ཞང་ཀྲོའུ་ཆུས།(ཀོང་ཏུང)སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-06-23 14:33ལ་འགྲུབ།

ཞང་ཀྲོའུ་ཆུས།(ཀོང་ཏུང)

ཞང་ཀྲོའུ་ཆུས།(ཀོང་ཏུང)
ཞང་ཀྲོའུ་ཆུས་ནི་ཀོང་ཏུང་ཞིང་ཆེན་གྱི་ཀྲུའུ་ཧའེ་གྲོང་ཁྱེར་ལ་གཏོགས། དེ་ནི་ནན་ཧའེ་ཡི་འགྲམ་ངོགས་དང་ཀྲུའུ་ཅང་གཙང་པོའི་ནུབ་ངོགས་སུ་གནས་ཡོད། ཤར་ནས་ཞང་ཀང་དང་འབྲེལ་ཞིང་། ལྷོ་རུ་ཨའོ་མོན་དང་འབྲེལ་ཡོད། དཔལ་འབྱོར་དར་རྒྱས་ཆེ་བའི་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་གི་དབུས་སུ་ཆགས་ཡོད། ཀྲུའུ་ཧའེ་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། འགྲིམ་འགྲུལ། དངུལ་རྩའི་ལྟེ་གནས་བཅས་ཀྱང་ཡིན། སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ555.29ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
香洲区
ཕྱི་རྒྱལ་གྱི་མིང་།
Xiangzhou District
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་གྱི་ཐད་སྐྱོང་ཆུས།
ཁོངས་གཏོགས་ཁུལ།
ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང8དང་གྲོང་རྡལ6
སྲིད་གཞུང་གནས་ཡུལ།
མའེ་ཧྭ་ཁྲོམ་གཞུང་།
ས་ཁོངས་ཁ་པར་ཨང་རྟགས།
0756
སྦྲག་སྲིད་ཨང་རྟགས།
519000
གནས་ཡུལ།
ཀྲུའུ་ཧེའེ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ555.29
མི་གྲངས།
མི་ཁྲི93.78(སྤྱི་ལོ2018ལོའི་རྒྱུན་སྡོད་མི་གྲངས)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཀྲུའུ་ཧའེ་ཅུའུ་ཀྲོའུ་གནམ་ཐང།
མེ་འཁོར་འབབ་ཚུགས།
ཀྲུའུ་ཧའེ་ས་ཚུགས། ཀྲུའུ་ཧའེ་བྱང་ཚུགས།
རླངས་འཁོར་ཚབ་ཨང་།
ཡུའེ(粤)C
སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས་ཚབ་ཨང་།
440402
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར1324.33(སྤྱི་ལོ2018ལོར)
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1957ལོའི་ཟླ1པོར། ཞང་ཀྲོའུ་ས་ཁོངས་སུ་ཀྲུའུ་ཧའེ་རྫོང་གིས་ས་ཁོངས་ལེགས་སྒྲིག་བྱས་རྗེས། ཤང14དང་། གྲོང་རྡལ3 ར་བ3བཅས་ཡོད།    

སྤྱི་ལོ1961ལོའི་ཟླ8པར། ཀྲུའུ་ཧའེ་རྫོང་གིས་ཞང་ཀྲོའུ་ས་ཁོངས་སུ་ས་ཁོངས་ལེགས་སྒྲིག་བྱས་པ་དང་ཁྱོན་ཆུས6དང་། ཀུང་ཧྲེ13 ར་བ3བཅས་བཙུགས་ཡོད།

སྤྱི་ལོ1979ལོའི་ཟླ3པའི་ཚེས5ཉིན། ས་ཁོངས་ནང་གི་ཀྲུའུ་ཧའེ་རྫོང་དེ་ཀྲུའུ་ཧའེ་གྲོང་ཁྱེར་དུ་བསྒྱུར་བ་དང་། ཀྲུའུ་ཧའེ་རྫོང་གི་སྲིད་འཛིན་ས་ཁོངས་ནི་ཀྲུའུ་ཧའེ་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན། དེ་དང་ཆབས་ཅིག་ཞང་ཀྲོའུ་ས་ཁོངས་སུ་ཞང་ཀྲོའུ་ཆུས་དང་ཀོང་པེ་ཆུས་བཙུགས་པ་ཚང་མ་གྲོང་ཁྱེར་སྲིད་གཞུང་གི་མངགས་གཏོང་སྒྲིག་གཞི་ཡིན་པ་རེད།

སྤྱི་ལོ1984ལོའི་ཟླ6པའི་ཚེས15ཉིན། ཀྲུའུ་ཧའེ་གྲོང་ཁྱེར་ཞང་ཀྲོའུ་ཆུས་བཙུགས་པ་དང་། རྫོང་རིམ་པའི་སྲིད་འཛིན་ས་ཁུལ་ཡིན།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོའི་བར། ཞང་ཀྲོའུ་ཆུས་ཀྱི་མངའ་ཁོངས་སུ་ཁྲོམ་གཞུང8དང་གྲོང་རྡལ6 སྡེ་ཁུལ145 སྲིད་འཛིན་གྲོང་ཚོ7བཅས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཞང་ཀྲོའུ་ཆུས་ནི་ནན་ཧའེ་ཡི་འགྲམ་ངོགས་དང་ཀྲུའུ་ཅང་གཙང་པོའི་ནུབ་ངོགས་སུ་གནས་ཡོད། ཤར་ནས་ཞང་ཀང་དང་འབྲེལ་ཞིང་། ལྷོ་རུ་ཨའོ་མོན་དང་འབྲེལ་ཡོད། དཔལ་འབྱོར་དར་རྒྱས་ཆེ་བའི་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་གི་དབུས་སུ་ཆགས་ཡོད། བྱང་གི་འཕྲེད་ཐིག21º48'ནས22º27'བར་དང་། ཤར་གྱི་གཞུང་ཐིག113º3'ནས114º18'བར་ཆགས་ཡོད། སྲིད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ555.29ཡོད།

3_2 ནམ་ཟླ།

ཞང་ཀྲོའུ་ནི་འཕྲེད་ཐིག་དམའ་བའི་ཚ་ཁུལ་ཕལ་བའི་དུས་རླུང་ཁུལ་དུ་གཏོགས་པ་དང་། ཉི་འོད་ཕོག་ཚད་འདང་ངེས་ཡིན། ཆར་ཆུ་འབེལ་བ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད22.4℃ཡིན།

4 མི་གྲངས།

2018ལོའི་ལོ་མཇུག་བར་ཤང་ཀྲོའུ་ཆུས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི93.78ཡོད་པ་དང་། ལོ་གོང་མ་ལས་མི་ཁྲི5.72ཀྱིས་མང་དུ་ཕྱིན་ནས6.5%འཕར་ཡོད། ཆུས་ཡོངས་ཀྱི་ཐེམ་ཐོའི་མི་གྲངས་ཁྲི64.71ཡོད་པ་དང་ལོ་གོང་ལས6.3%འཕར་ཡོད།

5 དཔལ་འབྱོར།

སྤྱི་ལོ2018ལོར་ཞང་ཀྲོའུ་ཆུས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1324.33ཡོད་པ་དེ་དུས་མཚུངས་ལས7.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར0.78ཡོད་པ་དང་ལོ་གོང་མ་ལས1.3%ཆག་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར544.59ཡོད་ལ་ལོ་གོང་མ་ལས12.1%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར778.96ཡིན་པ་དང་ལོ་གོང་མ་ལས3.2%འཕར། ཐོན་ལས་གསུམ་གྱི་བསྡུར་ཚད་ནི0.1:41.1:58.8ཡིན། སྤྱི་ལོ2018ལོར་ཞང་ཀྲོའུ་ཆུས་ཀྱི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི14.57ཡིན་པ་རེད།།

6 སྤྱི་ཚོགས་ཀྱི་ལས་དོན།     
6_1 སློབ་གསོའི་བྱ་གཞག     

སྤྱི་ལོ2018ལོའི་ལོ་མཇུག་བར་ཞང་ཀྲོའུ་ཆུས་སུ་ཁྱོན་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ80ཡོད་པ་རེད། དེའི་ནང་གཞུང་བཙུགས་སློབ་གྲྭ58ཡོད་པའི་ནང་སློབ་ཆུང42དང་དམའ་རིམ་སློབ་འབྲིང16ཡོད། དམངས་བཙུགས་སློབ་གྲྭ22ནང་སློབ་ཆུང14དང་། ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ7 ལོ་བཅུ་གཉིས་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ1བཅས་ཡོད། དགེ་རྒན་དང་ལས་བཟོ་པའི་མི་གྲངས11576ཡོད། དེའི་ནང་གཞུང་བཙུགས་སློབ་གྲྭའི་དགེ་རྒན5819དང་དམངས་བཙུགས་སློབ་གྲྭའི་དགེ་རྒན5757ཡོད། སློབ་མ127769ཡོད་པའི་ནང་གཞུང་བཙུགས་སློབ་གྲྭའི་སློབ་མ87023དང་དམངས་གཉེར་སློབ་གྲྭའི་སློབ་མ40746ཡོད།     

6_2 རིག་གནས་ལས་དོན།     

སྤྱི་ལོ2018ལོའི་ལོ་མཇུག་བར་དུ། ཞང་ཀྲོའུ་ཆུས་སུ་དཔེ་མཛོད་ཁང1དང་། རིག་གནས་ཁང1 གྲོང་རྡལ(ཁྲོམ་གཞུང)9ལ་ཕྱོགས་བསྡུས་རིག་གནས་ས་ཚིགས་བཙུགས་ཡོད། དེའི་ནང་ཞིང་ཆེན་རིམ་པའི5དང་ཞིང་ཆེན་རིམ་པ་དང་པོའི2ཡོད། ཞིང་ཆེན་རིམ་པ་གཉིས་པའི1དང་ཞིང་ཆེན་རིམ་པ་གསུམ་པའི1ཡོད། སྡེ་ཁུལ126རིག་གནས་ལྟེ་གནས་དང་ན་སོ་དར་ལ་མ་བབས་པའི་མིའི་བྱེད་སྒོ་སྤེལ་ཡུལ་ཆེད་མངགས་མཁོ་འདོན་བྱས་ཡོད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ལྗང་མདོག་འཕེལ་རྒྱས་སྟོབས་ཆེན་བརྒྱའི་ཆུས་སུ་བདམས།

སྤྱི་ལོ2019ལོའི་ཟླ11པའི་ཚེས13ཉིན་སྤྱི་ལོ2019ལོའི་བཟོ་ལས་སྟོབས་ཆེན་བརྒྱའི་ཆུས་སུ་བདམས།

སྤྱི་ལོ2020ལོའི་ཟླ་དང་པོར་སྤྱི་ལོ2020ལོའི་ཀྲུང་གོའི་རྫོང་ཁོངས་ཀྱི་འཛད་སྤྱོད་སྟོབས་ཆེན་བརྒྱའི་ཨང་རིམ96ཡིན་པ་རེད། ཟླ5པར་སྤྱི་ལོ2020ལོའི་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་རྫོང་དང་གྲོང་ཁྱེར་དུ་བདམས།

སྤྱི་ལོ2020ལོར་ཀྲུང་གོའི་རྫོང་ཁོངས་ཀྱི་རིག་ལྡན་གྲོང་ཁྱེར་བརྒྱའི་ཨང་རིམ36པའི་ནང་ཚུད།

སྤྱི་ལོ2020ལོའི་ཟླ6པར་ཁག་གཉིས་པའི་ཀོང་ཏུང་ཞིང་ཆེན་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཆུས་སུ་བདམས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཀོང་ཏུང་ཞིང་ཆེན། ས་ཁོངས། ཆུས།