ལིའུ་ཀྲི་ཐོའུ་ཆུས།སྔ་མའི་པར་གཞི་དེ འོད་ཟེར་རྡོ་རྗེ།  ནས 2020-06-28 18:02ལ་འགྲུབ།

ལིའུ་ཀྲི་ཐོའུ་ཆུས།

ལིའུ་ཀྲི་ཐོའུ་ཆུས།
ལིའུ་ཀྲི་ཐོའུ་ཆུས་ནི་ལིའུ་ཕན་ཧྲུའེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཀུའེ་ཀྲོའུ་ཞིང་ཆེན་གྱི་ནུབ་རྒྱུད་དུ་གནས་ཡོད། དེ་ནི་ཀྲུང་གོའི“དམིགས་བསལ་ས་ཁུལ”ཞེས་མིང་བཏགས་པའི་སྲིད་འཛིན་ས་ཁོངས་གཅིག་པུ་དེ་རེད། ཤར་ངོས་ཕུའུ་ཏིང་དང་ཀྲེན་ཉིན་རྫོང་གཉིས་དང་འབྲེལ་ཞིང་། ནུབ་ཏུ་ཕུའུ་ཨན་དང་། ཆིན་ལུང་། ཧྲུའེ་ཁྲེང་བཅས་རྫོང་གསུམ་དང་འབྲེལ་ཡོད། ལྷོ་རུ་ཀོན་ལིན་རྫོང་དང་འབྲེལ་ཡོད། བྱང་ཕྱོགས་སུ་ཀྲི་ཅིན་དང་ནཱ་གཡུང་རྫོང་དང་འབྲེལ་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1792ཡོད། སྤྱི་ལོ2015ལོའི་ལོ་མཇུག་ཏུ་ཁྲོམ་ལམ3དང་། གྲོང་རྡལ9 ཡུལ་ཚོ6(དེའི་ནང་དུ་མི་རིགས་ཡུལ་ཚོ5ཡོད)བཅས་གཏོགས་ཡོད། རྒྱུན་སྡོད་མི་གྲངས་ཁྲི49.46ཡོད། མངའ་ཁོངས་སུ་མི་རིགས32གནས་སྡོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
六枝特区
ཕྱི་ཡིག་གི་མིང་།
LiuzhiSpecialRegion
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
དམིགས་བསལ་ས་ཁུལ།(རྫོང་རིམ་པ)
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཀུའེ་ཀྲོའུ་ཞིང་ཆེན་ལིའུ་ཕན་ཧྲུའེ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་ལམ3དང་། གྲོང་རྡལ9 ཡུལ་ཚོ6(དེའི་ནང་དུ་མི་རིགས་ཡུལ་ཚོ5)ཡོད།
སྲིད་གཞུང་གནས་ཡུལ།
ཅུ་ལུང་ཁྲོམ་ལམ།
སྦྲག་སྲིད་ཨང་རྟགས།
553400
ས་ཁོངས་ཁ་པར་ཨང་རྟགས།
0858
གནས་ཡུལ།
ལིའུ་ཕན་ཧྲུའེ་གྲོང་ཁྱེར་གྱི་ཤར་ཕྱོགས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1792ཡོད།
མི་གྲངས།
ཁྲི49.46ཡོད།(སྤྱི་ལོ2013ལོ)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླང་འཁོར་ཚབ་ཨང་།
ཀུའེ(贵)B
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
520203
1 ལོ་རྒྱུས་འཕེལ་རིམ།

ལིའུ་ཀྲི་ཐོའུ་ཆུས་ནི་དེ་སྔའི་ལང་ཏའེ་རྫོང་ཡིན། སྤྱི་ལོ1950ལོའི་ཟླ1པོའི་ཚེས14ཉིན་བཅིངས་འགྲོལ་བཏང་རྗེས། རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་། ཨན་ཧྲུན་ཀྲོན་ཆུས་ཀྱི་ཁོངས་གཏོགས་ཡིན།

སྤྱི་ལོ1960ལོའི་ཟླ5པའི་ཚེས27ཉིན་ལང་ཏའེ་རྫོང་མེད་པར་བཟོས་ནས་ལིའུ་ཀྲི་གྲོང་ཁྱེར་དུ་བསྒྱུར།

སྤྱི་ལོ1962ལོའི་ཟླ10པའི་ཚེས2ཉིན། ལིའུ་ཀྲི་གྲོང་ཁྱེར་ལིའུ་ཀྲི་རྫོང་དུ་བསྒྱུར།

སྤྱི་ལོ1965ལོའི་ཟླ11པའི་ཚེས29ཉིན། ལིའུ་ཀྲི་ཡི་མངའ་ཁོངས་སུ་ལིའུ་ཀྲི་གཏེར་ཁུལ་མི་དམངས་ཨུ་ཡོན་ལྷན་ཁང་བཙུགས་ནས་རྡོ་སོལ་བཟོ་ལས་པུའུ་དང་ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དང་ལེན་བྱས། ལིའུ་ཀྲི་རྫོང་སྔར་བཞིན་ཨན་ཧྲུན་ཀྲོན་ཆུས་སུ་གཏོགས།

སྤྱི་ལ1966ལོའི་ཟླ2པའི་ཚེས22ཉིན། ཁོང་ཆུས་དེ་ཐོའུ་ཆུས་སུ་བསྒྱུར་བ་དང་། དེ་དང་མཉམ་དུ་ལིའུ་ཀྲི་རྫོང་གི་མིང་ལང་ཏའེ་རྫོང་དུ་བསྒྱུར།

སྤྱི་ལོ1970ལོའི་ཟླ12པའི་ཚེས2ཉིན། དེ་སྔའི་ལིའུ་ཀྲི་ཐོའུ་ཆུས་དང་ལང་ཏའེ་རྫོང་གཉིས་ཟླ་སྒྲིལ་བཏང་ནས་ལིའུ་ཕན་ཧྲུའེ་ས་ཁུལ་གྱིས་འགོ་ཁྲིད་བྱས། རྫོང་རིམ་པ་དང་པོའི་འགན་དབང་སྤྱད།

སྤྱི་ལོ1978ལོའི་ཟླ12པའི་ཚེས18ཉིན། ལིའུ་ཕན་ཧྲུའེ་ས་ཁུལ་ལིའུ་ཕན་ཧྲུའེ་གྲོང་ཁྱེར་དུ་བསྒྱུར་རྗེས། ལིའུ་ཀྲི་ཐོའུ་ཆུས་དེ་ལིའུ་ཕན་ཧྲུའེ་གྲོང་ཁྱེར་གྱིས་འགོ་ཁྲིད་བྱས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2016ལོའི་བར་དུ། ལིའུ་ཀྲི་ཐོའུ་ཆུས་ཀྱི་མངའ་ཁོངས་སུ་ཡུལ་ཚོ་དང་གྲོང་རྡལ19དང(ཡུལ་ཚོ14དང་གྲོང་རྡལ5ཡོད། དེའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་ཡུལ་ཚོ9) སྲིད་འཛིན་གྲོང་ཚོ220 སྤྱི་ཁུལ25བཅས་ཡོད།

3 ནམ་ཟླ།

ལིའུ་ཀྲི་ཐོའུ་ཆུས་ནི་ཚ་ཁུལ་ཕལ་བའི་དུས་རླུང་དྲོ་ཞིང་བརླན་གཤེར་ཆེ་བའི་ནམ་ཟླ་ཡིན་ཞིང་། གནམ་གཤིས་དྲོ་ཞིང་དབྱར་ཁར་ཚ་གདུག་མེད་ལ། དགུན་ཁར་གྲང་ངར་མེད། ཆར་ཆུ་མང་པོ་ཡོད། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད14.5℃ཡིན། ཟླ7པར་ཆ་སྙོམས་དྲོད་ཚད22℃དང་ཆེས་མཐོ་བའི་དྲོད་ཚད34.1℃ཡིན། ཟླ་དང་པོར་ཆ་སྙོམས་དྲོད་ཚད5.2℃ཡིན་པ་དང་དྲོད་ཚད་དམའ་ཤོས-5.6℃ཡིན། ཉི་འོད་ཕོག་ཚད་ལོ་རེར་ཆ་སྙོམས་ཆུ་ཚོད1252.4ཟིན་ཡོད། ལོ་རེའི་སྤྱིའི་དྲོད་ཚད5700℃ཡིན། ཉི་མའི་འགྱེད་འཕྲོའི་སྤྱི་འབོར་ནི་ལོ་མང་རིང་ཆ་སྙོམས་སུ་ལི་སྨི86.93ཡིན། ཆེས་མཐོ་བའི་ཟླ་བདུན་པར་ལི་སྨི10.53དང་། ཆེས་དམའ་བའི་ཟླ་དང་པོར་ལི་སྨི4.7ཡིན། ལོ་རེའི་ཆར་ཆུ་འབབ་ཚད་ཧའོ་སྨི1476.4ཡོད། ལོ་མང་རིང་ཉི་འོད་ཕོག་ཚད་ཆ་སྙོམས་ཆུ་ཚོད1144.2ཡིན། ལོ་རེར་ཆ་སྙོམས་སད་མེད་དུས་ཡུན་ཉིན291ཡིན།

4 མི་གྲངས་དང་མི་རིགས།
4_1 མི་གྲངས།

སྤྱི་ལོ2016ལོའི་ལོ་མཇུག་ཏུ་མི་གྲངས་བསྡོམས་འབོར་ཁྲི50.15ཡོད། ཆུས་ཡོངས་ཀྱི་མི་གྲངས་སྐྱེས་ཚད8.25%ཡིན། མི་གྲངས་རང་ཤུགས་སུ་འཕར་ཚད་བརྒྱ་ཆའི3.69ཡིན། སྲིད་ཇུས་དང་མཐུན་པའི་ཕྲུ་གུ་སྐྱེས་ཚད91.23%ཡིན། “ཡིད་རྟོན་གཉིས་དང་ཁས་ལེན་གཉིས”ལ་སྐུལ་འདེད་གཏོང་ཚད100%ཟིན་ཡོད།

4_2 མི་རིགས།

འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་ལོ2012ལོའི་བསྡོམས་རྩིས་ལ་གཞིགས་ན། ལིའུ་ཀྲི་ཐོའུ་ཆུས་ཀྱི་མངའ་ཁོངས་སུ་དབྱི་རིགས་དང་། པའེ་རིགས། ཏའེ་རིགས། ཀྲོང་རིགས། མིའོ་རིགས། ཧུའེ་རིགས། ལི་སུའུ་རིགས། ལ་ཧུའུ་རིགས། དབའ་རིགས། འཇང་རིགས། ཡའོ་རིགས། བོད་རིགས། ཅིང་ཕོ་རིགས། པུའུ་ལང་རིགས། པུའུ་དབྱི་རིགས། ཨ་ཁྲང་རིགས། ཧ་ཉི་རིགས། ཞི་པོ་རིགས། ཕུའུ་སྨི་རིགས། སོག་རིགས། ནུའུ་རིགས། ཅི་ནུའོ་རིགས། ཏེ་ཨང་རིགས། ཧྲུའེ་རིགས། མན་ཇུ་རིགས། ཏུའུ་ལུང་རིགས་སོགས་ཁྱབ་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱིས་ཆུས་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི30.52%ཟིན་ཡོད།

5 དཔལ་འབྱོར།

སྤྱི་ལོ2016ལོར་ལིའུ་ཀྲི་ཐོའུ་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར165.3ཟིན་པ་དེ་ལོ་སྔོན་མ་ལས13%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར12.66ཟིན་པ་དེ་ལོ་སྔོན་མ་ལས0.44%འཕར་ཡོད། སྒོར་ཁྲི500ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར196.4བཏང་བ་དེ་ལོ་སྔོན་མ་ལས21.8%འཕར་ཡོད། དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་དང་དངུལ་བུན་ལྷག་གྲངས་སོ་སོར་སྒོར་དུང་ཕྱུར140.67དང་། སྒོར་དུང་ཕྱུར127.02ལེགས་འགྲུབ་བྱུང་ཡོད། ལོ་གོང་མའི་དུས་མཉམ་དང་བསྡུར་ན་སོ་སོར་བརྒྱ་ཆའི34.61དང་བརྒྱ་ཆའི39.16འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར40.9ཟིན་པ་དེ་ལོ་སྔོན་མ་ལས13.1%འཕར་ཡོད། རྫོང་ཚན་པར་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཐུབ་ཚད་སྔོན་དཔག་བྱས་ན94.1%ཟིན་ཡོད། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཁྲོད་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་གྱི་ཨང་དང་པོར་སླེབས་ཡོད།

6 ​གཟི་བརྗིད་མཚན་སྙན།

ལིའུ་ཀྲི་ཐོའུ་ཆུས་ལ་སྔ་རྗེས་སུ་རྒྱལ་ཁབ་ཀྱི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་རྫོང་དང་། ཚོང་འབྲུ་རྟེན་གཞིའི་རྫོང་། རྡོ་སོལ་ཐོན་སྐྱེད་གཙོ་གནད་རྫོང་། གཞི་རིམ་གྱི་ཞིང་ལས་ལག་རྩལ་བསྒྱུར་བཅོས་དང་འཛུགས་སྐྲུན་དཔེ་སྟོན་རྫོང་། ཞིང་ལས་ཐོན་རྫས་ལས་སྣོན་ལས་སྐྲུན་རྟེན་གཞི་རྫོང་བཅས་ཀྱི་གྲས་སུ་བདམས། ཞིང་ཆེན་གྱི་ཇ་ལོ་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་རྫོང་དང་། སྤུས་ལེགས་བཤས་ཕག་རྟེན་གཞིའི་རྫོང་། ནོར་སྲིད་ཀྱི་ཞིང་སྐྱོར་མ་དངུལ་བསྡུ་སྒྲིལ་ཚོད་ལྟའི་རྫོང་། ཞིང་ནང་ཆུ་བེད་ཆུང་གྲས་ཀྱི་གཙོ་གནད་རྫོང་། ཚད་གཞི་མཐོ་བའི་ཞིང་ཁའི་དཔེ་སྟོན་རྫོང་། ཞིང་ཆེན་གྱི་རྫོང་ཧྲིལ་པོར་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཚོད་ལྟའི་རྫོང་། རྒྱལ་ཁབ་ཀྱི་གཞི་རིམ་སྲིད་དོན་ཡོངས་བསྒྲགས་ཚད་ལྡན་ཅན་གྱི་ཚོད་ལྟའི་རྫོང་བཅས་ཡིན།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། ས་ཁོངས། གནས་ཡུལ། མི་རིགས།