ཁྱིམ་མཚེས་ཡིན། ལྷོ་རུ་ཞིན་དབྱི་དང་འབྲེལ་ཞིང་། ནུབ་ཏུ་ཡུན་ནན་ཞིང་ཆེན་གྱི་ཧྥུ་ཡོན་དང་ཞོན་ཝེ་གཉིས་ཀར་འབྲེལ་ཡོད། བྱང་དུ་ཧྲུའེ་ཁྲེང་དང་འབྲེལ་ཞིང་། ཀུའེ་ཀྲོའུ་ཡི་ནུབ་ཀྱི་སྒོ་ཆེན་ཡིན། ཡུན་ནན་དང་ཀུའེ་ཀྲོའུ་ཡི་ལྡེ་མིག་དང་སི་ཁྲོན་དང་ཀུའེ་ཀྲོའུ་ཡི་བཙན་འགག་ཏུ་འབོད་སྲོལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
盘州
ཕྱི་ཡིག་གི་མིང་།
PanzhouCity
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཀུའེ་ཀྲོའུ།
མངའ་ཁོངས།
གྲོང་རྡལ14དང་ཁྲོམ་ལམ6ཡུལ་ཚོ7བཅས་ཡོད།
ས་ཁོངས་ཁ་པར་ཨང་རྟགས།
0858
སྦྲག་སྲིད་ཨང་རྟགས།
561601
གནས་ཡུལ།
ཀུའེ་ཀྲོའུ་ཞིང་ཆེན་གྱི་ནུབ་རྒྱུད་དང་། ལིའུ་ཕན་ཧྲུའེ་ཡི་ལྷོ་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ4057ཡོད།
མི་གྲངས།
ཁྲི105.34ཡོད།(སྤྱི་ལོ2016ལོ)
ནམ་ཟླ།
ཚ་ཁུལ་བར་མའི་ནམ་ཟླ།
མེ་འཁོར་འབབ་ཚུགས།
ཧུང་ཀོ་འབབ་ཚུགས། ཕན་ཀྲུའུ་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ཀུའེ(贵)B
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
520281
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར520.2ཡིན།(སྤྱི་ལོ2016ལོ)
1 ངོ་སྤྲོད་མདོར་བསྡུས།

ཕན་ཀྲོའུ་ལ་ལོ་རྒྱུས་རིག་གནས་ཡུན་རིང་ལྡན་པ་དང་གཏིང་ཟབ་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་། གནའ་བོའི་མིའི་རིགས་ཀྱི་དཔལ་ཡོན་རྗེས་ཤུལ་ཕན་རྫོང་གི་བྲག་ཕུག་ཆེན་མོ་དང་། ཀུའོ་ཡུན་ཞིན། ཏ་ཏུང་ཀྲུའུ་ཧའེ། ཝུའུ་མོང་ཏ་རྩྭ་ཐང་བཅས་ཀུའེ་ཀྲོའུ་ཡི་ཞིང་ཆེན་རིམ་པའི་མཛེས་ལྗོངས་ཁུལ་གྲགས་ཅན3ཡོད།

ཕན་ཀྲོའུ་ནི་ཡུན་ནན་དང་ཀུའེ་ཀྲོའུ་ཡི་འགྲིམ་འགྲུལ་དང་། ནུས་རྒྱུ། ཚོང་དོན། སྐྱེལ་འདྲེན། ཡུལ་སྐོར་བཅས་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་དང་། ཝིའེ་པི་ཧྲུའེ་དཔལ་འབྱོར་རྒྱུད་ཀྱི་ལྟེ་གནས་ཡིན་ལ། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་རྫོང་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ། ཀུའེ་ཀྲོའུ་ཞིང་ཆེན་རྒྱལ་ཡོངས་ཕུལ་བྱུང་རྫོང་བརྒྱའི་གྲས་སུ་བདམས།

སྤྱི་ལོ2017ལོའི་བར་དུ་ཕན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གྲོང་རྡལ14དང་ཁྲོམ་ལམ6 ཡུལ་ཚོ7བཅས་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4056ཡོད། སྤྱི་ལོ2016ལོར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར520.19ཟིན་ཡོད། ལོ་མཇུག་ཏུ་རྒྱུན་སྡོད་མི་གརངས་ཁྲི་105.34ཟིན་པ་དེ་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་དང་རྫོང་ཁོངས་ཀྱི་གཞི་རྩའི་འགྲན་རྩོད་ནུས་པ་ཆེ་བའི་རྫོང་ཨང74པར་སླེབས་ཡོད།

2 ལོ་རྒྱུས་འཕེལ་རིམ།

མིན་གོ་སྲིད་ལོ་གཉིས་པར(སྤྱི་ལོ1913ལོ) རྒྱལ་ཡོངས་ཀྱི་ཧྥུ་དང་། ཀྲོའུ། ཐིང་བཅས་མེད་པར་བཟོས་ནས། ཕན་ཀྲོའུ་ཐིང་ནི་ཕན་རྫོང་དུ་བསྒྱུར། ཀུའེ་ཀྲོའུ་ཞིང་ཆེན་གྱི་ཆན་ཞི་ཏའོ་ཡིས་དོ་དམ་བྱེད་ཁོངས་སུ་གཏོགས།

སྤྱི་ལོ1949ལོའི་ཟླ12པའི་ཚེས20ཉིན། བཅིངས་འགྲོལ་བཏང་།

སྤྱི་ལོ1950ལོའི་ཟླ4པར་རྫོང་མི་དམངས་སྲིད་གཞུང་བཙུགས་ནས་ཞིན་རེན་ཀྲོན་ཆུས་ཀྱི་ཁོངས་གཏོགས་སུ་བསྡུས།

སྤྱི་ལོ1952ལོའི་ཟླ12པའི་ཚེས4ཉིན། ཞིན་རེན་ཀྲོན་ཆུས་དེ་ཞིན་དབྱི་ཀྲོན་ཆུས་སུ་བསྒྱུར་པ་དང་། ཕན་རྫོང་དེ་ཞིན་དབྱི་ཀྲོན་ཆུས་ཀྱི་ཁོངས་གཏོགས་སུ་བསྒྱུར།

སྤྱི་ལོ1956ལོའི་ཟླ7པའི་ཚེས18ཉིན། ཞིན་དབྱི་ཀྲོན་ཆུས་ཕྱིར་འཐེན་བྱས་ཤིང་། ཨན་ཧྲུན་ཀྲོན་ཆུས་དང་ཟླ་སྒྲིལ་བཏང་ནས་ཕན་རྫོང་ཨན་ཧྲུན་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1965ལོའི་ཟླ8པའི་ཚེས17ཉིན། ཞིན་དབྱི་ཀྲོན་ཆུས་སླར་གསོ་བྱས་པ་དང་ཕན་རྫོང་བསྐྱར་དུ་ཞིན་དབྱི་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1965ལོ་ལྔའི་ཟླ11པའི་ཚེས29ཉིན། ཕན་རྫོང་གི་མངའ་ཁོངས་སུ་ཕན་རྫོང་གཏེར་ཁུལ་མི་དམངས་ཨུ་ཡོན་ལྷན་ཁང་བཙུགས་ནས། རྡོ་སོལ་བཟོ་ལས་པུའུ་དང་ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་བྱས་ཡོད། ཕན་རྫོང་སྔར་བཞིན་ཞིན་དབྱི་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།   

སྤྱི་ལོ1966ལོའི་ཟླ2པའི་ཚེས22ཉིན་གཏེར་ཁུལ་དེ་དམིགས་བསལ་ས་ཁུལ་དུ་བསྒྱུར།

སྤྱི་ལོ1970ལོར་ཞིན་དབྱི་ཀྲོན་ཆུས་དེ་ཞིན་དབྱི་ས་ཁུལ་དུ་བསྒྱུར། སྤྱི་ལོ1971ལོར་དེ་སྔའི་ཕན་རྫོང་དམིགས་བསལ་ས་ཁུལ་དང་ཕན་རྫོང་ཟླ་སྒྲིལ་བཏང་ནས་ཕན་རྫོང་དམིགས་བསལ་ས་ཁུལ་དུ་བསྒྱུར། སྔར་བཞིན་རྫོང་རིམ་དང་པོའི་འགན་དབང་སྤྱོད་བཞིན་ཡོད།

སྤྱི་ལོ1978ལོའི་ཟླ12པའི་ཚེས18ཉིན། ལིའུ་ཕན་ཧྲུའེ་ས་ཁུལ་དེ་ལིའུ་ཕན་ཧྲུའེ་གྲོང་ཁྱེར་དུ་བསྒྱུར་རྗེས་ཕན་རྫོང་དམིགས་བསལ་ས་ཁུལ་དེ་ལིའུ་ཕན་ཧྲུའེ་གྲོང་ཁྱེར་གྱིས་འགོ་ཁྲིད་བྱས།

སྤྱི་ལོ1999ལོའི་ཟླ2པའི་ཚེས28ཉིན། ཕན་རྫོང་དམིགས་བསལ་ས་ཁུལ་ཕན་རྫོང་དུ་བསྒྱུར་ཞིང་། ཁོངས་གཏོགས་ཀྱི་འབྲེལ་བ་སོར་འཇོག་བྱས།

སྤྱི་ལོ2017ལོའི་ཟླ4པར《དམངས་སྲིད་པུའུ་ཡིས་ཀུའེ་ཀྲོའུ་ཞིང་ཆེན་གྱིས་ཕན་རྫོང་དུ་རྫོང་རིམ་པའི་ཕན་ཀྲོའུ་གྲོང་ཁྱེར་འཛུགས་པར་འཐད་པ་བྱུང་བའི་སྐོར་གྱི་མཆན་བཀོད་བཀའ་ལན》ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཕན་རྫོང་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་བྱུང་ནས། རྫོང་རིམ་པའི་ཕན་ཀྲོའུ་གྲོང་ཁྱེར་བཙུགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2017ལོའི་བར་དུ་ཕན་ཀྲོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་གྲོང་རྡལ14དང་། ཁྲོམ་ལམ6 ཡུལ་ཚོ7 སྲིད་འཛིན་གྲོང་ཚོ450 སྤྱི་ཁུལ52བཅས་ཡོད། སྲིད་གཞུང་ལ་བཅའ་སྡོད་བྱ་ཡུལ་དབྱི་ཙི་ཁྲོམ་ལམ་ཡིན།

4 ནམ་ཟླ།

ཕན་ཀྲོའུ་ནི་ཚ་ཁུལ་ཕལ་བའི་ནམ་ཟླའི་ཁོངས་སུ་གཏོགས་ཤིང་། ཚ་ཁུལ་ཕལ་བའི་མཐོ་སྒང་གི་དུས་རླུང་ནམ་ཟླའི་ཁུལ་དུ་གཏོགས་པ་དང་། དགུན་དུས་གྲང་ངར་མེད་ལ། དབྱར་ཁར་ཚ་གདུག་མེད་ཅིང་ལངས་གཟུགས་ཀྱི་གནམ་གཤིས་མངོན་གསལ་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད15.2℃ཡིན། ལོ་རེར་ཆ་སྙོམས་སད་མེད་དུས་ཡུན་ཉིན271ཡིན། ཉི་འོད་ཕོག་ཚད་ཆུ་ཚོད1593ཡིན། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི1390ཡིན། ཆར་ཆུ་འབབ་ཚད་མང་པའི་དུས་ཚིགས་དང་ཚ་བ་ཆེ་བའི་དུས་ཚིགས་ཕལ་ཆེར་དུས་མཚུངས་ཡིན། ཟླ5པ་ནས་ཟླ10པའི་བར་གྱི་ཆར་པ་འབབ་ཚད་ཀྱིས་ལོ་རེའི་ཆར་པ་འབབ་ཚད་ཀྱི88%ཟིན་ཡོད།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

སྤྱི་ལོ2016ལོར་ཕན་ཀྲོའུ་ཡི་རྒྱུན་སྡོད་མི་གྲངས་ཁྲི105.34ཡོད། མི་གྲངས་སྐྱེས་ཚད13.04‰ཟིན་ཡོད། རང་བྱུང་གི་འཕར་ཚད6.49‰ཡིན། གསར་སྐྱེས་མི་གྲངས་ཀྱི་ཕོ་མོའི་བསྡུར་ཚད106.63ཡིན། སྲིད་ཇུས་དང་མཐུན་པའི་སྐྱེས་ཚད་ཀྱིས93.41%ཟིན་ཡོད།

5_2 མི་རིགས།

ཕན་ཀྲོའུ་ནི་ཀུའེ་ཀྲོའུ་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་འདུས་སྡོད་བྱེད་མཁན་མང་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། ཁྱོན་གྲངས་ཉུང་མི་རིགས27ཡོད། གྲངས་ཉུང་མི་རིགས་གཙོ་བོར་དབྱིས་རིགས་དང་། ཧུའེ་རིགས། པུའུ་དབྱི་རིགས་སོགས་ཡོད།

6 དཔལ་འབྱོར།

སྤྱི་ལོ2016ལོར། ཕན་ཀྲོའུ་ཡིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར520.2བྱུང་བ་དེ་ལོ་སྔོན་མ་ལས13%འཕར་ཡོད། ཐེངས་གསུམ་པོའི་ཐོན་ལས་གྲུབ་ཚུལ9.7:59.2:31.1ཡིན། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར49557ཟིན་པ་དེ་སྤྱི་ལོ2015ལོ་ལས12.4%འཕར་ཡོད།

7 ​གཟི་བརྗིད་མཚན་སྙན།

སྔ་རྗེས་སུ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་རྫོང་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ། ཀུའེ་ཀྲོའུ་ཞིང་ཆེན་རྒྱལ་ཡོངས་ཕུལ་བྱུང་རྫོང་བརྒྱའི་གྲས་སུ་བདམས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། ས་ཁོངས། གནས་ཡུལ།