ཏ་ཁྲོན་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-06-30 10:26ལ་འགྲུབ།

ཏ་ཁྲོན་ཆུས།

ཏ་ཁྲོན་ཆུས།
སྤྱི་ལོ2013ལོའི་ཟླ7པའི་ཚེས18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཏ་ཞན་མེད་པར་བཟོས་ནས་ཏ་ཀྲོའུ་གྲོང་ཁྱེར་གྱི་ཏ་ཁྲོན་ཆུས་བཙུགས།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཏ་ཁྲོན་ཆུས།
རྒྱ་ཡིག་གི་མིང་།
达川区
ཕྱི་ཡིག་གི་མིང་།
Dachuan District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང6 གྲོང་རྡལ22 ཤང5
སྲིད་གཞུང་སྡོད་གནས།
སན་ལི་ཕིང་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0818
སྦྲག་སྲིད་ཚབ་ཨང་།
635000
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2245
མི་གྲངས།
ཁྲི110.76
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
川S
སྲིད་འཛིན་ཚབ་ཨང་།
511703
1 ​ལོ་རྒྱུས་འཕེལ་རིམ།

སུའུ་ཝེ་ཨེད་ཀྱི་དུས་སྐབས་སུ་ཏ་ཞན་ནི་ཁྲོན་ཧྲན་ཞིང་ཆེན་གྱི་སུའེ་ཏིན་ཏའོ་ཡི་ཁོངས་སུ་གཏོགས།

སྤྱི་ལོ1950ལོར་ཏ་རྫོང་ནི་ཁྲོན་པེ་སྲིད་འཛིན་ཀུང་ཧྲུའུ་ཆུས་ཏ་ཞན་ཀྲོན་ཆུས་སུ་གཏོགས།

སྤྱི་ལོ1952ལོའི་ཟླ10པར་སི་ཁྲོན་ཞིང་ཆེན་ཏ་ཞན་ཀྲོན་ཆུས་ཁོངས་སུ་གཏོགས།

སྤྱི་ལོ1968ལོའི་ཟླ9པར་སི་ཁྲོན་ཞིང་ཆེན་ཏ་ཞན་ས་ཁུལ་གྱི་ཁོངས་སུ་གཏོགས།

སྤྱི་ལོ1993ལོའི་ཟླ7པའི་ཚེས5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཏ་ཞན་ས་ཁུལ་ཞེས་པའི་མིང་དེ་ཏ་ཁྲོན་ས་ཁུལ་དུ་བསྒྱུར་པ་དང་། དེའི་ཁོངས་སུ་གཏོགས།

སྤྱི་ལོ1999ལོའི་ཟླ6པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཏ་ཁྲོན་ས་ཁུལ་མེད་པར་བཟོས་ནས་ས་ཁུལ་རིམ་པའི་ཏ་ཀྲོའུ་གྲོང་ཁྱེར་བཙུགས་ཏེ་ཁོངས་གཏོགས་སྔར་སོར་བཞིན་མི་འགྱུར་བར་བྱས།

སྤྱི་ལོ2013ལོའི་ཟླ7པའི་ཚེས18ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཏ་ཞན་མེད་པར་བཟོས་ནས་ཏ་ཀྲོའུ་གྲོང་ཁྱེར་གྱི་ཏ་ཁྲོན་ཆུས་བཙུགས་ནས་ཁོངས་གཏོགས་མི་འགྱུར་བར་བྱས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2019ལོའི་ཟླ12བར་ཏ་ཁྲོན་ཆུས་ཁོངས་སུ་ཁྲོམ་གཞུང6(ཚུའེ་ཕིང་ཁྲོམ་གཞུང། སན་ལི་ཕིང་ཁྲོམ་གཞུང། མིང་ཡུའེ་ཅང་ཁྲོམ་གཞུང། དབྱང་ལིའུ་ཁྲོམ་གཞུང། པིན་ལང་ཁྲོམ་གཞུང། ཧྲི་པན་ཁྲོམ་གཞུང)དང་། གྲོང་རྡལ22(    ཧྲི་ཆའོ་གྲོང་རྡལ། ཧྲི་ཐི་གྲོང་རྡལ། ཧོ་ཧྲི་གྲོང་རྡལ། ཀོན་གྲོང་ཚོ་དང་གྲོང་རྡལ། ཐིང་ཙི་གྲོང་རྡལ། མ་ལིའུ་གྲོང་རྡལ། ཅིན་ཧྲི་གྲོང་རྡལ། ཀྲའོ་ཅ་གྲོང་རྡལ། ཏ་ཧྲུའུ་གྲོང་རྡལ། པའོ་ཙི་གྲོང་རྡལ། ནན་ཡུའེ་གྲོང་རྡལ། ཧྥུ་ཧྲན་གྲོང་རྡལ། ཝན་ཅ་གྲོང་རྡལ། ཅིན་ཡ་གྲོང་རྡལ། པེ་ཅེ་གྲོང་རྡལ། ཏུའུ་ཧྲི་གྲོང་རྡལ། ཧྲོང་མིའོ་གྲོང་རྡལ། ཆའོ་ཝན་གྲོང་རྡལ། ཀྲའོ་ཀུའུ་གྲོང་རྡལ། ཕིན་ཐན་གྲོང་རྡལ། ཏ་ཡན་གྲོང་རྡལ། ཀྲིན་ཙི་གྲོང་རྡལ) ཤང5(   ཨན་རེན་ཤང་དང་། ཡའོ་ཐང་ཤང་། ལུང་ཧུའེ་ཤང་། སྨི་ཁྲེང་ཤང་། ཧུའུ་རང་ཤང་།)བཅས་ཡོད། ཤར་ལམ་དུ་བཅའ་སྡོད་ཆུས་མི་དམངས་སྲིད་གཞུང་གི་ཨང་288པ།

3 མི་གྲངས་གནས་ཚུལ།
4 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་བར་ཏ་ཁྲོན་ཆུས་ཀྱི་ཐེམ་ཐོ་མི་གྲངས་ཁྲི110.76ལ་སླེབས་ཡོད། ལོ་ཧྲིལ་པོར་སྐྱེས་པའི་མི་གྲངས10508དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས6823ཡོད། མི་གྲངས་རང་ཤུགས་སུ་འཕར་ཚད3.3‰ཡིན་པ་དང་། སྐྱེས་པའི་ཕོ་མོའི་བསྡུར་ཚད་ནི108.2ཡིན།

4_1 མི་རིགས།

ཆུས་ཡོངས་སུ་གྲངས་ཉུང་མི་རིགས་ཁག23ཡོད་པ་སྟེ། སོག་རིགས། ཧུའེ་རིགས། བོད་རིགས། ཡུ་གུར་རིགས། མིའོ་རིགས། དབྱིས་རིགས། ཀྲོང་རིགས། པུའུ་དབྱི་རིགས། ཁྲའོ་ཞན་རིགས། མན་ཇུ་རིགས། ཏུང་རིགས། ཡའོ་རིགས། པའེ་རིགས། ཐུའུ་ཅ་རིགས། ཏའེ་རིགས། ལི་རིགས། ལི་སུའུ་རིགས། ཧྲེ་རིགས། ཀའོ་ཧྲན་རིགས། ཧོར་རིགས། ཆའང་རིགས། ཀེ་ལའོ་རིགས། ནུའུ་རིགས་སོགས་སོ།།

5 དཔལ་འབྱོར་རགས་བཤད།

སྤྱི་ལོ2018ལོར། ཏ་ཁྲོན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར221.55ལ་སླེབས་པ་དེ་སྤྱི་ལོ2017ལོ་ལས(གཤམ་དུའང་མཚུངས)8.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར50.26ལ་སླེབས་ནས3.6%འཕར་ཡོད། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར62.09ལ་སླེབས་ནས8.6%འཕར་བ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར109.19ལ་སླེབས་ནས10.6%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་གྲུབ་ཚུལ་གྱི་བསྡུར་ཚད་ནི22.7:28.0:49.3ཡིན། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར21443ལ་སླེབས་ནས8.0%འཕར་བ་དང་། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར22.41ཡིན་པས10.3%འཕར་ཡོད།

5_1 གཏན་འཇགས་མ་འཇོག

སྤྱི་ལོ2018ལོར་ཏ་ཁྲོན་ཆུས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་ཨར་ལས་རྣམ་གྲངས437དང་ལས་མཇུག་འགྲིལ་བའི་རྣམ་གྲངས145ཡོད་པ་རེད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར187.04བཏང་ནས12.6%འཕར་ཡོད། མ་དངུལ་བསྡོམས་འབོར་ནང་གཞི་རྩའི་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར157.71བཞག་པས10.7%འཕར་ཡོད། གསར་སྒྱུར་དང་བསྒྱུར་བཀོད་ཐད་ལ་མ་དངུལ་སྒོར་དུང་ཕྱུར14.71བཞག་པས7.6%མར་ཆག་ཡོད། ས་ཁང་བདག་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར14.61བཏང་ནས89.8%འཕར་བ་དང་། བཟོ་ལས་ལ་མ་དངུལ་སྒོར་དུང་ཕྱུར17.45བཏང་ནས7.5%མར་ཆག་ཡོད། གྲོང་ཁྱེར22ཀྱི་གཙོ་གནད་དང་ཁུལ་རིམ་པའི་གཙོ་གནད་རྣམ་གྲངས154ལ་སོ་སོར་མ་དངུལ་སྒོར་དུང་ཕྱུར52.1དང་སྒོར་དུང་ཕྱུར158.3བཏང་ཡོད།    

5_2 དམངས་གཉེར་དཔལ་འབྱོར།

སྤྱི་ལོ2018ལོར། ཏ་ཁྲོན་ཆུས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར134.27ལ་སླེབས་ནས8.5%འཕར་བ་དེས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི60.6%བཟུང་ཡོད། ཆུས་ཡོངས་སུ་སྒེར་གྱི་བཟོ་ཚོང་དུད་ཚང5352དང་སྒེར་གཉེར་ཁེ་ལས2122མང་དུ་སོང་ཡོད། ཁེ་ལས14ཡིས་དེང་རབས་ཀྱི་ཁེ་ལས་ལམ་ལུགས་བཙུགས་ཡོད།

5_3 ནོར་སྲིད་ཡོང་འབབ།

སྤྱི་ལོ2018ལོར་ཏ་ཁྲོན་ཆུས་ཀྱི་ནོར་སྲིད་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར22.41ལ་སླེབས་ནས10.3%འཕར་ཡོད། དེའི་ནང་གོང་དུ་ཀྲུང་དབྱང་གི་ཡོང་སྒོ་སྒོར་དུང་ཕྱུར5.57ལ་སླེབས་པས8.0%འཕར་ཡོད། གོང་གི་ཞིང་ཆེན་རིམ་པའི་ཡོང་འབབ་སྒོར་དུང་ཕྱུར2.18ལ་སླེབས་ནས11.9%འཕར་བ་དང་། ས་གནས་ནོར་སྲིད་ཀྱི་སྤྱི་པའི་ཡོང་འབབ་སྒོར་དུང་ཕྱུར14.66ལ་སླེབས་ནས11.2%འཕར་ཡོད། སྤྱི་པའི་ནོར་སྲིད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར62.80ལ་སླེབས་པས4.4%འཕར་ཡོད།

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2020ལོའི་ཟླ3པའི་ཚེས31ཉིན་སྤྱི་ལོ2019ལོའི་ལོ་འཁོར་གྱི་སི་ཁྲོན་ཞིང་ཆེན་གྱི་ཞིང་པའི་ཡོང་འབབ་འཕར་བའི་ལས་དོན་གྱི་སྔོན་ཐོན་རྫོང(གྲོང་ཁྱེར་དང་ཆུས)དུ་བདམས་པ་རེད། 

སྤྱི་ལོ2020ལོའི་ཟླ6པའི་ཚེས9ཉིན་སི་ཁྲོན་ཞིང་ཆེན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་སྔོན་ཐོན་རྫོང(གྲོང་ཁྱེར་དང་ཆུས)ཏང་ཨུད་དང་སྲིད་གཞུང་ལ་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། རྫོང་། ཆུས། གྲོང་ཁྱེར།