ཝུའུ་ཧྲིན་རྫོང་།སྔ་མའི་པར་གཞི་དེ ཡུན་དུང་སྐྱབས་རྒྱལ།  ནས 2020-06-29 10:31ལ་འགྲུབ།

ཝུའུ་ཧྲིན་རྫོང་།

ཝུའུ་ཧྲིན་རྫོང་།
ཝུའུ་ཧྲིན་རྫོང་ནི་སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར་ཁོངས་སུ་གཏོགས་ཤིང་སི་ཁྲོན་གཤོང་སའི་ཤར་རྒྱུད་དུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
武胜
མི་གྲངས།
ཁྲི84.8ཡོད།
དབྱིན་ཡིག་གི་མིང་།
Wusheng County
ཡུལ་སྐད།
སི་ཁྲོན་སྐད།
མིང་གཞན།
ཧུང་ཁྲིན།
ནམ་ཟླ
ཚ་ཁུལ་བརླན་གཤེར་རང་བཞིན་གྱི་དུས་རླུང་ནམ་ཟླ།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
མཛེས་ལྗོངས་གྲགས་ཅན།
པའེ་ཕིན་ཡུལ་ཚོ་སོགས་ཡོད།
ཁོངས་གཏོགས་ས་ཁུལ།
སི་ཁྲོན་ཞིང་ཆེན་ཀོང་ཨན་གྲོང་ཁྱེར།
གནམ་གྲུ་ཐང་།
ནན་ཁྲུང་ཀའོ་ཕིང་གནམ་གྲུ་ཐང་།
མངའ་ཁོངས།
ཡན་ཁའོ་སོགས་ཡོད།
མེ་འཁོར་འབབ་ཚུགས།
ཝུའུ་ཧྲིན་འབབ་ཚུགས།
ས་ཁོངས་ཁ་པར་ཨང་རྟགས།
0826
རླངས་འཁོར་ཚབ་ཨང་།
ཁྲོན(川)X
སྦྲག་སྲིད་ཨང་རྟགས།
638400
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
511622
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ966ཟིན།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ12པའི་ཚེས13ཉིན་ཝུའུ་ཧྲིན་རྫོང་ཞི་བས་བཅིངས་འགྲོལ་བཏང་།     

སྤྱི་ལོ1950ལོའི་ཟླ1པོའི་ཚེས12ཉིན་ཝུའུ་ཧྲིན་རྫོང་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1952ལོའི་ཟླ9པའི་ཚེས1ཉིན་སི་ཁྲོན་བྱང་རྒྱུད་སྲིད་འཛིན་ཀུང་ཧྲུའུ་ཆུས་སུ་ཕྱིར་འཐེན་བྱས་ཤིང་ཝུའུ་ཧྲིན་རྫོང་ནི་སི་ཁྲོན་ཞིང་ཆེན་ནན་ཁྲུང་ཀྲོན་ཆུས་ཁོངས་སུ་གཏོགས། 

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས། 

ཝུའུ་ཧྲིན་རྫོང་དུ་ལུང་ཉང་གྲོང་རྡལ། སན་ཞི་གྲོང་རྡལ། ཅིན་ཉིའུ་གྲོང་རྡལ། ཆིང་ཕིང་གྲོང་རྡལ། ལི་ཨན་གྲོང་རྡལ། ཧྭ་ཧྥེང་གྲོང་རྡལ། པའོ་ཅི་སའེ་གྲོང་རྡལ། ཝན་ལུང་གྲོང་རྡལ། ཝན་ཧྲན་གྲོང་རྡལ། རེ་མེན་གྲོང་རྡལ། སའེ་མ་གྲོང་རྡལ། ལེ་ཧྲན་གྲོང་རྡལ། ཅེ་ཙི་གྲོང་རྡལ། ཧྥེ་ལུང་གྲོང་རྡལ། ཧྲི་ཕན་གྲོང་རྡལ། མིང་ཀྲུང་གྲོང་རྡལ། ཀྲེན་ཅིན་ཡུལ་ཚོ་དང་མེང་ཧྲན་ཡུལ་ཚོ། ཧྲོང་ཞིན་ཡུལ་ཚོ་བཅས་འདུས།

3 ས་ཁམས་གནས་ཡུལ།

ཝུའུ་ཧྲིན་རྫོང་གི་ས་ཁམས་གནས་ཚད་ནི་བྱང་གི་འཕྲེད་ཐིག30°10′46″-60°32′36″བར་དང་ཤར་གྱི་གཞུང་ཐིག105°56′39″-106°26′50″བར་དུ་གནས། རྫོང་མཁར་གྱི་ས་ཁམས་གནས་ཚད་ནི་བྱང་གི་འཕྲེད་ཐིག30°18′དང་ཤར་གྱི་གཞུང་ཐིག106°13′བར་ཡིན། དེ་ནི་སི་ཁྲོན་ཞིང་ཆེན་ཤར་རྒྱུད་ཀྱི་ཅ་ལིན་གཙང་པོའི་དབུས་རྒྱུད་དུ་གནས་པ་དང་ཀོང་ཨན་ས་ཁུལ་གྱི་ལྷོ་ནུབ་རྒྱུད་དུ་གནས་ཡོད། 

4 མི་གྲངས་དང་མི་རིགས།   

སྤྱི་ལོ2013ལོར་སྤྱིའི་མི་འབོར་ཁྲི84.8ཟིན་ཡོད་ཅིང་གཙོ་བོ་རྒྱ་རིགས་འདུས་སྡོད་ཁུལ་ཡིན་པ་དང་། རྫོང་ཡོངས་སུ་ཧུའེ་རིགས་དང་བོད་རིགས། སོག་རིགས། ཡུ་གུར་རིགས་སོགས་གྲངས་ཉུང་མི་རིགས35ཡོད། 

5 དཔལ་འབྱོར།

སྤྱི་ལོ2014ལོར་རྫོང་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར173.3ཟིན་ནས་འཕར། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར7.4ཟིན་ནས20.5%འཕར་བ་དང་ཐེངས་གསུམ་ཐོན་ལས་གྲུབ་ཆ20.2:51.4:28.4ཡིན། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར125.8བཏང་ནས29.3%འཕར། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར57ཟིན་ནས13.4%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23856ཟིན་ནས10.1%འཕར་བ་དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར10032ཟིན་ནས12.7%འཕར་ཡོད། སྤྱི་ལོ2013ལོར་ཝུའུ་ཧྲིན་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར157.5ཟིན་པ་དེ་སྤྱི་ལོ2012ལོ་དང་བསྡུར་ན10.8%འཕར་བ་དང་། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཀྱི་ཡོང་སྒོ་སྒོར་དུང་ཕྱུར6.1ཡིན། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར97.3བཏང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར50.3ཟིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར21677ཟིན་པ་དང་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར8905ཐོབ།

6 སྤྱི་ཚོགས་ལས་དོན།
6_1 སློབ་གསོ།

སྤྱི་ལོ2012ལོའི་བར་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ1 སློབ་གྲྭ་ཆུང་བ71 སློབ་འབྲིང་དཀྱུས་མ49ཡོད། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ5 བུ་བཅོལ་ཁང67བཅས་ཡོད། ཆེད་བསྐོས་དགེ་རྒན5100ཡོད་པའི་ནང་སློབ་ཆུང་གི་དགེ་རྒན2225ཡོད། སློབ་འབྲིང་དཀྱུས་མའི་སློབ་མ2488དང་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭ168 བུ་བཅོལ་ཁང་གི་མི208དང་དགེ་རྒན་ཟབ་སྦྱོང་སློབ་གྲྭ11ཡོད། སློབ་གྲྭར་ཡོད་པའི་སློབ་མ131362ཡོད། དེའི་ནང་སློབ་ཆུང་གི་སློབ་གྲྭར་ཡོད་པའི་སློབ་མ57387ཡོད། སློབ་འབྲིང་དཀྱུས་མའི་སློབ་གྲྭར་ཡོད་པའི་སློབ་མ53224(དམའ་རིམ་སློབ་འབྲིང་གི་སློབ་མ38752)དང་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ6653ཡོད། བུ་བཅོལ་ཁང་གི་བྱིས་པའི་མི་གྲངས14098དང་བུ་བཅོལ་ཁང་གི་བྱིས་པའི་མི་གྲངས10983ཡོད། རྫོང་ཡོངས་ཀྱི་སློབ་གྲྭར་སློབ་གྲྭའི་ཁང་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི86ཡོད། དཔེ་དེབ་ཉར་ཚད་ཁྲི122ཟིན་པ་དང་སློབ་ཁྲིད་རྩིས་འཁོར5066ཡོད། སློབ་གྲྭའི་གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར3.41ཟིན།

6_2 འཕྲོད་བསྟེན།   

ཝུའུ་ཧྲིན་རྫོང་མི་དམངས་སྨན་ཁང་དང་ཝུའུ་ཧྲིན་རྫོང་ཀྲུང་ལུགས་སྨན་ཁང་། ཝུའུ་ཧྲིན་རྫོང་མ་བུ་འཕྲོད་བསྟེན་ཁང་། ཝུའུ་ཧྲིན་རྫོང་ཧྥེ་ལུང་ལྟེ་བའི་འཕྲོད་བསྟེན་ཁང་བཅས་ཡོད།     སྤྱི་ལོ2013ལོར་མ་དངུལ་སྒོར་དུང་ཕྱུར2བཏང་ནས་རྫོང་སྨན་ཁང་གི་སྨན་བཅོས་ལག་རྩལ་ཐོག་ཁང་དང་ཀྲུང་ལུགས་སྨན་ཁང་གི་སྨན་ཁང་དུ་སྡོད་པའི་ཐོག་ཁང་བསྐྲུན་ནས་ལེ་ཧྲན་སོགས་འཕྲོད་བསྟེན་ཁང15ཡི་བཙོག་ཆུ་གཙང་སེལ་ལས་གྲྭ་ལེགས་གྲུབ་བྱུང། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་དེ་བཞིན་གྲོང་ཚོའི་འཕྲོད་བསྟེན་ཁང32ལ་གཞི་རྩའི་སྨན་བཅོས་སྒྲིག་ཆས་བཀོད་སྒྲིག་བྱས། ལྟེ་བའི་འཕྲོད་བསྟེན་ཁང5ཚང་མར་མྱུར་སྐྱོབ་རླངས་འཁོར་སྒྲིག་ཆས་སྒྲིག་ནང་འདྲེན་བྱས་ཤིང་སྨན་དོན་མི་སྣ་མི་ཐེངས1500ལྷག་ཙམ་གསོ་སྦྱོང་བྱས་པ་དང་མི97ཡོངས་བསྒྲགས་སུ་རྒྱུགས་བླངས། ཆེད་ལས་ཤེས་ལྡན་མི་སྣ་དཀོན་རིགས14བདམས་ནས་གདན་འདྲེན་ཞུས་ཏེ་སྨན་བཅོས་ཚོགས་པ་ཅན་དང་། འཕྲོད་བསྟེན་བརྡ་འཕྲིན་ཅན། གྲོང་གསེབ་གཞི་གཅིག་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བྱས།

6_3 ཆོས་ལུགས།    

ཝུའུ་ཧྲིན་རྫོང་ནི་མི་རིགས་མང་པོ་འདུས་སྡོད་བྱེད་ས་ཡིན། ཅ་ལིན་ཅང་གཙང་པོའི་འབབ་རྒྱུད་ཀྱི་ཧུའེ་རིགས་འདུས་སྡོད་བྱེད་ས་ཡིན་ལ། རྒྱ་རིགས་གཙོ་བོ་ཡིན། ད་དུང་ཧུའེ་རིགས་དང་། པའེ་རིགས། མིའོ་རིགས། ཐུའུ་ཅ་རིགས། བོད་རིགས་སོགས་མི་རིགས20ལྷག་ཡོད། གྲངས་ཉུང་མི་རིགས་ཀྱི་ཁྲོད་དུ་ཧུའེ་རིགས་གཙོ་བོ་ཡིན་པ་དང་མི་རིགས་གཞན་དག་གི་མི་གྲངས་ཧ་ཅང་ཉུང་། རྫོང་ནང་ཁུལ་གྱི་མང་ཚོགས་ཀྱིས་སངས་རྒྱས་ཆོས་ལུགས་དང་ཏའོ་ཇོ་ཆོས་ལུགས། དབྱི་སི་ལམ་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་སོགས་ལ་དད་པ་བྱེད་བཞིན་ཡོད། 

7 གཟི་བརྗིད་མཚན་སྙན།

རྒྱལ་ཡོངས་ཀྱི་ཚོང་འབྲུ་ཐོན་སྐྱེད་རྫོང་ཆེ་གྲས།   

ཞིང་ཆེན་ཡོངས་ཀྱི་དེང་རབས་ཞིང་ལས་ཐོན་ལས་རྟེན་གཞི་རྫོང་།     

རྒྱལ་ཡོངས་བདེ་འཇགས་འཛུགས་སྐྲུན་སྔོན་ཐོན་རྫོང་།     

ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང་། 

ཞིང་ཆེན་རིམ་པའི་སྐྱེད་ཚལ་རྫོང་།

སི་ཁྲོན་ཞིང་ཆེན་གྱི་དཔལ་ཡོན་རྫོང་།    

ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་དཔེ་སྟོན་རྫོང་།    

ཞིང་ཆེན་ཡོངས་ཀྱི་ཞིང་བའི་ཡོང་འབབ་འཕར་སྣོན་བྱ་བའི་སྔོན་ཐོན་རྫོང་།     

རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་རྫོང་།

རྒྱལ་ཡོངས་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་རྫོང་།     

ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་རྫོང་།     

ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཚད་ལྡན་ཅན་གྱི་དཔེ་སྟོན་རྫོང་།     


དཔྱད་གཞིའི་ཡིག་ཆ།