པ་ཀྲུང་གྲོང་ཁྱེར།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-06-29 10:31ལ་འགྲུབ།

པ་ཀྲུང་གྲོང་ཁྱེར།

པ་ཀྲུང་གྲོང་ཁྱེར།
པ་ཀྲུང་གྲོང་ཁྱེར་ནི་སི་ཁྲོན་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་ཞིང་སི་ཁྲོན་གཤོང་སའི་བྱང་ཤར་རྒྱུད་དུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴中
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ12292ཡོད།
དབྱིན་ཡིག་གི་མིང་།
BaZhong
མི་གྲངས།
ཁྲི331.67ཡོད།
མིང་གཞན།
པ་ཁྲིན།
ཡུལ་སྐད།
པ་ཀྲུང་སྐད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་དང་བརླན་གཤེར་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོ། ལྷོ་ནུབ་ས་ཁུལ།
གནམ་གྲུ་ཐང་།
པ་ཀྲུང་གནམ་གྲུ་ཐང་།
མངའ་ཁོངས།
ཆུས2དང་རྫོང3འདུས།
མེ་འཁོར་འབབ་ཚུགས།
པ་ཀྲུང་འབབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
0827
རླངས་འཁོར་ཚབ་ཨང་།
川Y
སྦྲག་སྲིད་ཨང་རྟགས།
636000
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
511900
ས་ཁུལ་ཐོན་སྐྱེད་བསྡོམས་འབོར།
སྒོར་དུང་ཕྱུར754.29ཡོད།
1 ​སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

པ་ཀྲུང་གྲོང་ཁྱེར་ཁོངས་གཏོགས་སུ་རྫོང་རིམ་པའི་སྲིད་འཛིན་ས་ཁོངས5(གྲོང་ཁྱེར་གྱི་ཐད་སྐྱོང་ཆུས2 རྫོང3)ཡུལ་ཚོ་རིམ་པའི་སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་སྡེ་ཚན139(སྲང་ལམ17 གྲོང་རྡལ116ཡུལ་ཚོ6) རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ12292དང་མི་འབོར་ཁྲི394ཡོད།

2 ས་ཁམས་གནས་ཡུལ།

པ་ཀྲུང་གྲོང་ཁྱེར་ནི་སི་ཁྲོན་ཞིང་ཆེན་གྱི་བྱང་ཤར་རྒྱུད་དུ་གནས་ཡོད་ཅིང་གྲོང་ཁྱེར་སྲིད་གཞུང་གནས་ཡུལ་གྱི་ནུབ་ངོས་ནས་ཁྲུང་ཆིང་གྲོང་ཁྱེར་གྱི་བར་དུ་སྤྱི་ལེ331ཡོད། ལྷོ་ངོས་ཁྲེང་ཏུའུ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ320དང་བྱང་ངོས་ཞིས་ཨན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ439ཡོད། ཏ་ཀྲོའུ་དང་ནན་ཁྲུང་། ཧན་ཀྲུང་། ཀོང་ཡོན་བཅས་དང་ཁྱིམ་མཚེས་ཡིན་ཞིང་ཤར་གྱི་འཕྲེད་ཐིག106°20′~107°49′བར་དང་བྱང་གི་འཕྲེད་ཐིག31°15′~32°45′བར་དུ་གནས་ཤིང་། གྲོང་ཁྱེར་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ12292ཟིན། 

3 ནམ་ཟླ། 

པ་ཀྲུང་གྲོང་ཁྱེར་ནི་ཚ་ཁུལ་ཕལ་བའི་བརླན་གཤེར་ཆེ་བའི་དུས་རླུང་གི་ནམ་ཟླ་ཡིན་ལ་ཆར་ཆུ་མང་ཞིང་དྲོད་ཚད་འོས་འཚམ་ཡིན། ལོ་རེར་ཆར་ཆུ་འབབ་ཚད་མི་སྙོམས་པ་དང་ཐན་ཞོད་མང་། གྲོང་ཁྱེར་ཡོངས་ཀྱི་ལོ་རེའི་ཆ་སྙོམས་དྲོད་ཚད་རྒྱུན་ལྡན་དུ་ཅུང་མཐོ་བ(16.9~17.4℃)ཡིན། དུས་རྒྱུན་ལས་ཧྲེ་ཧྲི་ཏུའུ0.2~0.5ལས་མཐོ། དགུན་དུས་ཀྱི་ཆ་སྙོམས་དྲོད་ཚད་6.1~6.8℃ཡིན། 

4 མི་གྲངས།

སྤྱི་ལོ2018ལོར་པ་ཀྲུང་གྲོང་ཁྱེར་དུ་ལོ་ཧྲིལ་པོར་སྐྱེས་པའི་མི་འབོར་ཁྲི4.34ཟིན་པ་དང་མི་འབོར་སྐྱེ་ཚད11.36%ཟིན་ནས་ལོ་གོང་མ་ལས་སྟོང་ཆའི1.42འཕར་བ་དང་། རྐྱེན་ལམ་དུ་ཤོར་བའི་མི་འབོར་ཁྲི2.09ཟིན་པ་དང་མི་འབོར་ཤི་ཚད5.46%ཟིན་ནས་ལོ་གོང་མ་ལས་སྟོང་ཆའི0.38མར་ཆག མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི5.9ཡིན་པ་དེ་ལོ་གོང་མ་ལས་སྟོང་ཆའི1.8འཕར་ཡོད། འཆར་ལྡན་བུ་བཙའི་ཚད98.07%ཡིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.19འཕར་ཡོད་ལ་ལོ་མཇུག་ཏུ་རྒྱུན་སྡོད་མི་འབོར་ཁྲི332.2ཟིན། 

5 དཔལ་འབྱོར།

སྤྱི་ལོ2018ལོར་པ་ཀྲུང་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར645.88མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར། ལོ་གོང་མ་ལས་བརྒྱ་ཆའི8.0འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར98.27ཟིན་ནས3.7%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར316.39ཟིན་ནས9.4%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར231.22ཟིན་ནས8.1%འཕར་ཡོད། ཐོན་ལས་ཐེངས་གསུམ་པས་དཔལ་འབྱོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་སོ་སོར་བརྒྱ་ཆའི7.5དང་བརྒྱ་ཆའི54.7བརྒྱ་ཆའི37.8བཅས་ཡིན། སོ་སོརGDPབརྒྱ་ཆའི་གྲངས0.6དང་4.4 3.0བཅས་འཕར་བར་སྐུལ་ཁྲིད་བྱས། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར19458ཟིན་པ་དེ་ལོ་གོང་མ་ལས7.9%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ་དེ་ལོ་གོང་མའི15.5:48.8:35.7ནས15.2:49.0:35.8བར་ལེགས་སྒྲིག་བྱས།

6 སྤྱི་ཚོགས་ལས་དོན།
7 ལག་རྩལ། 

སྤྱི་ལོ2018ལོར་པ་ཀྲུང་གྲོང་ཁྱེར་གྱིས་ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ1502རེ་ཞུ་བྱས། ལོ་གོང་མ་ལས20.4%འཕར་བའི་ནང་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ365ཡོད། ལོ་ཧྲིལ་པོར་ཆེད་ཁེ599ཡོད་པ་དེ་སྔ་ལོ་ལས85.4%འཕར་ཡོད། ལོ་ཧྲིལ་པོར་ཆེད་ཁེ་ཁག197ལག་བསྟར་བྱས་ནས་སྔ་ལོ་ལས་བརྒྱ་ཆ12.6འཕར་ཡོད། ལོ་ཧྲིལ་པོར་རྒྱལ་ཁབ་རིམ་པའི་ཚན་རྩལ་རྣམ་གྲངས2དང་ཞིང་ཆེན་རིམ་པའི་ཚན་རྩལ་རྣམ་གྲངས43བརྩོན་ལེན་བྱས་པ་དང་། ཚན་རྩལ་གྲུབ་འབྲས་ཁག95ནང་འདྲེན་དང་གཞན་སྒྱུར་བྱས་པ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར45ཟིན། 

7_1 འཕྲོད་བསྟེན།

སྤྱི་ལོ2018ལོའི་ལོ་མཇུག་བར་པ་ཀྲུང་གྲོང་ཁྱེར་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི3274ཡོད་པ་དེ་ལོ་གོང་མ་ལས56མང་དུ་ཕྱིན། དེའི་ནང་སྨན་ཁང78དང་བུད་མེད་དང་ཕྲུ་གུའི་འཕྲོད་བསྟེན་སྨན་ཁང6 ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང230ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས6འ ཕྲོད་བསྟེན་ལྟ་སྐུལ་སུའུ(ལྟེ་གནས)6སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས(ས་ཚིགས)31སྨན་བཅོས་ཁང(འཕྲོད་བསྟེན་སོའོ་དང་སྨན་དོན་ཁང)459གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང2445བཅས་ཡོད་པ་རེད། ལོ་མཇུག་ཏུ་འཕྲོད་བསྟེན་ལག་རྩལ་མི་སྣ་ཁྱོན་བསྡོམས16783ཡོད་པ་དེ་ལོ་གོང་མ་ལས6.8%འཕར། 

7_2 འགན་སྲུང་།

སྤྱི་ལོ2018ལོར་པ་ཀྲུང་གྲོང་ཁྱེར་དུ་ལོ་ཧྲིལ་པོར་རྒན་གསོའི་འགན་བཅོལ་ཁྱབ་ཚད་མི་ཁྲི186.46ཟིན་པ་དེ་ལོ་གོང་མ་ལས8.2%འཕར་བ་དང་། རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་ཁྲི164.69ཟིན་ནས8%འཕར། རྒན་གསོའི་འགན་བཅོལ་སྤྲོད་གྲངས་མི་ཁྲི78.87ཟིན་ནས1.9%འཕར། རིམ་རྩིས་བྱས་ན་རྒན་གསོའི་འགན་བཅོལ་དངུལ་སྒོར་དུང་ཕྱུར58.06བཏང་ནས13.3%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད99%དང98%སོ་སོར་ཟིན། ལོ་ཧྲིལ་པོར་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་ཁྲི327ཟིན་པ་དེ་ལོ་གོང་མ་ལས10.6%མར་ཆག སྨན་བཅོས་འགན་བཅོལ་སྤྲོད་པའི་མི་གྲངས་ཁྲི51.4ཟིན། 

8 གྲོང་ཁྱེར་གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ6པར་པ་ཀྲུང་གྲོང་ཁྱེར་ལ“རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར”ཞེས་པའི་མིང་བཏགས།

སྤྱི་ལོ2017ལོའི་ཟླ10པར་པ་ཀྲུང་གྲོང་ཁྱེར་ལ“རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར”གྱི་མཚན་སྙན་སྤྲད།

སྤྱི་ལོ2018ལོའི་ཟླ11པར་པ་ཀྲུང་གྲོང་ཁྱེར་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་བྱ་ཡུལ་ཡག་ཤོས་སུ་བདམས།

དཔྱད་གཞིའི་ཡིག་ཆ།