ལིན་ཧྲོའེ་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-06-29 10:31ལ་འགྲུབ།

ལིན་ཧྲོའེ་རྫོང་།

ལིན་ཧྲོའེ་རྫོང་།
ལིན་ཧྲོའེ་རྫོང་ནི་སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་སི་ཁྲོན་དང་ཧྲའན་ཞིས། ཧོ་པེ། ཧུའུ་པེ་བཅས་ཀྱི་ལམ་ཐིག་གལ་ཆེན་ཞིག་ཏུ་གྱུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
邻水县
ས་ཁམས་གནས་ཡུལ།
ཀྲུང་གོའི་ལྷོ་ནུབ།
དབྱིན་ཡིག་གི་མིང་།
Linshui County
རྒྱ་ཁྱོན།
སྤི་ལེ་གྲུ་བཞི་མ1919ཟིན།
མིང་གཞན།
ལིན་ཀྲོའུ།
མི་གྲངས།
ཁྲི103ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཡུལ་སྐད།
ལིན་ཧྲོའེ་སྐད།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར།
ནམ་ཟླ།
ཚ་ཁུལ་དུས་རླུང་ནམ་ཟླ།
མངའ་ཁོངས།
ཅིག་ལུང་སོགས་འདུས།
མེ་འཁོར་འབབ་ཚུགས།
ལིན་ཧྲོའེ་འབབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
0826
རླངས་འཁོར་ཚབ་ཨང་།
ཁྲོན(川)X
སྦྲག་སྲིད་ཨང་རྟགས།
638500
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
511623
ས་ཁུལ་ཐོན་སྐྱེད་བསྡོམས་འབོར།
སྒོར་དུང་ཕྱུར180.7ལ་སླེབས།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ12པར་ལིན་ཧྲོའེ་རྫོང་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1953ལོའི་ཟླ3པར་ཏ་ཀྲུའུ་ཀྲོན་ཆུས་མེད་པར་བཟོས་ཤིང་ལིན་ཧྲོའེ་རྫོང་ཁྲོན་པེ་སྲིད་འཛིན་ཀུང་ཧྲུའུ་ཆུས་སུ་གཏོགས་པར་བྱས།

སྤྱི་ལོ1993ལོའི་ཟླ7པར་ལིན་ཧྲོའེ་རྫོང་ཀོང་ཨན་ས་ཁུལ་དུ་གཏོགས་པར་བྱས།

སྤྱི་ལོ1998ལོར་ཀོང་ཨན་གྲོང་ཁྱེར་དུ་བསྒྱུར།

2 ས་ཁམས་གནས་ཡུལ།

ལིན་ཧྲོའེ་རྫོང་ནི་ཤར་གྱི་གཞུང་ཐིག106°41′—107°18′བར་དང་བྱང་གི་འཕྲེད་ཐིག30°01′—30°33′བར་དུ་གནས། ཤར་ངོས་ཁྲུང་ཆིང་གྲོང་ཁྱེར་ཁྲང་ཧྲོའུ་ཆུས་དང་ལྷོ་ངོས་ཁྲུང་ཆིང་ཡུས་པེ་ཆུས། ནུབ་ངོས་ཀོང་ཨན་གྲོང་ཁྱེར་དང་འབྲེལ་ཡོད། 

3 དཔལ་འབྱོར།

སྤྱི་ལོ2014ལོར་རྫོང་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར180.7ཟིན་ནས10.2%འཕར་བ་དང་ཚད་ལྡན་བཟོ་ལས་ཀྱི་འཕར་ཐང11.1%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར162.2བཞག་པས་བརྒྱ་ཆའི26.8འཕར། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར72.6ཟིན་པས13.3%འཕར། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར9365ཟིན་པས11.5%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23703ཟིན་ནས10.4%འཕར་བ་དང་། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར6.8ཟིན་ནས15.5%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆ3.5ཡིན་པ་དང་མི་འབོར་རང་ཤུགས་སུ་འཕར་ཚད་སྟོང་ཆའི2.6ཡིན། 

4 སྤྱི་ཚོགས་ལས་དོན།
4_1 སློབ་གསོ།

སྤྱི་ལོ2014ལོར་ལིན་ཧྲོའེ་རྫོང་གི་མཐོ་རྒྱུགས་ཚད་ལོ20བསྟུད་མར་ཀོང་ཨན་གྲོང་ཁྱེར་གྱི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་པ་དང་འབྲིང་རྒྱུགས་ཀྱི་ཕྱོགས་བསྡུས་ཚད་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོ་ཐེངས་བདུན་བསྟུད་མར་ཐོབ་ཡོད། སློབ་གསོ་དང་དམངས་འཚོ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། “གྲངས་ཚད་ལས་བརྒལ་བའི་འཛིན་གྲྭ”ཐག་གཅོད་བྱས་པར་ཕན་འབྲས་རགས་ཙམ་ཐོན་ཡོད། ལས་རིགས་སློབ་འབྲིང་གི་སློབ་ཁྲིད་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་དང་། མཉམ་འདྲེས་ལས་རིགས་སློབ་གྲྭའི་འབྲིང་རིམ་ལས་རིགས་སློབ་གྲྭའི་ནུས་པ་འཛུགས་སྐྲུན། སློབ་འབྲིང་དུ་སློབ་ཁྲིད་ཐོག་ཁང་གསར་པ་སྐྲུན་པ་སོགས་ཀྱི་རྣམ་གྲངས་བདེ་བླག་ངང་སྤེལ།

4_2 འཕྲོད་བསྟེན།

སྤྱི་ལོ2013ལོར་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཞིང་། རྫོང་སྨྱོ་ནད་སྨན་ཁང་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་དང་། རྫོང་མི་དམངས་སྨན་ཁང་གི་བཀོད་སྒྲིག་ཁང་པ་འཛུགས་སྐྲུན་དང་རྫོང་ཀྲུང་ལུགས་གསོ་རིག་སྨན་ཁང་ཧྲིལ་པོ་གནས་སྤོ་འཛུགས་སྐྲུན་བྱས། ཡུལ་ཚོ་དང་གྲོང་རྡལ་འཕྲོད་བསྟེན་ཁང11བསྐྱར་སྐྲུན་བཅས་ཀྱི་འཕེལ་རིམ་བདེ་བླག་བྱུང་། གྲོང་ཁྱེར་ཡོངས་ཀྱི་སྔོན་ལ་ཞིང་ཆེན་ཡོངས་ཀྱི་རིམས་འགོག་འཆར་འགོད་དཔེ་སྟོན་ཁུལ་དུ་བཙུགས་ཡོད། རྫོང་མ་བུ་འཕྲོད་བསྟེན་སྨན་ཁང་གྲོང་ཁྱེར་ཡོངས་ཀྱི་འཕྲོད་སྦྱོར་སྒྲིག་གཞི་དང་པོར་བདམས་པ་དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གིས་སྨན་རྫས་ཀྱི་སྣོན་གྲུབ་སྒྱུར་བཅོས་མེད་པར་བཟོས།

4_3 འགན་སྲུང་།

སྤྱི་ལོ2011ལོ་ནས2012ལོའི་བར་རྫོང་དེས་རིམ་རྩིས་བྱས་ན་བཟོ་ལས་ནང་འདྲེན་བྱས་ནས་མ་དངུལ་སྒོར་དུང་ཕྱུར166བཏང་བ་དང་། ཁྱིམ་མཚེས་རྫོང་གི་ས་གནས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས14.6%འཕར། སྤྱི་ལོ2012ལོའི་ལོ་སྟོད་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་ཞིང་པ་མི་རེའི་ཆ་སྙོམས་དངུལ་སྨན་ཡོང་འབབ་སོ་སོར་སྒོར16449དང་སྒོར6199ཟིན་པ་དེ་དུས་མཚུངས་ལས16.5%དང17.3%འཕར།

5 གཟི་བརྗིད་མཚན་སྙན།

ཀྲུང་གོའི་ལྟེ་བའི་ཚ་ལུ་མའི་ཕ་ཡུལ། 

རྒྱལ་ཡོངས་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པའི་རྫོང་།

རྒྱལ་ཡོངས་རིག་གནས་སྔོན་ཐོན་རྫོང་། 

རྒྱལ་ཡོངས་ཚན་རྩལ་ཡར་ཐོན་སྔོན་ཐོན་རྫོང་།

རྒྱལ་ཡོངས་མང་ཚོགས་ལུས་རྩལ་སྔོན་ཐོན་རྫོང་། 

རྒྱལ་ཁབ་རིམ་པའི་གྲོང་གསེབ་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོའི་དཔེ་སྟོན་རྫོང་།

རྒྱལ་ཡོངས་ཀྱི་སྡེ་ཁུལ་སློབ་གསོ་ཚོད་ལྟ་ཁུལ།

ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང་།

སྤྱི་ལོ2019ལོའི་ཀྲུང་གོའི་ནུབ་རྒྱུད་ཀྱི་ཕུལ་བྱུང་རྫོང་བརྒྱའི་གྲས་སུ་ཚུད།

དཔྱད་གཞིའི་ཡིག་ཆ།